མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་གླེང་སློང་བྱས་མེད་འདུག

བོད་ཀྱི་དུས་བབ།
༢༠༡༧/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

སྟོབས་ལྡན་རྒྱལ་ཁབ་ལྔ་ཡི་བཟོ་ཚོང་གླེང་སྟེགས་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་ཁབ་ཕན་ཚུན་བར་གྱི་ཆབ་སྲིད་དཔལ་འབྱོར་གྱི་ཁྱད་པར་ཙམ་མ་གཏོགས་རྒྱ་དཀར་ནག་གི་མཐའ་ཁུལ་རྩོད་རྙོག་གླེང་སློང་བྱས་མ་སོང་ཟེར།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་རྒྱ་ནག་ཧྥུ་ཅིན་ཞིང་ཆེན་གྱི་ཞ་མིན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཁང་དུ་ཉིན་གཉིས་རིང་གི་སྟོབས་ལྡན་རྒྱལ་ཁབ་ལྔ་ཡི་བཟོ་ཚོང་གླེང་སྟེགས་ཚོགས་མགོ་བརྩམས་ཡོད་པ་དང་། ཚོགས་ཆེན་ཐོག་རྒྱལ་ཁབ་ལྔ་ཡི་དབུ་ཁྲིད་དང་ཁེ་ལས་གནད་ཡོད་མི་སྣ་ ༡༠༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

བཟོ་ཚོང་གླེང་སྟེགས་ཀྱི་དམིགས་འདུན་གཙོ་བོ་ཚོང་འབྲེལ་རྒྱལ་ཁབ་ལྔ་ཡི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་དང་མཉམ་ལས་བྱེད་ཕྱོགས་སྐོར་ཡིན་པ་དང་། བཟོ་ཚོང་གླེང་སྟེགས་དེའི་གཙོ་སྐྱོང་བ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཡིན་འདུག

ལྷན་ཚོགས་ཐོག་ཞི་ཅིན་ཕིན་གྱིས། རྒྱལ་ཁབ་ལྔ་ཡི་དཔལ་འབྱོར་མཉམ་ལས་ཀྱི་འཕེལ་རྒྱས་ལ་ལྡོག་ཕྱོགས་ཀྱི་སྐྱོན་འཛུགས་ཐེབས་ཀྱི་ཡོད་ཀྱང་། དཔལ་འབྱོར་མཉམ་ལས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་བྱུང་མེད་པ་དེ་ལ་ང་ཚོ་སྤོབས་པས་ཁེངས་ཡོད། བྷར་རྫིལ་དང་ཨུ་རུ་སུ། རྒྱ་གར། རྒྱ་ནག ལྷོ་ཨ་ཧྥི་རི་ཁ་བཅས་རྒྱལ་ཁབ་ལྔ་ཡི་དཔལ་འབྱོར་མཉམ་ལས་ཀྱི་ནུས་ཤུགས་ལ་བརྟེན་ནས་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་རིང་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ལྡབ་གཉིས་ཀྱིས་འཕེལ་རྒྱས་བྱུང་ཡོད། རྒྱལ་སྤྱིའི་དཔལ་འབྱོར་འཛུགས་སྐྲུན་དང་ཁྲོམ་ར། མ་འཛུགས་བཅས་ལ་དར་རྒུད་ཀྱི་འགྱུར་ལྡོག་བྱུང་ཡོད་ནའང་། དེས་རྒྱལ་ཁབ་ལྔ་ཡི་དཔལ་འབྱོར་མཉམ་ལས་གྱི་འཕེལ་རྒྱས་ལ་ཤན་ཤུགས་ཐེབས་མེད། ཚོང་འབྲེལ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དཔལ་འབྱོར་འཛུགས་སྐྲན་གྱི་ཁ་ཕྱོགས་དང་བསྟུན་ཏེ་འཕྲུལ་ལས་དང་བཟོ་ལས། ཐུན་མོང་གི་ཁེ་ལས་མཉམ་སྤྱོད་བྱེད་དགོས། ཚོང་འབྲེལ་རྒྱལ་ཁབ་ཁག་གིས་དཔལ་འབྱོར་མཉམ་ལས་ཀྱི་འགན་འཁྲི་དང་ལེན་བྱས་ཏེ་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་བྱེད་དགོས། ཅེས་བཤད་ཡོད་འདུག

ཞི་ཅིན་ཕན་གྱིས་ད་དུང་། འདི་ལོའི་ཕྱི་ཟླ་ ༥ བར་རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་པ་དེ་འདུ་ཤེས་ནས་འགུལ་སྐྱོད་དང་འཆར་འགོད་ནས་ལག་བསྟར་གྱི་དུས་སྐབས་གསར་བར་སླེབས་པ་མཚོན་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་པ་དེ་ནི་ས་གནས་བར་གྱི་ཆབ་སྲིད་ཡོ་བྱད་མིན་པར་དངོས་གཉེར་མཉམ་ལས་ཀྱི་སྟེགས་བུ་ཡིན། དེ་ནི་ཕྱི་ཕྱོགས་རོགས་སྐྱོར་གྱི་འཆར་གཞི་མིན་པར། རྒྱལ་ཁབ་ཕན་ཚུན་བར་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་མཉམ་འབྲེལ་འཕེལ་རྒྱས་ཀྱི་གྲོས་གཞི་ཡིན། ཞེས་ཀྱང་བཤད་ཡོད་འདུག

ཞི་ཅིན་ཕིན་གྱི་གཏམ་བཤད་དེ་ནི་རྒྱ་ནག་གཞུང་གིས་ཚོང་འབྲེལ་རྒྱལ་ཁབ་ཁག་བར་གྱི་བཟོ་ཚོང་གླེང་སྟེགས་བརྒྱུད་ནས་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་འཕྲད་པའི་ཆབ་སྲིད་དཔལ་འབྱོར་གྱི་གནོན་ཤུགས་ལྡོག་ཐབས་དང་། རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གྱི་སྡིངས་ཆའི་སྟེང་རྒྱ་ནག་གི་བཟང་ཕྱོགས་ཀྱི་སྣང་བརྙན་བསྐྲུན་ཐབས་ཤིག་ཡིན་སྐོར་རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པས་བརྗོད་འདུག

བདུན་ཕྲག་སྔོན་མར་རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་མི་སྣ་ཁ་ཅིག་བར་འབྲེལ་མོལ་བྱུང་བ་བརྒྱུད་གནས་སྐབས་རིང་ཕྱོགས་གཉིས་ནས་མཐའ་སྲུང་དམག་དཔུང་ཕྱིར་འཐེན་བྱས་ཡོད་ནའང་། ཐེངས་འདིའི་བཟོ་ཚོང་གླེང་སྟེགས་བརྒྱུད་རྒྱ་དཀར་ནག་གི་གནད་ཡོད་མི་སྣ་ཚོ་ཐུག་འཕྲད་བྱུང་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཕྱོགས་གཉིས་བར་གྱི་ས་མཚམས་རྩོད་རྙོག་སྐོར་གླེང་སློང་ཙམ་ཡང་བྱས་མེད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 9 སྔོན།

    ལོ་རྒྱུས་ཐོག་བོད་དང་རྒྱ་གར་བར་ས་མཚམས་དང་བོད་དང་རྒྱ་ནག་བར་ས་མཚམས་བོད་དང་བལ་ཡུལ་བར་ས་མཚམས་བོད་དང་འབྲུག་བར་ས་མཚམས་བོད་དང་ཤིང་ཅང་བར་ས་མཚམས་ལས་རྒྱ་དཀར་ནག་བར་ས་མཚམས་ཟེར་བ་གོ་མ་མྱོང་ན་འཛམ་གླིང་གི་ས་ཁྲའི་སྟེང་བོད་འཁོད་པ་དེ་རྒྱ་དཀར་ནག་གཉིས་ནས་ནམ་ཡང་སུབ་མི་ཐུབ་པ་དེ་ལོ་རྒྱུས་ཀྱི་ཁ་གྲགས་སྲིད་པ་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese