མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་རིགས་དམན་པ་ཞིག་ལ་སྐབས་ ༡༤ པའི་སྲིད་འཛིན་རྒྱལ་ཁ་ཐོབ།

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་འཛིན་འོས་འདེམས་ཁྲོད་བྷེ་ཇེ་ཕེ་ཆབ་སྲིད་ཚོགས་པའི་སྐུ་ཞབས་ཀོ་ཝེན་ཌ་ལགས་སུ་རྒྱ་གར་གྱི་སྲིད་འཛིན་ ༡༤ པའི་སྲིད་འཛིན་རྒྱལ་ཁ་ཐོབ་ཡོད་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་རྒྱ་གར་གྱི་གྲོས་ཚོགས་ནང་སྲིད་འཛིན་འོས་འདེམས་བྱས་པའི་ཁྲོད། རྒྱ་གར་གཞུང་འཛིན་བྷེ་ཇེ་ཕེ་ (BJP) ཆབ་སྲིད་ཚོགས་པའི་འོས་མི་སྐུ་ཞབས་ཀོ་ཝེན་ཌ་ (Ram Nath Kovind) ལགས་དང་། ཀོང་རེ་སི་ (Congress) ཆབ་སྲིད་ཚོགས་པའི་འོས་མི་ལྕམ་མཱེ་ར་ཁུ་མར་ (Meira Kumar)ལགས་གཉིས་འགྲན་བསྡུར་བྱས་ཏེ། ཁ་སང་ཕྱི་ཚེས་ ༢༠ ཉིན་སྐུ་ཞབས་ཀོ་ཝེན་ཌ་ལགས་ལ་འོས་གྲངས་ ༢༩༣༠ དང་ལྕམ་མཱེ་ར་ཁུ་མར་ལགས་ལ་འོས་གྲངས་ ༡༨༤༤ བཅས་ཐོབ་སྟེ། སྐུ་ཞབས་ཀོ་ཝེན་ཌ་ལགས་རྒྱ་གར་ལོ་རྒྱུས་ཐོག་གི་རིགས་རུས་དམན་པའི་སྲིད་འཛིན་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

སྐུ་ཞབས་ཀོ་ཝེན་ཌ་ལགས་ད་ལྟ་རང་ལོ་ ༧༡ ཡིན་པ་དང་། ༢༠༡༥ ནས་ ༢༠༡༧ ལོའི་བར་རྒྱ་གར་ཤར་རྒྱུད་བྷེ་ཧར་ (Bihar) མངའ་སྡེའི་སྤྱི་ཁྱབ་གནང་ཡོད་པ་དང་། ཁོང་རྒྱ་གར་བྱང་རྒྱུད་ཀྱི་ཨོ་ཊར་ (Uttar) མངའ་སྡེའི་ཀན་པུར་ཌི་ཧ་ཊི་ (Kanpur Dehat) རྫོང་གི་པཱ་ར་ཨག་ཞེས་པའི་གྲོང་གསེབ་ནས་ཡིན་འདུག ཁོང་ནི་རྒྱ་གར་གྱི་ཌ་ལེ་ཊ་ (Dalit) ཞེས་པའི་རིགས་རུས་དམན་པར་རྩི་བའི་སྐྱེས་ཁོངས་སུ་གཏོགས་ཤིང་། ཐེངས་འདིའི་སྲིད་འཛིན་འོས་འདེམས་ཁྲོད་རྒྱ་གར་སྲིད་བློན་མཱོ་ཌེ་མཆོག་དང་། རྒྱ་གར་གྱི་རིགས་རུས་དམན་པའི་མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཁོང་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན་འདུག

ཁོང་ནི་ ༡༩༩༧ ནས་ ༢༠༠༢ ལོའི་བར་གྱི་རྒྱ་གར་སྲིད་འཛིན་ན་ར་ཡ་ནན་ (Narayanan) རྗེས་ཀྱི་རྒྱ་གར་གྱི་རིགས་རུས་དམན་པའི་སྲིད་འཛིན་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། རྒྱ་གར་ཀྱི་ཌ་ལེ་ཊ་མི་མང་ནི་རིགས་དམན་པར་བརྩིས་ཏེ། ཐ་ན་ཁོང་ཚོར་ལག་པའང་འཆིང་མི་རུང་བའི་སྲོལ་རྒྱུན་གྱི་ལྟ་བ་ད་དུང་རྒྱུན་འཛིན་བྱེད་བཞིན་ཡོད་འདུག

རྒྱ་གར་གྱི་ཆབ་སྲིད་དབྱེ་ཞིབ་པ་ཚོས། སྐུ་ཞབས་ཀོ་ཝེན་ཌ་ལགས་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་དེས། ད་ལྟའི་རྒྱ་གར་གྱི་སྲིད་བློན་ལས་ཐོག་སྐུ་ཞབས་མཱོ་ཌེ་ཡི་སྲིད་དབང་ཐད་ལ་ནུས་པ་ཆེན་པོ་འཐོན་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག

རྒྱལ་ས་ལྡི་ལིར་སྡོད་པའི་རང་དབང་སྲིད་དོན་པ་སྐུ་ཞབས་མཱེ་སཱ་ར་ (Satish Misra) ཡིས། “ སྲིད་འཛིན་ལས་ཁུངས་ཀྱི་དཔོན་རིགས་གཞན་པ་ཚོས་སྲིད་བློན་མཱེ་ཌེ་ལ་སྲིད་དོན་ཐད་ནས་དོགས་འདྲི་མང་པོ་བྱེད་ཀྱི་ཡོད་སྟབས། མཱོ་ཌེ་ནི་སྲིད་འཛིན་ལས་ཁུངས་ཀྱི་དཔོན་རིགས་ཚོར་དགའ་བོ་ཡོད་པ་མ་རེད། དེར་བརྟེན། སྲོད་བློན་མཱོ་ཌེ་ཡིས་ཀོ་ཝེན་ཌ་ལགས་སྲིད་འཛིན་འོས་མིར་བདམས་པ་རེད” ཅེས་དང་། “ད་ལྟའི་བར་རིགས་དམན་པ་ཌ་ལེ་ཊ་མི་མང་གིས། གཞུང་འཛིན་བྷེ་ཇེ་ཕེ་ཆབ་སྲིད་ཚོགས་པའི་འོས་མིར་རྒྱབ་སྐྱོར་བྱས་མྱོང་མེད་པ་དང་། རྒྱ་གར་གྱི་སྲིད་འཛིན་འོས་བསྡུའི་མི་འབོར་ཁྲོད། རིགས་དམན་ཌ་ལེ་ཊ་མི་མང་བརྒྱ་ཆ་ ༢༠ ཙམ་མ་གཏོགས་ཟིན་ཡོད་པ་མ་རེད” ཅེས་ཟེར།

རྒྱ་གར་གྱི་སྲིད་འཛིན་དེ་ཨ་རི་དང་ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་མི་འདྲ་བར། རྒྱ་གར་སྲིད་འཛིན་ལ་སྲིད་དོན་ཐག་གཅོད་ཀྱི་དབང་ཆ་མེད། ཆབ་སྲིད་གནད་དོན་དང་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་རིགས་སྲིད་བློན་གཙོས་པའི་བློན་ཆེན་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་བཞིན་ཡོད། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སྐུ་ཞབས་ཀོ་ཝེན་ཌ་ཡིས་སྲིད་འཛིན་དམ་འབུལ་ཞུ་རྒྱུ་ཡིན་འདུག

ཁ་སང་བོད་མིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱ་གར་བྷེ་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ཀོ་ཝེན་ཌ་ (Ram Nath Kovind) ལགས་ལ་སྐབས་ ༡༤ བའི་རྒྱ་གར་སྲིད་འཛིན་འོས་བསྡུའི་རྒྱལ་ཁབ་ཐོབ་པར་མར་ཡུལ་ལ་དྭགས་ནས་མཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

མཚམས་འདྲིའི་གསུང་འཕྲིན་ནང་། “འདི་ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༨ འཁོར་བཞིན་ཡོད། རྒྱ་གར་ནང་དུ་བོད་མི་བཙན་བྱོལ་བ་ ༡༣༠༠༠༠ མུ་མཐུད་གནས་བཞིན་པ་རྣམས་ལ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པ་དེར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅང་ཞུ་རྒྱུ་ཡིན། ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་ཡང་ཡང་བརྗོད་བཞིན་ཡོད། གང་ཡིན་བརྗོད་ན་ལོ་རྒྱུས་སུ་གྲགས་ཆེ་བའི་དཔལ་དཔལ་ནཱ་ལེན་ཊའི་གཙུག་ལག་སློབ་གཉེར་ཁང་གི་མཁས་པ་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལྟ་བུས་མཛད་པའི་ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱས་པ་དེས་ངོས་ཀྱི་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད། ངོས་ཀྱི་ལུས་པོར་མཚོན་ནའང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རྒྱ་གར་གྱི་འབྲས་དང་སྲན་མ། བག་ལེབ་བཅས་ལ་བརྟེན་ནས་འཚོ་བ་ཞིག་ཡིན། དེར་བརྟེན་ཡུལ་འཁོར་ཆེན་པོ་འདི་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཙམ་མ་ཟད། དུས་རྟག་ཏུ་རྒྱ་གར་གྱི་བདེ་དོན་ཐོག་སེམས་ཁུར་སྐྱེ་བཞིན་འདུག” “དེང་སྐབས་འཛམ་གླིང་ནང་ཉིན་རེ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་ཧ་ཅང་བརྟེན་ནས་འཚོ་སྡོད་བྱེད་དགོས་པའི་དུས་སྐབས་འདིར། རྒྱ་གར་གྱིས་སྲོལ་རྒྱུན་གཅེས་ནོར་དེ་དག་རྒྱུན་འཛིན་ཐུབ་པའི་ཐོག་ནས་གླིང་ཆེན་ཡོངས་ཀྱི་སྣེ་ཁྲིད་དེ་ཀུན་ལ་ཕན་པའི་རླབས་ཆེན་གྱི་བྱས་རྗེས་འཇོག་ཐུབ་པའི་རེ་བ་ཞུ་བཞིན་ཡོད།” ཅེས་འཁོད་འདུག

གསུང་འཕྲིན་གྱི་མཇུག་ཏུ། “སྐུ་ཉིད་མཆོག་གིས་ད་བར་སྲི་ཞུའི་ལས་ཡུན་རིང་མི་མང་གི་བདེ་སྡུག་སྤྱི་དང་ལྷག་པར་མགོན་མེད་ཉམ་ཐག་རྣམས་ཀྱི་སླད་ཞབས་འདེགས་རྒྱ་ཆེ་བསྒྲུབས་ཡོད། སྤྱིར་རྒྱ་གར་ནང་ཡར་རྒྱས་ཧ་ཅང་ཕྱིན་ཡོད། ད་དུང་ཟས་བཅུད་དང་ཤེས་ཡོན། བྱིས་པ་སྲུང་སྐྱོབ། དེ་བཞིན་དབུལ་ཕྱུག་བར་ཁྱད་ཉུང་དུ་གཏོང་རྒྱུ། ལྐོག་ཟ་རུལ་སུངས་བཅས་ལ་གདོང་ལེན་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།   གནད་དོན་དེ་དག་ཐོག་ངོས་ཀྱི་དེ་སྔ་ཡང་རྒྱ་གར་དབུ་ཁྲིད་ཚོ་དང་ལྷན་གླེང་སློང་བྱས་མྱོང་ཡོད།   གང་ཡིན་བརྗོད་ན་སྤྱི་པའི་བདེ་སྡུག་ལ་བསམ་བློ་བཏང་ནས་གནད་དོན་དེ་དག་འཛེམ་ཟོན་མེད་པར་ཐད་ཀར་གདོང་དང་གདོང་གཏུག་ནས་གདོང་ལེན་བྱ་དགོས་པ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གར་ཡར་རྒྱས་འགྲོ་ཐུབ་རྒྱུར་ཡང་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། རྒྱ་གར་ལ་འཛམ་གླིང་སྣེ་ཁྲིད་ཐུབ་པའི་ནུས་པ་ཡོད་ལ་འོས་ཤིང་འཚམས་པ་ཞིག་ཀྱང་ཡིན། དེར་བརྟེན་སྐུ་ཉིད་མཆོག་གིས་ནུས་པ་དེ་དག་གཅིག་ཏུ་སྒྲིལ་ཐབས་ཆེད་འབད་བརྩོན་གང་ཡོང་གནང་རྒྱུ་ཡིན་པ་གདོན་མི་ཟ” ཞེས་གསུངས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ་བསྡུ་སྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    མང་གཙོའི་ལམ་ལུགས་ནང་སྲིད་འཛིན་ལམ་ལུགས་
    (Presidential system) དང་གྲོས་ཚོགས་ལམ་ལུགས་
    (Parlaiment systen) བཅས་ལམ་ལུགས་གཉིས་ཡོད་པ་ནས་རྒྱ་གར་ནི་གྲོས་ཚོགས་ལམ་ལུགས་ཡིན་པ་དང་རྒྱ་གར་གྱི་སྲིད་འཛིན་དེ་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་མངའ་སྡེ་གྲོས་ཚོགས་ཀྱི་འཐུས་མིའི་སྲིད་འཛིན་འོས་འདེམས་བྱེད་བཞིན་པ་ནས་སྲིད་འཛིན་དེ་མི་མང་གི་འཐུས་མི་བརྒྱུད་ནས་འདམས་པ་ཡིན་ཙང་དབང་ཆ་ཆེན་པོ་མེད་པ་དང་ཨ་རི་ལྟབུ་སྲིད་འཛིན་ལམ་ལུགས་ནང་སྲིད་འཛིན་དེ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་བཞིན་པ་ནས་སྲིད་འཛིན་ལ་དམིགས་བསལ་དབང་ཆ་ཁྲིམས་ལུགས་ནང་གཏན་འབེབས་ཡོད་པ་ནས་ veto power གཏོང་ཆོག་པ་བཅས་མང་གཙོ་ (Democracy)
    གི་ལམ་ལུགས་དེ་འདྲ་ཡིན་པ་དང་དམངས་གཙོ་( Proletarain) གི་ལམ་ལུགསནི་གྲལ་རིམ་གཅིག་བསྡུད་
    འོག་ཏུ་མི་མང་འཚོ་དགོས་པ་རྒྱ་ནག་ལ་བལྟས་ན་ཤེས་ཐུབ་པ་མ་རེད་དམ་།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    རྒྱ་གར་གྱི་སྲིད་འཛིན་མཆོག་ལ་ཨ་རི་དང་ཧྥ་རན་སི་སྲིད་འཛིན་ནང་བཞིན་དབང་ཆ་མེད་པའི་རྒྱུ་མཚན་ནི་སྲིད་འཛིན་ལམ་ལུགས་ཀྱི་དམངས་གཙོ་དང་གྲོས་ཚོགས་ལམ་ལུགས་ཀྱི་དམངས་གཙོ་གཉིས་ཀྱི་ཁྱད་པར་རེད། ཡུ་རོབ་ནང་སྲིད་འཛིན་ལམ་ལུགས་ཀྱི་དམངས་གཙོ་རྒྱལ་ཁབ་ཧྥ་རན་སི་གཙོས་རྒྱལ་ཁབ་ཁག་གསུམ་བཞི་མ་གཏོགས་དེ་མིན་གྲོས་ཚོགས་ལམ་ལུགས་ཀྱི་དམངས་གཙོ་ཆགས་ཡོད། དབྱིན་ཡུལ་གྱི་རྒྱལ་མོ་དང་རྒྱ་གར་གྱི
    སྲིད་འཛིན་རྣམ་གཉིས་ཀྱི་གོ་གནས་ངོ་བོ་གཅིག་མཚུངས་རེད། ཨ་རིའི་སྲིད་འཛིན་དང་ཧྥ་རན་སིའི་སྲིད་འཛིན་གཉིས་ཀྱི་འདེམས་སྟངས་ཡང་ཁ་ཁ་རེད།

    Reply
  3. སྲས་སྐུ་ངོ་། says:
    ལོ་ 9 སྔོན།

    རྒྱ་གར་གྱི་གྲོས་ཚོགས་འོག་མ་སྲིད་དོན་ཚོགས་སུས་བཟུང་ཡོད་ན་སྲིད་དོན་ཚོགས་པ་དེའི་ཚོགས་མི་སྲིད་འཛིན་ལ་འདེམས་ཐོན་བྱུང་གི་ཡོད་། ད་ཐེངས་རྒྱ་གར་གྱི་སྲིད་འཛིན་འདེམས་བསྐོ་སྐབས་བྷེ་ཇེ་པེ་སྲིད་དོན་ཚོགས་པའི་ཚོགས་མི་རྙིང་ཤོས་ཨད་ཌི་བཱ་ནེ་(L.K Advani ) ལགས་སྲིད་འཛིན་ལ་འདེམས་བསྐོ་དགོས་པ་ཞིག་ཆགས་དགོས་ཀྱི་ཡོད།ཕལ་ཆེར་ཁོང་ནི་་དགུང་ལོ་༼༨༩ ༽ཆེས་དྲགས་པས་དབང་གིས་ཡིན་རྒྱུ་རེད།

    རྒྱ་གར་སྲིད་འཛིན་མཆོག་ལ་མིང་ཙམ་་མ་གཏོགས་དབང་ཆ་གང་ཡང་མེད་། གོ་གནས་དེ་སུས་བཟུང་ན་ཁྱད་པར་གང་ཡང་མེད་པར་བསམས།

    Reply
  4. ཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༄༅། འགྲོ་མ་མིའི་རིགས་ཚང་མ་གཅིག་པ་རེད་མ་གཏོགས་དབྱེ་བ་གཏན་ནས་མེད།
    རིགས་རུས་མི་གཙོ་། སྒྲུབ་པ་གཙོ་བོ་ཡིན་ཞེས་སངས་རྒྱས་ཀྱིས་གསུངས་པའི་རྒྱུ་མཚན་གང་ཡིན་།
    དེ་བཞིན་ཉིན་ཤས་སྔོན་དུ་༧གོང་སྐྱབས་མོགན་ཆེན་པོ་མཆོག་ནས་ཀྱང་རིགས་རུས་དབྱེ་འབྱེད་མི་
    རུང་བའི་སྐོར་བཀའ་སློབ་གང་འདྲ་གནང་སོང་། ཤེས་པར་གྱིས་ལ་།
    ད་ལྟ་དུས་རབས་ཉེར་གཅིག་པ་རེད།

    Reply
  5. འབྲོང་བུ་སོག་ཚ། says:
    ལོ་ 9 སྔོན།

    སངས་རྒྱས་བཞུགས་སྐབས་རིགས་མི་གཙོ་ན། དགེ་འདུན་གསར་ཞུགས་སྐབས་སློབ་དཔོན་གྱིས་ཁྱོད་མགར་བའི་བུ་མ་ཡིན་ནམ། གཤེན་པའི་བུ་མ་ཡིན་ནམ། སྐྲ་སེར་ཅན་མ་ཡིན་ནམ། དྲེག་མཁན་གྱི་རིགས་མ་ཡིན་ནམ་སོགས་གསུངས་ནས་བཀའ་འདྲི་གནང་དགོས་པའི་རྒྱུ་མཚན་ཅི།

    Reply
  6. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    སྟོན་པ་བཀའ་དྲིན་ཅན་གྱི་གསུང་ལས་།
    རིགས་མི་གཙོ་རུས་མི་གཙོ་སྒྲུབ་པ་དང་ལག་ལེན་གཙོ་།
    གསུང་པ་ལ་མངོན་པར་སྟོད་དོ་།
    རིགས་རུས་གྲལ་རིམ་སྤྱི་ཚོགད་ཕུང་བའི་གཞི་།
    མང་གཙོའི་ཁྱད་ཆོས་ཤེས་ཡོན་རྒྱུད་ནས་སྲུང་།
    གྲལ་རིམ་དམངས་གཙོ་རིགས་རུས་རྒྱུད་ནས་སྲུང་།
    དེང་རབས་ཆབ་སྲིད་རིགས་རུས་དར་ཆའི་འོག་།
    གོ་ལ་གཅིག་རྒྱུར་རང་མཁེ་གང་ལོན་འབད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese