མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མེ་རི་ཁའི་ན་གཞོན་རྣམས་ཀྱིས་ཨ་རིར་གཏན་དུ་འགྱུར་བ་གཏོང་མགོ་རྩོམ་བཞིན་ཡོད།

བོད་ཀྱི་དུས་བབ།
༢༠༡༧/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཝེ་ལེམ་ཨེ་ཆི་ཧྥི་རེ་ཡིས་བྲིས།
རྐ་འོད་ཟེར་གྱིས་བསྒྱུར།

ཨ་རིའི་ནང་མི་རིགས་དཀར་པོའི་མི་ཐོག་རྒན་པ་རྣམས་ཀྱིས་ད་དུང་དཔལ་འབྱོར་དང་ཆབ་སྲིད་དབང་ཆ་བཟུང་ཡོད་མོད། མི་རིགས་སྣ་མང་རང་བཞིན་གྱི་མི་རབས་གསར་པ་ཚོས་དེ་ལ་འགྱུར་བ་གཏོང་ངེས་ཡིན་པ་སྟོན་གྱི་ཡོད།

འཛམ་གླིང་གི་སྡིངས་ཆར་གྱུར་བའི་ཨ་རིའི་བཟོ་ལས་དང་སྲིད་དོན་ལྟེ་གནས་ཁག་མི་རིང་བར་གཏན་དུ་འགྱུར་བ་ཐེབས་ངེས་ཡིན། རྒྱལ་ཁབ་འདིའི་མི་མང་ཁྲོད་འགྱུར་བ་ཐེབས་པ་ཧ་ཅང་སྐྱེན་ཞིང་ཤུགས་ཆེ་སྟབས། འབྱུང་འགྱུར་ལོ་ངོ་བཅུའི་ནང་ཨ་རིར་རྒྱལ་ཁབ་གཞན་ལས་ལྷག་གི་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་ངེས་རེད།

ཕལ་ཆེར་ད་ལྟ་ཨ་རིའི་དར་མའི་མི་འབོར་ཀྱི་ཕྱེད་ཀ་དང་། བྱིས་པ་རྣམས་གྲངས་ཉུང་མི་རིགས་ཁག་ལས་བྱུང་སྟེ་མི་རིཊ་སྣ་མང་རང་བཞིན་ཅན་ཆགས་བཞིན་ཡོད་སྟབས། དེ་ནི་ཨ་མེ་རི་ཁའི་མི་འབོར་མི་རིཊ་དཀར་པོ་ནས་མི་རིཊ་སྣ་མང་ཅན་དུ་འགྱུར་བའི་གཙོ་གནད་ཆགས་ཡོད།

རྒྱལ་ཁབ་འདིའི་མ་འོངས་བའི་འཕེལ་རྒྱས་ནི་སྣ་མང་མི་རིཊ་ཁོ་ཚོར་བརྟེན་ཡོད་སྟབས། ཚང་མས་དངོས་ཡོད་གནས་ཚུལ་གསར་བ་འདི་ལམ་ལྷོངས་འབྱུང་བར་སྤྱི་ཚོགས་ནི་ངེས་པར་དུ་འགྱུར་དགོས་པ་ཞིག་ཡིན་པར་བསམ་ཤེས་བྱེད་ཐུབ་དགོས།

འཇིགས་སྣང་གིས་ཁེངས་བའི་མི་རབས་ཤིག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་ནི་མི་རིགས་དཀར་པོ་ལོ་ན་ཞེ་ལྔ་ཡོལ་ཟིན་པ་རྣམས་ཀྱི་རྒྱབ་སྐྱོར་འོག་ཕོ་བྲང་དཀར་པོར་བསླེབས་པ་ཞིག་ཡིན་ཞིང་། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ནི་ཁོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམ་བཅའ་ཡིས་བཀུག་པ་རེད། དེར་མ་ཟད་སྐུ་ཞབས་ཊི་རུམ་ཕི་ཡི་འགུག་ཤུགས་གཞན་ཞིག་ནི། ཁོས་རྒྱལ་ཁབ་གཞན་ནས་ཨ་རིར་གནས་སྤོ་བའི་མི་འབོར་འཕེལ་བཞིན་པའི་ཐོག་བཟུང་བའི་ལྟ་ཚུལ་དེ་ཡིན་སྟབས། དེ་ནི་མི་རིཊ་དཀར་པོ་ཚོར་མཚོན་ན། ཁོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དག་མ་ནོར་བ་ཞིག་ཡིན།

ཁོའི་སྲིད་འཛིན་གོ་གནས་ཀྱིས་ལོ་ན་མཐོ་བའི་མི་རིགས་དཀར་པོ་དག་གི་འཇིགས་སྣང་མཚོན་པ་དང་། ཉེ་ཆར་རྒྱལ་ཡོངས་འོས་བསྡུའི་ཁྲོད་མཐོང་པའི་མི་རབས་གསར་རྙིང་བར་གྱི་མངོན་འདོད་མི་འདྲ་བའི་ཧེ་བ་ཀྱང་མཚོན་པ་རེད།

༢༠༡༡ ལོར་ཕེའུ་ཞིབ་འཇུག་ལྟེ་གནས་ཀྱིས་ཨ་རིའི་ནང་ལུང་པ་གཞན་ནས་གསར་དུ་འབྱོར་བའི་མིའི་གྲངས་འབོར་འཕེལ་བཞིན་ཡོད་པ་ནི། ཨ་རིའི་རིན་ཐང་དང་གོམས་སྲོལ་གྱི་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱས་ཡོད་སྟབས། དམག་ཆེན་གཉིས་པའི་རྗེས་སུ་སྐྱེས་བའི་ཨ་རིའི་མི་རིགས་དཀར་པོའི་ཕྱེད་ཀ་ལྷག་དང་། ལོ་ན་མཐོ་བའི་ཨ་རི་བ་རྣམས་ཀྱིས་གནས་སྟངས་དེ་གནད་དོན་ཆེན་པོ་ཞིག་ཏུ་མཐོང་གི་ཡོད།

༢༠༡༥ ལོར་དམངས་ཁྲོད་ཆོས་ལུགས་ཞིབ་འཇུག་ཁང་ཞིག་གིས་ཨ་རིའི་མི་རིཊ་དཀར་པོ་ལོ་ན་རྒན་པ་རྣམས་ཀྱིས་གཞོན་རབས་པ་ལས་ལྷག་པར་རྒྱལ་ཁབ་འདིའི་རིག་གནས་དང་རིན་ཐང་ཕྱི་ལོ་ ༡༩༥༠ ལོའི་ནང་ལས་སྐྱོ་རུ་ཕྱིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རྟོགས་ཡོད།

མི་རིཊ་དཀར་པོ་ལོ་ན་རྒན་པ་ཚོས་འཇིགས་སྣང་བྱེད་མིན་ལ་མ་ལྟོས་པར་རྒྱལ་ཁབ་འདིའི་དཔལ་འབྱོར་གནད་དོན་ནི། མི་རིགས་སྣ་མང་རང་བཞིན་ཅན་གྱི་ན་གཞོན་གྱི་མི་འབོར་དེར་བརྟེན་ཡོད་སྲིད།

མྱུར་བར་རྒས་བཞིན་པའི་མི་རིཊ་དཀར་པོའི་མི་འབོར། 

ཨ་མེ་རི་ཁའི་མི་རིཊ་དཀར་པོའི་མི་འབོར་ནི་མགྱོགས་མྱུར་ངང་ཇེ་ཉུང་དུ་འགྲོ་ངེས་ཡིན། ད་ལྟ་མི་རིགས་དཀར་པོའི་ཆ་སྙོམས་ལོ་ཚད་ནི་ལོ་ཞེ་གསུམ་ཡིན་ལ། མི་འབོར་དེའི་ཕྱེད་ཀ་ནི་ལོ་ན་མཐོ་པོ་དང་ཕྱེད་ཀ་ནི་དེ་ལས་ཅུང་གཞོན་པ་རེད།

སི་པན་མི་རིཊ་ཀྱི་ཨ་རི་བ་ནི་རྒྱལ་ཁབ་འདིའི་གྲངས་ཉུང་མི་རིཊ་ཆེ་ཤོས་དེ་ཡིན་ལ། མི་རིགས་འདིའི་ཆ་སྙོམས་ལོ་ཚད་ནི་ལོ་ཉེར་དགུ་ཡིན་པ་དང་། དེའི་བརྒྱ་ཆ་ཉི་ཤུ་ནི་མི་རིགས་འདྲེས་མ་ཡིན་ཞིང་། མི་རིཊ་འདི་ནི་མི་རིཊ་ཆེན་མོར་འཕེལ་བ་མགྱོཊ་ཤོས་དེ་ཡིན།

མི་རིཊ་དཀར་པོའི་མི་འཆི་བའི་གྲངས་འབོར་ནི་སྐྱེ་བའི་གྲངས་འབོར་ལས་བརྒལ་ཡོད་པ་ལྟར། ལོ་ངོ་བརྒྱད་ཀྱི་དུས་ཡུན་ནང་ཨ་རིའི་མི་རིགས་དཀར་པོའི་མི་འབོར་མར་ཆཊ་མགོ་འཛུགས་ཀྱི་ཡིན་པར་སྔོན་དཔག་བྱེད་ཀྱིན་ཡོད།

ད་ལྟ་ནས་ལོ་བཅོ་བརྒྱད་མན་གྱི་མི་རིགས་དཀར་པོའི་གྲངས་འབོར་ནི་མར་ཆགས་ཟིན་ཡོད་ལ། མི་རིགས་དཀར་པོའི་བུད་མེད་ཁྲོད་བྱིས་པ་བཙའ་བའི་ལོ་ཚད་མར་ཆགས་ཀྱི་ཡོད་སྟབས། མི་རིགས་དཀར་པོའི་མི་འབོར་མར་ཆགས་པའི་སྤྱི་འགྲོས་དེ་མུ་མཐུད་རྒྱུ་ཡིན་པ་རེད། ཕལ་ཆེར་ཆེས་མངོན་གསལ་དོད་ཤོས་ཤིག་ནི། མི་རིགས་དཀར་པོ་རྒན་ཁོག་ཆཊ་པའི་འཕེལ་ཚད་མགྱོགས་པ་དེ་རེད།

༢༠༣༠ ལོ་ནས་མི་རིགས་དཀར་པོ་ལོ་ ༦༥ བརྒལ་བའི་གྲངས་འབོར་ནི་བརྒྱ་ཆ་ ༤༢ སུ་འཕེལ་རྒྱུ་ཡིན་པ་དང་། དེ་དང་དུས་མཚུངས་སུ་མི་རིགས་དཀར་པོའི་ལས་ཞུགས་ལོ་ཚད་ཀྱང་བརྒྱ་ཆ་ ༩ ཙམ་དུ་བསླེབ་ངེས་ཡིན། དོན་དངོས་སུ་ཨ་རིའི་ལོ་ན་རྒན་པའི་མི་རིགས་དཀར་པོ་ཧ་ཅང་མང་པོ་མི་རིཊ་སྣ་མང་རང་བཞིན་ཅན་གྱི་གཞོན་རབས་པའི་རྒྱབ་སྐོར་ལ་བརྟེན་དགོས་པར་འགྱུར་ངེས།

ན་གཞོན་ལས་ཞུགས་བའི་རྒྱབ་སྐྱོར།

མི་རིང་བར་ཨ་རིའི་ནང་སྐྱེས་བའི་བྱིས་པ་མང་ཤོས་ནི་གྲངས་ཉུང་མི་རིགས་ཁག་གི་བྱིས་པར་འགྱུར་ངེས་ཡིན་ལ། ད་ལྟ་ནས་ཨ་རིའི་གཞོན་སྐྱེས་ཀྱི་ཕྱེད་ཀ་ནི་གྲངས་ཉུང་མི་རིགས་ཀྱིས་གྲུབ་ཡོད། མི་རིགས་དཀར་པོ་རྒན་ཁོག་ཆཊ་ནས་བྱིས་པ་སྐྱེ་མཁན་གྱི་གྲངས་འབོར་མར་ཆགས་པ་དང་། གྲངས་ཉུང་མི་རིགས་ཏེ་ལྷག་པར་དུ་སི་པན་མི་རིཊ་ཀྱི་ཨ་རི་བ་རྣམས་ཀྱིས་ཨ་མེ་རི་ཁའི་ལས་གྲྭའི་ནུས་ཤུགས་རྒྱུན་འཛིན་བྱེད་རྒྱུ་རེད། ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་བྱེད་པ་ནི་ཁོ་ཚོའི་ལེཊ་སྐྱེས་ཡིན་ཏེ་དཔྱ་ཁྲལ་འབུལ་བ་དང་། རྒས་ཕོག་སྤྲོད་པ། སྨན་བཅོས་འགན་ལེན་མ་འཇོག་བྱེད་པ་བཅས་ཁོ་ཚོར་བརྟེན་དགོས་པར་འགྱུར་ངེས།

གནད་དོན་དེ་དག་གི་རྐྱེན་པས་ད་ལྟའི་གཞུང་འཛིན་པ་ཚོར་མི་རིགས་ཁག་གི་ཆེད་དུ་འགྲོ་སོང་ཆ་སྙོམས་གཏོང་དགོས་པའི་དྲི་བ་གལ་ཆེན་འདོན་བཞིན་ཡོད། ད་ལྟའི་ཆར་ཨ་རིའི་ནང་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཧ་ཅང་མང་པོ་ཞིག་ནུས་ཁུངས་ཞན་པའི་སློབ་གྲྭ་ཁག་དུ་ལྷག་པ་ཡོད་ལ། མི་རིགས་དཀར་པོ་མཐོ་སློབ་དུ་ཞུགས་པའི་ལོ་ཡུན་འཕེལ་གྱིན་ཡོད་མོད། སི་པན་མི་རིཊ་ཀྱི་ཨ་རི་བ་རྣམས་དང་། ཨ་རིའི་མི་རིགས་ནག་པོ་རྣམས་མཐོ་སློབ་དུ་ཞུགས་པའི་ལོ་ཡུན་ནི་ལོ་ངོ་བཞི་ཙམ་ཡིན་ཞིང་། དེ་ནི་མུ་མཐུད་མི་རིགས་དཀར་པོ་དང་མི་འདྲ་བར་མར་ཆགས་ཀྱི་ཡོད།

གྲངས་ཉུང་མི་རིཊ་དེ་ལས་མི་མང་བ་ཞིག་ལ་འབྱོར་འབྲིང་ལས་རིགས་ཐད་དགོས་པའི་དཔལ་འབྱོར་དང་ལམ་སྟོན་མཐུན་རྐྱེན་མི་འདང་བ་དང་། གྲངས་ཉུང་གཞོན་རབས་པ་ཚོར་ཡོང་འབབ་འདྲ་མཉམ་མིན་པས་ཤུཊ་རྐྱེན་སྤྲོད་ཀྱི་ཡོད་ལ། ལྷག་པར་དུ་མ་འོངས་པར་མུ་མཐུད་འདྲ་མཉམ་མི་ཡོང་བའི་ཉེན་ཚབས་བསླངས་ཡོད།

ན་གཞོན་མཁོ་བའི་རྒྱལ་ཁབ་ཅིག

མི་རིཊ་ཆེན་མོ་གསར་བའམ་མི་རབས་གཞོན་པ་སྟེ། སི་པན་མི་རིཊ་ཀྱི་ཨ་རི་བ་དང་། ཨེ་ཤ་ཡ་ཨ་རི་བ། མི་རིགས་འདྲེས་མའི་ཨ་རི་བ་བཅས་ཀྱིས་ལོ་ན་རྒན་པའི་ཨ་རི་བ་གྲངས་མང་མི་རིགས་དཀར་པོ་རྣམས་ལ་ལས་ཀ་རྩོད་ལེན་སོཊ་ཀྱི་ཐད་ཤུཊ་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། མི་རིགས་དཀར་པོ་ཚོས་སྤྱི་ཚོཊ་ཀྱི་གོ་སྐབས་དེ་རྩོད་ལེན་བྱེད་འདོད་ཤིན་དུ་ཆེ་སྟབས། མི་རིཊ་དཀར་པོ་ཚོར་རྒྱལ་ཁབ་འདིའི་ནང་ན་གཞོན་ཧ་ཅང་དགོས་མཁོ་ཆེ།

ད་ལྟའི་ཆར་ཨ་རིའི་མི་འབོར་འཕེལ་ཤུགས་ཆེན་པོ་ཞིག་ཉེ་ཆར་རྒྱལ་ཁབ་གཞན་ནས་ཨ་རིར་གནས་སྤོར་བྱས་པའི་མི་རྣམས་ལས་ཡོང་གི་ཡོད་པ་དང་། གང་ལྟར། ཁོ་ཚོ་སྐྱེ་འཕེལ་གྱི་ཚད་ཀྱང་མཐོ་བོ་ཡོད་པ་རེད།

ཨ་རིའི་ལྷོ་ཕྱོགས་དང་ནུབ་ཕྱོགས་སུ་ཡོད་པའི་མངའ་སྡེ་ཁག་ནི་ཁེ་ཕན་ཆེ་ཤོས་དེ་ཡིན། དེ་གར་མི་རིཊ་ཆེན་པོའམ་མི་རིགས་དཀར་པོའི་བྱིས་པ་སྐྱེ་འཕེལ་བྱེད་བར་རྒྱབ་སྐྱོར་ཡོད།

དེ་ལས་ལྡོག་སྟེ་རྒྱལ་ཁབ་འདིའི་བྱང་ཤར་དང་ནུབ་དཀྱིལ་དུ་རྒྱལ་ཁབ་གཞན་ནས་གནས་སྤོར་བྱས་པའི་མི་དང་། གྲངས་ཉུང་མི་རིགས་སྐྱེ་འཕེལ་གྱིས་ཚབ་བྱེད་མ་ཐུབ་པར་མི་རིགས་དཀར་པོའི་བྱིས་པའི་གྲངས་འབོར་མར་ཆགས་བཞིན་ཡོད།

ཨ་རིའི་ཕྱི་རོལ་དུ་ལྟ་བ། 

ན་གཞོན་ལས་ཞུགས་པའི་མཐོ་རླབས་འདིས་ཨ་རི་ལ་བཟོ་ལས་ཅན་གྱི་རྒྱལ་ཁབ་གཞན་ལས་ཧ་ཅང་ལེཊ་པའི་གོ་གནས་ཞིག་སྤྲད་ཡོད།

མི་གྲངས་ས་ཡ་ ༣༢༥ ཡོད་པའི་ཨ་རིའི་མི་འབོར་འདི་ཕྱི་ལོ་ ༡༩༨༠ ལོ་ནས་བཟུང་ས་ཡ་ ༡༠༠ ལ་ཉེ་བ་ཞིག་འཕེལ་ཡོད་པ་དང་། དུས་རབས་འདིའི་དཀྱིལ་དུ་ཨ་རིའི་མི་འབོར་ས་ཡ་ ༤༠༠ ལ་འཕེལ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད། དེ་ནི་འཛམ་གླིང་གི་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་འདིར་མཚོན་ན་ཧ་ཅང་ཁྱད་མཚར་བའི་ཚོད་དཔག་ཅིག་ཆགས་ཡོད།

དཔེར་ན། ཉི་ཧུང་དང་འཇར་མན། ཨི་ཊ་ལི། དབྱིན་ཇི་སོགས་ལོ་ན་རྒན་པ་མང་ཞིང་། སྐྱེ་འཕེལ་གྲངས་འབོར་དང་གནས་སྤོར་བ་ཉུང་བའི་རྒྱལ་ཁབ་ཁག་དང་བསྡུར་ན། ཨ་རིའི་ནང་ལས་ཀར་ཞུགས་པའི་མི་འབོར་ནི་ཕྱི་ལོ་ ༢༠༡༠ ནས་  ༢༠༣༠ ལོའི་བར་བརྒྱ་ཆ་ལྔ་མགྱོཊ་པོར་འཕེལ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད།

འདི་ལྟ་བུའི་མི་འབོར་འཕེལ་རྒྱས་ཀྱིས་ཨ་རི་ལ་དཔལ་འབྱོར་སྟོབས་ཤུཊ་ཏེ་ཐོན་སྐྱེད་གོང་འཕེལ་གཏོང་བ་དང་། ཁེ་ལས་ཐད་གོ་སྐབས་བསྟེར་བ་བཅས་ལ་རོགས་འདེགས་བྱེད་ངེས་རེད།

མི་རིཊ་ཆེན་པོ་གསར་བའམ་སི་པན་མི་རིཊ་ཀྱི་ཨ་རི་བ་དང་། ཨེ་ཤ་ཡ་ཨ་རི་བ་རྣམས་ལ་མ་བརྟེན་ན་རྒྱལ་ཁབ་འདིའི་ལས་གྲྭའི་ཤུགས་མར་ཆགས་རྒྱུ་རེད། མི་རིགས་ཆེན་པོ་གསར་བ་འདིའི་གཞོན་པའི་གསོན་ཤུགས་བསམ་བློ་གསར་བ་དང་། ཁེ་ལས་པའི་སྙིང་སྟོབས་ཀྱང་རྒྱལ་ཁབ་འདིར་ལེགས་སྐྱེས་སུ་འབུལ་ངེས་ཡིན།

འགྱུར་བ་ཆེན་པོ་ཞིག་གི་དཀྱོག་མཚམས།

གནས་སྐབས་སུ་མི་རབས་གསར་རྙིང་བར་བསམ་སྤྱོད་མི་འདྲ་བའི་ཧེ་བག་མུ་མཐུད་དུ་གནས་སྲིད་ཀྱང་། ཨ་མེ་རི་ཁའི་མི་འབོར་མི་རིཊ་དཀར་པོ་ནས་མི་རིཊ་སྣ་མང་ཅན་དུ་འགྱུར་བའི་དོན་ངོས་འདིས་མི་རིཊ་སྣ་མང་རང་བཞིན་ཅན་ནི་རྒྱལ་ཁབ་འདིའི་མ་འོངས་བའི་མདུན་ལམ་ཡིན་པ་སྟོན་གྱི་ཡོད།

ད་ལྟ་རྒྱལ་ཁབ་འདིས་ཉམས་སུ་མྱོང་བཞིན་པའི་མི་རིཊ་སྣ་མང་རང་བཞིན་གྱི་འཕེལ་ཤུགས་དེ་མཐར་སྤྱི་ཚོགས་འདིར་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་འགྱུར་ངེས་ཡིན།

སྤྱིའི་ཆ་ནས་རྒྱལ་ཁབ་འདི་གོང་འཕེལ་གཏོང་བའི་ཆེད་ཨ་རིའི་རིམ་པ་མི་འདྲ་བའི་དབུ་ཁྲིད་རྣམས་ཀྱིས་དེང་གི་གཞོན་རབས་གྲངས་མང་མི་རིགས་ལ་མ་རྩ་འདིང་བ་སོགས་ཀྱི་ཐད་བསམ་གཞིག་བྱེད་དགོས་ངེས་ཡིན།

ཨ་མེ་རི་ཁ་ནི་དེའི་ཕྱིའི་སྣང་ཚུལ་ཙམ་ལས་ཡོངས་སུ་འདས་ཤིང་། ད་ལྟ་རྒྱལ་ཁབ་འདི་ནི་འགྱུར་བ་ཆེན་པོ་ཞིག་གི་དཀྱོག་མཚམས་སུ་སླེབ་ཡོད།

མ་ཡིག་འབྲེལ་ཐག http://www.bbc.com/news/world-us-canada-40461666

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 9 སྔོན།

    མི་གི་སྤྱི་ཚོགས་གང་དུ་ཡོད་པ་དེར་འཕེལ་རྒྱས་དང་འགྱུར་བ་འགྲོ་དགོས་་པ་ཆོས་ཉིད་ཡིན་ལ་དེང་སྐབས་ཚན་རིག་དང་འཕྲུལ་རིག་དྲ་རྒྱའི་དུས་རབས་ཤར་ནས་འཛམ་གླིང་འདི་ཆུང་ཆུང་ཆགས་ཡོད་ལ་མི་རིགས་མཉམ་བསྲེས་དང་དཔལ་འབྱོར་མཉམ་སྤྱོད་ཀྱི་དུས་རབས་འདིར་འཛམ་གླིང་གི་མི་རིགས་འདྲ་མིན་མཉམ་དུ་འདུས་ནས་སྤྱི་སྒེར་གྱི་དཔལ་འབྱོར་དང་འཚོ་བ་ལ་འགན་སྲུང་བྱེད་བཞིན་པ་ནས་ཨ་རི་ཙམ་མིན་པ་འཛམ་གླིང་གི་ལུང་པ་མང་པོར་འགྱུར་བ་འགྲོ་དགོས་པ་དང་འགྲོ་སྲིད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese