མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲང་བདེན་མེད་ན་དགྲ་གཉེན་ལ་ཁྱད་པར་ཅི།

བོད་ཀྱི་དུས་བབ།
༢༠༡༧/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་དབང་རྒྱལ་གྱིས།

བཤད་སྲོལ་ལ། སྒྱེལ་བའི་སྒང་ལ་རྡོག་རྫིས་ཞེས་པ་ལྟར། སོ་སོར་ལུང་པ་མེད་པའི་དཀའ་ངལ་སྣ་ཚོགས་འོག་འཚོ་བ་སྐྱེལ་དགོས་ཁར། རྒྱ་གར་མི་སེར་གྱི་ཐོབ་ཐང་ཡོད་པ་དེ་ཞུ་རྒྱུར་ཡང་། རྒྱ་གར་གཞུང་ཙམ་མ་ཟད་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་འགོག་རྐྱེན་བཟོ་བཞིན་འདུག རྒྱ་གར་གྱི་ཁྲིམས་གཞིར་བཟུང་བྱས་ན། མི་སུ་འདྲ་ཞིག་རྒྱ་གར་ནང་ཕྱི་ལོ་ ༡༩༥༠ ནས་ཕྱི་ལོ་ ༡༩༨༧ བར་སྐྱེས་པ་ཡིན་ཚེ། ཁོ་ཚོ་ཙམ་མ་ཟད་ཁོང་ཚོའི་ཕྲུག་གུ་རྣམས་ཀྱང་རྒྱ་གར་གྱི་མི་སེར་དུ་རང་བཞིན་གྱིས་བརྩི་ཡི་ཡོད། ཐོབ་དབང་དེ་ཁྲིམས་གཏུག་བྱས་རྗེས་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་ནས་དངོས་སུ་ར་སྤྲོད་གསལ་པོར་བྱས་མཐར། འདི་ལོའི་ཕྱི་ཟླ་ ༣ ཚེས ༡༧ ཉིན་རྒྱ་གར་གཞུང་ནས་གོང་འཁོད་དུས་བཀག་ནང་ཚུད་སྐྱེས་པའི་བོད་མི་རྣམས་རྒྱ་གར་གྱི་མི་སེར་ཡིན་པ་ངོས་ལེན་གྱིས་ཕྱིར་བསྐྱོད་ལག་ཁྱེར་(passport)ཡང་སྤྲོད་དགོས་པའི་བཀའ་རྒྱ་བཏང་དགོས་འཁེལ་ཡོད།

འོན་ཀྱང་ཉེ་ལམ་རྒྱ་གར་གཞུང་ནས་ཕྱིར་བསྐྱོད་ལག་ཁྱེར་དེ་བཟོ་རྒྱུར་སྒྲིག་གཞི་གསར་པ་ཁག་ཅིག་བཏོན་གནང་སྟེ་ལག་ཁྱེར་བཟོ་རྒྱུར་འགོག་རྐྱེན་ཆགས། སྒྲིག་གཞི་དེར་ཕྱིར་བསྐྱོད་ལག་ཁྱེར་བཟོས་རྗེས་གཞིས་ཆགས་ཁག་ནང་མུ་མཐུད་སྡོད་མི་ཆོག་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཐོབ་ཐང་གང་ཡང་ལེན་མི་ཆོག་པའི་བཀའ་བཏང་འདུག དོན་ཚན་འདི་གཉིས་ཁྲིམས་མཐུན་ཡིན་མིན་ཁྲིམས་ཁང་ནས་ཐག་གཅོད་གནང་རྒྱུ་ལྷག་ཡོད། བོད་མིའི་སྒྲིག་འཛུགས་ནས་གསལ་བསྒྲགས་སྔོན་སོང་ལྟར་ན། རྒྱ་གར་གྱི་མི་སེར་བྱེད་མ་བྱེད་སོ་སོའི་སྒེར་དབང་ཡིན་པས་དེར་དགག་བྱ་མེད་ལུགས་གསུངས་ཡོད་ཀྱང་།ཉེ་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱིས་གོང་གསལ་རྒྱ་གར་གཞུང་གི་ཆ་རྐྱེན་དོན་ཚན་གཉིས་པོ་ལུང་འདྲེན་གྱིས། རྒྱ་གར་གྱི་ཕྱིར་བསྐྱོད་ལག་ཁྱེར་དེ་བཟོ་ཕྱིར་རྒྱབ་སྐྱོར་གནང་ཐབས་མེད་ལུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་ཕྱིར་བསྐྱོད་ལག་ཁྱེར་ཞུ་རྒྱུར་དགག་བྱ་མེད་པའི་ངོས་སྦྱོར་ (NOC) མི་གནང་རྒྱུར་བཀའ་ཡིག་བཏང་ཡོད་གཤིས། ད་ཆ་མི་མང་པོ་ཞིག་ཡར་མེད་མར་མེད་བྱས་ཏེ་དཀའ་ངལ་ནང་ལྷུང་ཡོད།

ཕྱི་ཟླ་ ༧ ཚེས་ ༥ ཉིན་བཀའ་དྲུང་ཡིག་ཚང་གིས་ལྷན་ཁང་ཁག་ལ་བཏང་བའི་བཀའ་ཡིག་དེར་གཟིགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་ཐག་གཅོད་ཅིག་རེད། བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་གཉིས་པའི་ནང་འཁོད་ལ། བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་འཁུར་འགན་ཁག་འགལ་མེད་སྒྲུབ་ཕྱིན། བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས། ཞེས་འཁོད་ཡོད་པ་དེ། ད་ལན་སྒྲིག་འཛུགས་ཀྱི་ངོས་ནས་བཅའ་ཁྲིམས་ལ་རྩིས་མེད་རྡོག་རོལ་བཏང་བ་ལས་མ་འདས།

ཕྱིར་བསྐྱོད་ལག་ཁྱེར་བཟོ་དགོས་དོན་གཙོ་བོ་ནི་རྒྱ་གར་ནང་ཡོད་པའི་བོད་མི་ཚོ་ཕྱིར་བསྐྱོད་བྱེད་སྐབས་ཕྱིར་བསྐྱོད་ལག་ཁྱེར་གྱི་ཚབ་ཏུ་ངོ་སྤྲོད་ལག་ཁྱེར་སེར་པོ་ཞིག་སྤྲོད་ཀྱི་ཡོད་པ་དེར་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད་པའི་རྒྱུ་མཚན་གྱི་ཡིན་པ་ཡོངས་གྲགས་རེད། དཀའ་ངལ་ནང་ཡོད་པའི་བོད་མི་དེ་ཚོ་ད་ཆ་ཁྲིམས་གཏུགས་མི་བྱེད་མཐུ་མེད་ཀྱི་གནས་སུ་གྱར་ཡོད་ཅིང་། ཁོང་རྣམ་པར་དེ་སྔ་ལྟར་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་སྨྲོས་མེད་རེད། བཀའ་ཤག་གི་བཀའ་ཡིག་ནང་གསལ། བོད་མིའི་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་གནང་མཁན་གྱི་ན་གཞོན་དག་འཕྲལ་གྱི་ཁེ་ཕན་ཙམ་ལ་མ་བལྟས་པར་ཕུགས་བསམ་ཆེ་བཞེས་གནང་དགོས་པ་སྐབས་བབ་ཀྱི་འགན་འཁྲི་ཆགས་ཡོད་སྟབས། བོད་མི་བཙན་བྱོལ་བའི་ངོ་བོ་དོར་ཐབས་མ་གནང་ན་དགེ་མཚན་ཆེ་ལུགས་སོགས་གོ་བསྐོན་སློབ་གསོ་རྒྱུན་བསྲིང་གནང་རྒྱུར་ལྷོད་གཡེང་མེད་པ་གནང་དགོས་ལུགས་འཁོད་འདུག་ན། བཀའ་ཡིག་དེས་ཕྱིར་བསྐྱོད་ལག་ཁྱེར་ཞུ་མཁན་རྣམས་ཀྱིས་རྩ་དོན་འདོར་གྱི་ཡོད་ཅེས་བརྗོད་པ་དེར། ཁུངས་སྐྱེལ་ར་སྤྲོད་དགོས་པ་ལས་ཕྱིར་བསྒྲགས་བྱས་པ་ཙམ་གྱིས་གོ་མི་ཆོད་ལ། ལར་ནས་དེ་ནི་མ་ཉེས་ཁ་གཡོག་དང་ནག་ཉེས་རྫུན་བཟོ་བྱས་པ་ཁོ་ན་ལས་གང་ཡང་མ་མཐོང་། བཀའ་ཡིག་དེས་རང་རེའི་གཞོན་སྐྱེས་རྣམས་ལ་ཡིད་ཆེས་མེད་པ་གསལ་པོར་བསྟན་པ་རེད།

འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་གོ་གནས་མཐོ་ཤོས་ནས་མར་གཟིགས་ན་ཁོང་རྣམ་པ་མང་དག་ཅིག་ལ་ཕྱི་རྒྱལ་དང་རྒྱ་གར་གྱི་མི་སེར་ཡོད་པ་ཤ་སྟག་རེད། ཁོང་རྣམ་པས་རྒྱ་གར་དང་ཕྱི་རྒྱལ་གྱི་མི་སེར་བླངས་ཚེ་འཕྲལ་གྱི་ཁེ་ཕན་ལ་མ་གཟིགས་པར། ཕུགས་བསམ་གྱིས་བོད་དོན་ཐོག་ཐུགས་འཁུར་ཆེ་བཞེས་གནང་མཁན་དང་། མི་མང་དཀྱུས་མས་ཕྱི་རྒྱལ་མི་སེར་བླངས་ན་འཕྲལ་གྱི་ཁེ་ཕན་དང་རྩ་དོན་དོར་བ་རེད་ཅེས་པ་དེ་རིགས་པ་དང་ཇི་ལྟར་མཐུན་ནམ། རྒྱ་གར་གྱི་ཕྱིར་བསྐྱོད་ལག་ཁྱེར་བཟོ་མཁན་རྒན་གཞོན་རྣམས་ཀྱིས་རྩ་དོན་འདོར་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ལ་ལོ་རེའི་ཁྲལ་འབབ་སྤྲོད་རྒྱུ་མཚམས་འཇོག མཐའ་ན་བོད་མིའི་ངོ་བོ་དོར་ཐབས་སུས་བྱ་དང་བྱས་ཡོད་པ་གསལ་བཤད་གནང་དགོས་གལ་དུ་མཐོང་།

ད་ཆ་བོད་མི་ཁག་ཅིག་རྒྱ་གར་མི་སེར་ཁྱབ་ཁོངས་སུ་ཞུགས་པའི་ཐོག་ནས་ཕྱིར་བསྐྱོད་ལག་ཁྱེར་ཡང་ཐོབ་ཚར་ཡོད་ལ། སྐྱབས་བཅོལ་ལག་འཁྱེར་ (RC) ཡང་ཕྱིར་བསྡུ་བྱས་ཚར་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཁུངས་སུ་ལས་ཀ་དང་། སློབ་ཡོན། འཕྲོད་བསྟེན་ཆེད་རོགས་སྐྱོར་སོགས་ཞུས་ཚེ། སྐྱབས་བཅོལ་ལག་ཁྱེར་དགོས་པ་ནི་ཆ་རྐྱེན་དུ་བཀོད་ཡོད་སྟབས་ཁེ་ཕན་གང་ཡང་ཞུ་ཐུབ་ཀྱི་མེད། འོན་ཀྱང་གོང་དུ་བརྗོད་ཟིན་པ་ལྟར། མཛད་གཙོ་རྣམ་པ་ཁག་ཅིག་ལ་སྐྱབས་བཅོལ་ལག་ཁྱེར་མེད་པའི་ཐོག། བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་སྟེ་ཁེ་ཕན་ཡོངས་རྫོགས་ལེན་བཞིན་ཡོད་པ་དེ་ཅིའི་ཕྱིར་འགྲིག་པ་ཡིན་ནམ། ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་ཡིན་རུང་། ལ་ལར་དམིགས་བསལ་ཡོད་དགོས་དོན་གསལ་བཤད་གནང་དགོས་པར་མཐོང་།

རྒྱ་གར་གཞུང་གིས་སྒྲིག་གཞི་གསར་བཟོ་གནང་བའི་དོན་ཚན་གཅིག་ནང་དུའང་། བོད་མིའི་སྒྲིག་འཛུགས་ཀྱི་ཐོབ་ཐང་བླངས་མི་ཆོག་ཅེས་འཁོད་པ་དེ། ཁྲིམས་དང་མི་མཐུན་པའི་ཐག་གཅོད་ཅིག་ཡིན་སྟབས་རིམ་གྱིས་མེད་པ་ཆགས་རྒྱུ་ཡིན་པ་གསལ་པོ་རེད། རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༡༩ པའི་ནང་གསེས་༣ པར། རྒྱ་གར་མི་སེར་སུ་ཞིག་གིས་ཀྱང་ཚོགས་སྐྱིད་ཁག་འཛུགས་པ་དང་། ཡང་ན་དེའི་ཁོངས་འཛུལ་ཞུགས་བྱས་ཆོག་ཅེས་པ་དེར་གཟིགས་ན། རིམ་གྱིས་བོད་མིའི་སྒྲིག་འཛུགས་ནས་ཁེ་ཕན་བླངས་མི་ཆོག་ཅེས་པ་དེ་འགྱུར་བ་འགྲོ་རྒྱུ་ངེས་པ་ཞིག་ཡིན་པར་བརྟེན། དེར་མུ་མཐུད་ཁ་གཡར་ཏེ་བཞུགས་ན་དུས་ཚོད་འཕྲོ་བརླག་ལས་དགེ་མཚན་གང་ཡང་མེད། དེ་ལས་སྐྱབས་བཅོལ་ལག་ཁྱེར་ཀུན་ལ་དགོས་ན་གཅིག་མཚུངས་སུ་དགོས་པ་དང་། མི་དགོས་ན་ཚང་མར་མི་དགོས་པ་བཟོ་དགོས་ཇི་དགེའི་སྐོར་བགྲོ་གླེང་གནང་སྟེ་ཐག་གཅོད་གནང་ན་ཁྲིམས་མཐུན་དང་། འདྲ་མཉམ། དྲང་བདེན་གནང་བར་ཡིད་སྨོན་གནང་ངེས། དེ་འདྲ་མ་གནང་ན། ཕྱོགས་གཅིག་ནས་ང་ཚོས་རྒྱ་ནག་གཞུང་དེ་ཁྲིམས་ལུགས་དབང་འཛིན་མིན་པ་དང་། ཁྲིམས་ཀྱི་ཐོག་ནས་འདྲ་མཉམ་བྱེད་ཀྱི་མེད་སྐོར་ངོ་རྒོལ་གྱི་སྐད་འབོད་བྱེད་ཀྱི་ཡོད་མོད། ཕྱོགས་གཞན་ནས་རང་རེའི་བཀའ་ཤག་རང་གིས་ཁྲིམས་ལ་རྩིས་མེད་དང་། དྲང་བདེན་མ་གནང་ན། གནས་ལུགས་དེར་གཟིགས་ཚེ། རྒྱ་ནག་གཞུང་གི་བྱེད་སྟངས་དང་ཁྱད་ཅི་ཡོད། ཕྱག་ལས་དེ་རིགས་ལ་ཕྱི་མིས་འཕྱ་སྨོད་དང་ཁྲེལ་དགོད་བྱ་རྒྱུ་ལས་གཞན་དོན་སྙིང་ལྡན་པ་གང་ན་འདུག

ཉིན་ཤས་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་རྒྱུ་རེད། སྤྱི་འཐུས་རྣམ་པས་ཁྲིམས་སྒྲིག་གཏན་འབེབས་གནང་གི་ཡོད་སྟབས། ཁྲིམས་སྒྲིག་ལག་བསྟར་ཡོང་མིན་དང་། དེའི་སྲུང་སྐྱོབ་གནང་རྒྱུ་ནི་སྤྱི་འཐུས་རྣམ་པའི་འགན་གཙོ་བོ་དེ་ཡིན་ལགས་ན། གོང་དུ་ངས་བཏོན་པའི་ཁྲིམས་སྒྲིག་དང་འབྲེལ་བའི་གནད་དོན་རྣམས་ལ་ཞིབ་འཇུག་གིས་ གཙང་བཟོ་གནང་དགོས་གང་མྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 8

  1. བཀྲ་ཤིས་དོན་གྲུབ། says:
    ལོ་ 8 སྔོན།

    Options: View Full Header | Print | Download this as a file
    བློ་དབང་གི་གསལ་པོ་བྲིས་འདུག་སྟེ་ཁ་ཤས་གོ་རྟོགས་ཐུབ་ཀྱི་མེད་བཟོ་འདུག བོད་དོན་རྒྱབ་སྐྱོར་བ་ཙམ་རེད་ཟེར་བ་དེ་ཏག་ཏག་མ་རེད་སྙམ། གང་ལ་ཟེར་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་མཚན་བརྒྱད་པ་ལུང་འདྲེན་འདུག་པ་ལྟར་བོད་མི་སུ་ཡིན་རུང་རྒྱལ་ཁབ་གཞན་ཞིག་གི་མི་སེར་བྱེད་ཆོག

    རྩ་བའི་བོད་དོན་རྒྱབ་སྐྱོར་བ་ཞིག་ཆགས་ཀྱང་སྐྱོན་གང་ཡང་མི་མཐོང་། གལ་སྲིད་བོད་དོན་རྒྱབ་སྐྱོར་བ་ཙམ་ཞིག་ཆགས་ཀྱི་ཡོད་ན། སྲིད་སྐྱོང་ནི་ཨ་རིའི་མི་སེར་རེད། ཤེས་རིག་བཀའ་བློན་ཨ་རིའི་མི་སེར། སྤྱི་འཐུས་ཚོགས་གཙོ་རྒྱ་གར་གྱི་མེ་སེར། དེ་བཞིན་སྤྱི་འཐུས་རྣམ་རྒྱལ་སྒྲོལ་དཀར་དང་། དབྱངས་ཅན་སྒྲོལ་དཀར། གཡུ་སྒྲོན་དབུ་དཀར་ཚང་རྣམས་ཀྱང་རྒྱ་གར་གྱི་མི་སེར་རེད། རྒྱི་རི་སྒྲོལ་མ་ཡང་རྒྱ་གར་གྱི་མི་སེར་རེད། སྐུ་ཚབ་ཟུར་པ་གྲས་པ་རྒྱ་རི་བློ་གྲོས་རྒྱལ་མཚན་ནི་ཨ་རིའི་མི་སེར་རེད། སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ནི་སུད་སི་མི་སེར་རེད། དེ་བཞིན་བཀའ་ཟུར་མང་དག་ཅིག་ནི་ཨ་རི་དང་ཁེ་ན་དྲའི་མི་སེར་ཡིན་པ་ཚང་མས་ཤེས་གསལ་རེད།

    གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ནང་ཕྱག་ལས་གནང་མཁན་རྣམས་ཡང་ད་ལྟ་ག་པར་སླེབས་འདུག
    གལ་སྲིད་བློ་དབང་ལྟ་བུར་བོད་དོན་རྒྱབ་སྐྱོར་བ་ཙམ་རེད་བརྗོད་ན། ཁོང་རྣམས་ཡང་འདི་ལྟར་མ་རེད་དམ། ཕྱི་རྒྱལ་ཁག་ལ་བོད་པས་སྤོབས་པའི་ངང་ནས་མི་སེར་ལེན་བཞིན་ཡོད། རྒྱ་གར་ལ་མི་སེར་ལེན་ན་ཅིའི་ཕྱིར་མི་འགྲིག ཁྱད་མཚར།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    མང་གཙོའི་སྤྱི་ཚོགས་ནང་དྲང་བདེན་ཐུབ་པའི་ཁྲིམས་ཡིག་བཟོ་རྒྱུ་དེ་ཁྲིམས་བཟོ་ལྷན་ཚོགས་གྲོས་ཚོགས་ཀྱི་ཐུགས་འགན་ཡིན་པ་དང་ཁྲིམས་ཡིག་དེ་དག་ལག་ལྟར་བྱེད་མཁན་འཛིན་སྐྱོང་སྡེ་ཚན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་།

    Reply
  3. Shirab says:
    ལོ་ 8 སྔོན།

    པར་བ་བློ་དབང་ལགས་་་་་་རྒྱལ་ཁྲིམས་ལ་དྲང་བདེན་མེད་པ་མ་རེད་་་་་ཁྱེད་ཚོ་གཞིས་ཆགས་པ་ཚོར་གྲོད་ཁོག་ཆེ་དྲགས་བས་རྐྱེན་རེད་ལགས་་་་་ཁྱོད་ཚོར་གྲོད་ཁོག་གཉིས་ཡོད་པ་ནུབ་གླིང་བ་ཚོར་ཆེ་གསལ་བ་རེད། གྲོད་ཁོག་ཆེ་ན་ནམ་ཡང་འགྲང་མི་སྲིད །།།

    Reply
  4. lobsangwangchuk says:
    ལོ་ 8 སྔོན།

    Tashi delek

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་མ་བཟོས་བར་བཙན་བྱོལ་སྤྱི་ཚོགས་ནང་དཀའ་ངལ་འདི་རིགས་མུ་འཐུད་ནས་གནས་སྲིད་པ་མ་རེད་དམ་?

    Reply
  6. དོན་གྲུབ་བཟང་པོ། says:
    ལོ་ 8 སྔོན།

    ཕྱི་རྒྱལ་མི་སེར་བཟོས་ཚར་ན་ངའི་ལུང་པ་ཤོར་སོང་ང་ལ་དགོས་ཡོད་ཟེར་ནས་གང་འདྲ་རྩོད་རྒྱུ་ཡིན།ང་སྐྱབས་བཅོལ་གྱི་ཁོངས་སུ་སྡོད་རྒྱུ་མིན།ང་རྒྱལ་ཁབ་གཞན་གྱི་ཁོངས་སུ་མི་སེར་བཟོ་རྒྱུ་ཡིན་ཟེར་ནས་སྐྱབས་བཅོལ་ངོ་བོར་དོར་བ་རེད་བར།བོད་དོན་ཐོག་ཕྱག་ལས་གནང་པ་ཡིན་ན་ཡང་དེ་བོད་དོན་རྒྱབ་སྐྱོར་བ་མཚོན་པ་ཙམ་རེད་སྙམ།

    Reply
  7. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 8 སྔོན།

    བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་ཆ་རྐྱེན་འོག་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་གནང་རྒྱུ་དེ་ཕྱི་སྐྱོན་ལས་སྔ་སྐྱོན་གང་ན་ཡོད་།

    Reply
  8. སྐལ་བཟང says:
    ལོ་ 8 སྔོན།

    ཚོགས་བ་དང་སྒྲིག་འཛུགས་གང་ཞིག་ནས་ཐོབ་ཐང་ལང་ཆོག་མིན་དང་ལས་ཀ་ལས་ཆོག་མིན་ཡང་ན་སྐྱོབ་གསོ་ལེན་ཆོག་མིན་སོགས་ཀྱི་གོ་བ་ལོན་མེད་པའི་ཚོར་བ་བྱུང་། ང་ཚོའི་སྒྲིག་འཛུགས་འདི་ནི་སྐྱབས་བཅོལ་བའི་སྒྲིག་འཛུགས་ཤིག་ཡིན་པ་ཤེས་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese