མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་དང་། ཁོང་གིས་ཚན་རིག་གི་འཇིག་རྟེན་ལ་ཕུལ་བའི་ལེགས་སྐྱེས།

བོད་ཀྱི་དུས་བབ།
༢༠༡༧/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

འདུས་བྱུང་ཕུན་ཚོགས་ཚེ་རིང་།

ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་ཀྱི་སྐོར་ཐུང་ངུ་གནད་བསྡུས་ཤིག་གླེང་ན།     ཁོང་ནི་འཚོ་བྱེད་སྨན་པ་དང་མཁས་པ་གྲགས་ཅན་རྟའུ་བློ་བཟང་དཔལ་ལྡན་དང་ཆོས་ཉིད་ལྷ་མོ་གཉིས་ཀྱི་རིགས་ཀྱི་བུ་རུ་སྐྱེས་ཤིང་། ཁོང་ལ་གཅེན་མོ་གཅིག་དང་གཅུང་མོ་གཅིག་བཅས་གཅེན་གཅུང་གཉིས་ཡོད་པ་ལས། གཉིས་ཀ་འབུམ་རམས་པའམ་ཌོག་ཊར་གྱི་ཕྱག་འཁྱེར་ཡོད་པའི་ཕྱི་ལུགས་སྨན་པ་ཡིན།

རི་དགའ་ལགས་ནི་འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས་རྙིང་པ་བྷོན་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། ཆ་འདུལ་སྐྱེ་དངོས་རིག་པའི་སྡེ་ཚན་ནང་ཚན་རིག་པའི་ཕྱག་ལས་གནང་བཞིན་ཡོད། ཁོང་གིས་ཕྱག་ལས་གནང་བའི་བརྒྱུད་རིམ་ནང་དང་། ལྷག་པར་དུ་ཉེ་བའི་ཆར་སྐྱེས་ལྡན་ཕུང་ཕྲའི་ནང་གི་ཆ་ཤས་ཁག་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ། ཞིབ་འཇུག་གི་གྲུབ་དོན་ཧ་ཅང་ཆེན་པོ་ཐོབ་ཡོད་པར་བརྟེན། ད་ལྟའི་ཆར་ཚན་རིག་སྡེ་ཚན་ཁག་གིས་ཁོང་གི་གྲུབ་འབྲས་དེར་གདེང་འཇོག་ཚད་མཐོན་པོ་དང་། གཏིང་ཟབ་མོ་གནང་དང་གནང་མུས་སུ་མཆིས།

ནམ་ཞག་རྒྱུན་དུ་འཛམ་གླིང་གི་ཚན་རིག་པ་འབུམ་ཕྲག་མང་པོས། ཉིན་མཚན་དུས་དྲུག་ཏུ་དཀའ་ངལ་ལ་གདོང་ལེན་དང་གཏིང་ཟབ་ཅིང་ཕྱོགས་ཡོངས་སུ་ཚང་བའི་ཉམས་ཞིབ་དང་ཚོད་ལྟའི་ལམ་ནས་སྐུ་ལས་བསྐྱོན་ཏེ། ད་ཕན་གནད་དོན་མ་ཤེས་པ་རྣམས་ཤེས་པ་དང་། བྱེད་ལས་མ་རྟོགས་པ་རྣམས་རྟོག་པར་བྱ་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་ཡིན་པ་ནི་ང་ཚོ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།

ཚན་རིག་པ་ཚོས་གསར་རྙེད་དང་གསར་རྟོགས་བྱས་ཡོད་པའི་གྲུབ་དོན་རྣམས་ཚན་རིག་གི་ཆེད་རྩོམ་དུས་དེབ་གྲངས་ཀའི་དབང་དུ་བྱས་ན་( ༢༨༨ ) ཡོད་པའི་ནང་ནས་དུས་དེབ་སྐད་གྲགས་ཆེ་ཤོས་ཨང་དང་པོ་cell དང་། གཉིས་པ་nature,། གསུམ་པ་ science། བཅས་ནང་འདོན་ཐབས་བྱེད་བཞིན་ཡོད།

སྐད་གྲགས་ཧ་ཅང་ཆེ་བའི་ཚན་རིག་ཆེད་རྩོམ་གྱི་དུས་དེབ་དེ་ཚོའི་ནང་གང་ཟག་རང་ཉིད་ཀྱི་དཔྱད་རྩོམ་རྣམས་འདེམས་སྒྲུག་འོངས་བ་ནི་ལས་སླ་པོ་ཞིག་རྩ་བ་ནས་མིན། རྒྱུ་མཚན་ནི་ཞིབ་འཇུག་གི་ཆེད་རྩོམ་རྣམས་བདམས་ཐོན་མ་ཟིན་གོང་དུ་ཆེད་མཁས་མི་སྣ་ལས་གྲུབ་པའི་འདེམས་སྒྲུག་ལྷན་ཚོགས་ཤིག་བརྒྱུད་དགོས་པ་དང་། ལྷན་ཚོགས་དེ་ནི་ཚན་རིག་ལ་མཁས་པའི་སློབ་དཔོན་བཞིའམ་ལྔ་ལས་གྲུབ་པ་ཞིག་ཡིན་ཞིང་། ཁོང་རྣམ་པའི་ཐག་གཅོད་དང་། ལམ་སྟོན་འོག་ཆེད་རྩོམ་རྣམས་འགོད་མིན་གཏན་འཁེལ་བཟོ་བྱེད་དགོས་པ་ཡིན།

གལ་ཏེ་གྲགས་ཅན་དུས་དེབ་འདི་གསུམ་པོ་གང་རུང་ཞིག་ཏུ། རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྣམས་ཐོན་པ་བྱུང་ན། རང་ཉིད་ལ་ཚན་རིག་པའི་སྡེ་ཚན་ནས་གདེང་འཇོག་ཚད་མཐོན་པོ་ཐོབ་པ་ཙམ་མ་ཟད། ཡིག་ཆ་འདི་བཞིན་མ་འོངས་པར་ཞིབ་འཇུག་པ་དང་ཚན་པ་གཞན་གྱིས་གཞི་འཛིན་ས་དང་། ལུང་འདྲེན་སའི་ཡིག་ཆ་གལ་ཆེན་ཞིག་ཆགས་ཀྱི་ཡོད།

དེས་ན་ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་ཁོང་གིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཁག་ཞག་པོ་གཉིས་ཀྱི་སྔོན་དུ་ཚན་རིག་གི་ཆེད་རྩོམ་དུས་དེབ་སྙན་གྲགས་ཆེ་ཤོས་སེལ་ ( Cell ) ཞེས་པའི་ནང་ཐོན་ཡོད། གནས་ཚུལ་འདི་ནི་བོད་རིགས་ཤིག་གིས་ཚན་རིག་གི་འཇིག་རྟེན་ཁམས་ལ་སྔར་མེད་ཀྱི་ལེགས་སྐྱེས་གསར་པ་ཚད་མཐོ་པོ་ཕུལ་བ་ནི་ཧ་ལམ་ཐེངས་དང་པོ་ཆགས་ཡོད་པ་དང་། སྙན་གྲགས་ཆེ་བའི་དུས་དེབ་འདིའི་ནང་འདོན་མཁན་གྱི་བོད་རིགས་ཐོག་མ་དེའང་ཆགས་ངེས་པར་སེམས།

ཁོང་གིས་ཞིབ་འཇུག་བྱས་པའི་དཔྱད་འབྲས་སྐོར་ལ་སྙིང་བསྡུས་ཤིག་ཞུ་ན། ཕྲ་ཕུང་ནང་གི་སྤྲི་དཀར་རྒྱུ་ Chip ཞེས་པ་ཞིག་གིས་ molecular chaperones ཞེས་པའི་རྫས་བརྒྱུད་སྐྱེ་ལྡན་ཐམས་ཅད་ Insulin དང་འབྲེལ་བ་ཡོད་པ་དང་།     དེའི་བརྒྱུད་རིམ་ཁྲོད་སྐྱེ་ལྡན་རྣམས་ཀྱི་ཚེ་ཚད་རིང་ཐུང་ལ་ཐེ་བྱུས་ཡོད་པ་དང་། ལུས་མི་བརྒས་བའི་གཉེན་པོའི་ནུས་པ་ཡོད་པ་ཡང་རྙེད་སོན་བྱུང་ཡོད། གནས་ཚུལ་འདི་དེ་སྔ་སུས་ཀྱང་ཤེས་རྟོགས་རྩ་བ་ནས་བྱུང་མེད་པ་ཞིག་ཡིན་ལ། མ་འོངས་པར་ཚེ་ཚད་རིང་ཐུང་གང་འདྲ་ཞིག་གི་ཐོག་ལ་ཤེས་རྟོགས་བྱུང་བའི་གནད་དོན་དེས་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་ཡང་ད་ལྟའི་ཆ་ལ་ཚོད་དཔག་བྱེད་དཀའ་བ་ཞིག་ཡིན་པར་བསམ།

གང་ཡིན་རུང་ངས་རང་བྱུང་ཚན་རིག་གི་འབུམ་རམས་པའམ་རྟའུ་རི་དགའ་ལགས་ལ་ཁོང་གིས་ལོ་མང་རིང་འབད་འབུངས་གནང་གིས་ཞིབ་འཇུག་གནང་སྟེ། དེ་ལྟ་བུའི་གྲུབ་འབྲས་ཚད་མཐོ་བོ་ཞིག་བླངས་པ་དུས་དེབ་གྲགས་ཆེན་དེའི་ནང་འདེམས་སྒྲུག་བྱུང་བ་དེར། བརྒྱུད་ལམ་འདི་ལ་བརྟེན་ནས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཁོང་གི་མ་འོངས་པའི་ཚན་རིག་གི་ལམ་བུའི་ཐོག་ད་དུང་ཡང་འབྲས་བུ་གཡུར་དུ་ཟ་བ་ལེན་ཐུབ་པའི་སྨོན་འདུན་ཞུ་བ་དང་། ཡིད་སྨོན་རབ་ཏུ་ཆེ་བའི་ངང་བྲིས།།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

མཆན། 2

  1. ཉི་རྒྱན། says:
    ལོ་ 9 སྔོན།

    ལོ་གཞོན་བློ་རིག་ལྡན་པ་ཁོ་རང་ལ་གུས་བརྩི་དང་ཡི་རང་ཞུ།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    ལོ་གཞོན་བློ་རིག་ལྡན་པ་ཁོ་རང་ལ་གུས་བརྩི་དང་ཡིད་རངས་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese