མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་རྒྱ་གར་གྱི་བདེ་འཇཊ་ཡིན།

བོད་ཀྱི་དུས་བབ།
༢༠༡༧/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་དུ་བོད་རང་བཙན་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་པའི་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ནས་ཟླ་བ་ ༩ ཚེས་ ༢ བར་ཉིན་ལྔའི་རིང་བྷེང་ལོར་བོད་ཁྱིམ་ཚོགས་ཁང་ནང་ཚོགས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ ཐོག དབུས་གཞོན་ལྷན་དང་ས་གནས་གཞོན་ནུའི་འཐུས་མི་རྣམས་ཀྱི་གོ་སྒྲིག་འོག བྷེང་ལོར་བྷ་ན་ར་པ་སྤྱི་གླིང་(Banarapa)ནས་རང་དབང་སྤྱི་གླིང་(Freedom Park)བར་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་བརྒྱུད་འདི་ནས་བྷེང་ལོར་གྲོང་ཁྱེར་ནང་གི་རྒྱ་གར་མི་མང་ལ་བོད་རང་བཙན་ནི་རྒྱ་གར་གྱི་ས་མཚམས་བདེ་འཇགས་ཡོང་ཐབས་ཀྱི་ཐབས་ལམ་གཅིག་པུ་ཡིན་པ་མ་ཟད། རྒྱ་ནག་གི་ཅ་ལག་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་པའི་འཕྲེད་དར་དང་སྐད་འབོད་ཡང་བྱས་ཡོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པའི་ཐོག་དབུས་སའི་ལས་བསྡོམས་དང་རྩིས་ཁྲ་ཞིབ་བཤེར་འཐུས་གཙང་དང་། གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་གཏོང་ཐབས་དང་གཞོན་ལྷན་བཙུགས་དབུ་བརྙེས་ཏེ་ལོ་ངོ་ ༥༠ འཁོར་ལ་ཉེ་བའི་དུས་ཆེན་སྲུང་གཙི་གནང་ཕྱོགས་དང་རྒྱལ་བའི་སྐུ་ཕྱཱའི་ཉེན་སྲུང་སླར་ལས་དོན་ཞུ་ཕྱོགས། ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་དོན་སྤེལ་ཕྱོགས། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་སྒྲུབ་ཐབས། རྒྱལ་བའི་བཀའ་དགོངས་ལྟར་བོད་ཀྱི་ཆོས་དང་རིག་གཞུང་། ཡ་རབ་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་འགན་འཁུར་ལེན་ཕྱོགས། དམངས་གཙོའི་གོ་རྟོགས་གོང་མཐོར་སྤེལ་ཐབས། སྤྱི་ཚོགས་ཞབས་ཞུ་དང་ནད་མནར་དབུལ་ཕུངས་ལ་ལྟ་སྐྱོང་རོགས་རམ་གནང་ཕྱོགས། སྤྱི་སྨན་དགོངས་འཆར་བཅས་གྲོས་གཞི་ཁག་དགུའི་ཐོག་གྲོས་བསྡུར་གནང་བ་བརྒྱུད་གྲོས་ཆོད་དོན་ཚན་ཁག་ཅིག་བཞག་གནང་འདུག

བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཕྱཱ་ནི་བོད་ཀྱི་ནུས་སྟོབས་དང་། བོད་མིའི་ཆིག་སྒྲིལ། བདེ་སྐྱིད་ཀྱི་གཞི་རྩ་དམ་པར་སོང་། གཞོན་ལྷན་དབུས་ས་གཉིས་ནས་སྐུ་ཕྱཱའི་ཉེན་སྲུང་སླད་སྔར་ལྷག་ལས་དོན་ཞུ་ཕྱོགས་ཇི་དགེའི་སྐོར།

༡༽ རྒྱ་གར་དབུས་སའི་གཞུང་གི་ལས་ཁུངས་ཁག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཁག་སོ་སོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཐོག་འགན་ཁུར་ལྷོད་མེད་གནང་བར་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ འདིའི་ཐོག་ནས་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་སྔར་ལྷག་སྐུ་ཕྱཱའི་སྲུང་སྐྱོབ་ཐོག་དོ་དམ་ལྷོད་མེད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སྙན་འབུལ་རྒྱུ།

༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐུར་འདེབས་ཞུ་མཁན་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ་མ་ཟད། སླད་ཕྱིན་གཞི་མེད་ཀྱི་བྱ་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན།

༣༽ སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ས་ཕྱོགས་གང་སར་ཆིབས་བསྒྱུར་གནང་སྐབས་ས་གནས་གཞོན་ནུའི་རྒྱུན་ལས་དང་ཚོགས་མིའི་ངོས་ནས་སྐུ་ཕྱཱར་དོ་སྣང་དང་འགན་ཁུར་གནང་བཞིན་པ་ངེས་པར་དུ་རྒྱུན་སྐྱོང་བྱ་རྒྱུ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར།

༡༽ གཞོན་ལྷན་དབུས་ས་གཉིས་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གོ་རྟོགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ།

༢༽ གཞོན་ལྷན་དབུས་ས་གཉིས་ནས་རང་རེའི་སྤྱི་ཚོགས་ནང་ད་ནས་བཟུང་རྒྱ་ནག་གི་ཅ་དངོས་ཉོ་ཚོང་བྱ་རྒྱུ་མཚམས་འཇོག་ཡོང་བའི་འབོད་སྐུལ་དྲིལ་བསྒྲགས་བྱ་རྒྱུ།

༣༽ བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཁག་གདན་ཞུས་ཀྱིས་བོད་པའི་གཞོན་སྐྱེས་ཚོར་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་ལོ་རྒྱུས་ཀྱི་གོ་རྟོགས་ཤུགས་ཆེར་སྤེལ་རྒྱུ།

རྒྱ་དམར་གྱི་བཙན་འོག་ཏུ་ཡོད་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

༡༽ གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་འགན་ཁུར་འོག་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ལ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ལ་རྒྱབ་སྐྱོར་ཤུགས་སྣོན་དགོས་པའི་ཞུ་སྙན་འབུལ་རྒྱུ།

༢༽ གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་དང་ལོ་རྒྱུས་འཁོད་པའི་ཡིག་ཆ་ཞིག་སྐད་ཡིག་འདྲ་མིན་ནང་བཟོ་རྒྱུ་དང་དེ་དག་དབུས་ས་གཉིས་ནས་དུས་ནས་དུས་སུ་འགྲེམ་སྤེལ་བྱ་རྒྱུ།

ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་སྐྱ་སེར་ཕོ་མོ་གྲངས་ ༡༥༠ ལྷག་ནས་བོད་རྒྱལ་ཁབ་དང་བོད་མིའི་རྩ་དོན་སླད་རང་ལུས་མེར་བསྲེགས་གནང་ཡོད་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་ཞལ་ཆེམས་ཁག་སྒྲུབ་ཐབས་སུ་གཞོན་ལྷན་དབུས་ས་གཉིས་ནས་འགན་ཁུར་ཞུ་ཕྱོགས་ཇི་དགེའི་སྐོར།

༡༽ བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་བསྒྲུབ་ཆེད་དུ་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བླ་སྲོག་ཏུ་སྒྲུབ་པའི་བོད་ཀྱི་སྐད་ཡིག་ཉིན་མོ་ཞིག་གཏན་འབེབས་དང་། དེ་ཉིན་ས་གནས་གཞོན་ལྷན་ཁག་ནས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་ལས་འགུལ་སྤེལ་ཏེ་ཡོངས་ཁྱབ་སྲུང་བརྩི་བྱ་རྒྱུ།

༢༽ གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་པར་སྐྲུན་ཞུས་པའི་འབར་བཞིན་པའི་བོད་ཀྱི་དེབ་དང་འོད་སྡེར་ཁག་གཞོན་ལྷན་དབུས་ས་གཉིས་ནས་རྒྱལ་སྤྱིའི་ནང་འགྲེམ་སྤེལ་རྒྱ་གང་ཆེ་བྱ་རྒྱུ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་འབྲུ་དོན་དང་། ལྷག་པར་དུ་ཚོགས་ཆེན་ཐེངས་ ༡༦ པའི་ཚོགས་བཅར་བ་ཡོངས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་མཇལ་སྐལ་བཟང་ཐོབ་སྐབས་རང་རེའི་ཆོས་དང་རིག་གཞུང་། ཡ་རབ་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་གཞོན་ནུ་རྣམས་ནས་འགན་ཁུར་དགོས་པ་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྩལ་དོན་བཞིན། གཞོན་ལྷན་ནས་དེ་འབྲེལ་འགན་ཁུར་ཞུ་ཕྱོགས་ཇི་དགེའི་སྐོར།

༡ ༽ མཐོ་སློབ་ཀྱི་ས་གནས་གཞོན་ལྷན་ཁག་ནས་བོད་ཀྱི་མཐོ་རིམ་སློབ་མའི་དབར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གོ་སྒྲིག་བྱ་རྒྱུ།

༢ ༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དང་བོད་མིའི་ཕུགས་རྒྱང་རིང་བའི་མདུན་ལམ་ལ་དགོངས་བཞེས་ཀྱིས་བོད་མིའི་ཤེས་ཡོན་སྲིད་ཇུས་གཏན་འབེབས་ལག་བསྟར་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྲེལ་ཡོད་བཀའ་ཤག་ལྷན་ཁང་དང་བོད་མིའི་སློབ་གྲྭ་ཁག་ལ་ཤེས་ཡོན་སྲིད་ཇུས་དེ་བཞིན་ལག་བསྟར་དོན་འཁྱོལ་ཆ་ཚང་ཡོང་བར་སྔར་རྒྱུན་བཞིན་ཤུགས་སྣོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སྙན་འབུལ་རྒྱུ།

༣༽ ས་གཞོན་ཁག་ནས་ས་གནས་ཀྱི་གནས་བབ་ལ་གཞིགས་ཏེ་ནང་ཆོས་ངོ་སྤྲོད་དང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་གང་མང་སྤེལ་རྒྱུ།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་གོ་རྟོགས་གོང་མཐོར་སྤེལ་ཐབས་ལ་སྨན་པའི་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར། ༡༽ གཞོན་ལྷན་དབུས་ས་གཉིས་ནས་བཙན་བྱོལ་བོད་མིིའི་སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་གང་མང་སྤེལ་རྒྱུ།

༢) གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་འགན་ཁུར་འོག་དེ་སྔའི་གཞོན་ལྷན་གྱི་ས་གནས་མི་འབོར་ལ་གཞིགས་པའི་སྤྱི་འཐུས་འོས་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་ཡིག་ཆ་དེ་བཞིན་ཁ་སྐོང་གིས་གཏན་འབེབས་བྱས་ཏེ་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབུལ་རྒྱུ་མ་ཟད། མི་མང་ལ་ཡོངས་ཁྱབ་འགྲེམ་སྤེལ་གྱིས་གོ་རྟོགས་སྤེལ་རྒྱུ།

༣༽ གཞོན་ལྷན་དབུས་ས་གཉིས་ཀྱི་རྒྱུན་ལས་ནས་གཞོན་ལྷན་གྱི་དམིགས་ཡུལ་དོན་ཚན་གཉིས་པའི་དགོངས་དོན་ལྟར་རང་རའི་སྤྱི་ཚོགས་ནང་ཁོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་བསམ་བློ་སྤངས་ཏེ་མཛའ་མཐུན་དམ་གཙང་གཅིག་གྱུར་ཡོང་ཐབས་ལ་དུས་ནས་དུས་སུ་ཤུགས་སྣོན་རྒྱག་རྒྱུ།

ས་གཞོན་ཁག་ནས་ས་གནས་ས་ཐོག་ཏུ་བོད་མི་ནད་གཅོང་ཉམ་ཐག་དང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས། དེ་བཞིན་འཕྲོད་བསྟེན་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོབ་སོགས་གནང་ཕྱོགས་ཇི་དགེའི་སྐོར།

༡༽ སློབ་ཡོན་དཀའ་ངལ་ཡོད་རིགས་ཀྱི་བོད་པའི་མཐོ་རིམ་སློབ་མ་རྣམས་ལ་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་བབ་གཟིགས་ཀྱིས་རོགས་རམ་བྱ་རྒྱུ།

༢༽ རང་རེའི་གཞོན་སྐྱེས་ཚོའི་འཕྲོད་བསྟེན་དང་ནང་ཁུལ་གྱི་འབྲེལ་ལམ། ཆིག་སྒྲིལ་བཅས་ལ་དམིགས་ཏེ་ལོ་ལྟར་རྒྱལ་སྤྱིའི་ཀྱི་རྐང་སྤོལ་འགྲན་བསྡུར་ཞིག་གཞོན་ལྷན་དབུས་ས་ཐོུང་གིས་གོ་སྒྲིག་ཞུ་རྒྱུ།

སྤྱི་སྨན་དགོངས་འཆར་སྐོར་ལ། ༡༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རང་རེའི་གཞོན་སྐྱེས་ཚོར་ཞི་བའི་འཐབ་རྩོད་ཀྱི་ཐབས་ཇུས་དང་ལག་ལེན་ཐོག་ཟབ་སྦྱོང་སྤྲོད་རྒྱུ།

༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་རོགས་དངུལ་ཆེད་དུ་ས་གནས་གཞོན་ལྷན་ཁག་གིས་ལོ་ལྟར་གཞོན་ནུའི་སློབ་ཡོན་མ་དངུལ་འདུ་འགོད་ཀྱི་ལས་འགུལ་ཐེངས་རེ་སྤེལ་ཏེ་བྱུང་འབབ་དབུས་གཞོན་ལྷན་ལ་སློབ་ཡོན་མ་དངུལ་ཆེད་འབུལ་རྒྱུ་བཅས་རེད།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༦ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    ད་ལྟའི་ཆ་ལ་གལ་ཆེ་ཤོས་དེ་བཙན་བྱོལ་ནང་གཞོན་ནུའི་སྒྲིག་འཛུགས་གཅིག་དགོས་པ་ལྟར་ས་ཁུང་ཁག་ཅིག་དབུས་གཞོན་ནུ་དང་ཟུར་དུ་ཡོད་པ་དེ་དག་བོད་ཀྱི་གཞོན་ནུའི་དར་ཆ་གཅིག་གི་འོག་ཏུ་གནས་ཐུབ་པའི་འགན་འཁུར་འབྲེལ་འགན་ཡོད་ཚོའི་བཞེས་དགོས་པ་དེ་ལོ་རྒྱུས་ཀྱིས་འགན་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་བོད་པའི་སྤྱི་ཚོགས་འདི་ནང་ཆོས་རིག་པའི་སློབ་གསོའི་འོག་མི་ཐོག་ནས་མི་ཐོག་བར་འཚོ་བཞིན་པའི་སྤྱི་ཚོགས་ཞིག་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤེལ་རྒྱུ་དེ་དག་མ་འོང་བོད་ཀྱི་མི་རབས་གསར་པ་ཚོར་ཕ་མེས་ནས་བརྒྱུད་པའི་ནང་ཆོས་རིག་པས་བསྟན་པའི་བཟང་སྤྱོད་ལ་བརྡོ་ཕོག་འགྲོ་སྲིད་པ་མ་རེད་དམ་། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དེ་དག་
    ནང་ཆོས་རིག་པའི་དྲི་མ་མེད་པའི་སྤྱི་ཚོགསགཞན་ཁག་ལ་སྤེལ་དགོས་པ་མ་རེད་དམ་?

    Reply
  2. dipsel lhamo says:
    ལོ་ 8 སྔོན།

    RTYC is a sustainable very strong Tibetan Youth community. Since very long till today RTYC has contributed significantly so we should be very proud of our new Tibetan Youth generation. Yours entire agendas are very meaningful and quite relevant to the meantime. Different ideas and different opinions will create our knowledge and intellectual of wisdom. The key objective Rangtsen should be strengthened through various political opinion in our Tibetan community along with our middle path approach. Both of these are not like water and fire.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese