མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མོ་ཞིག་གིས་པར་རིས་འགྲེམས་སྟོན་ལ་ངོ་རྒོལ་ལག་འཛིང་བྱས།

བོད་ཀྱི་དུས་བབ།
༢༠༡༧/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ་བོད་ནང་གི་ཞི་རྒོལ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་བྱས་སྐབས་རྒྱ་མོ་ཞིག་གིས་ངོ་རྒོལ་དྲག་པོ་བྱས།

ཟླ་འདིའི་ཕྱི་ཚེས་ ༡ ཉིན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོ་དཔའ་མོའི་རྡོ་རིང་མདུན་དུ། ཕྱི་ལོ་ ༡༩༨༧ ཟླ་༩ ཚེས་༢༧ དང་ཟླ་༡༠ ཚེས ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་ཆེན་པོ་སེ་འབྲས་གཉིས་ཀྱི་དགེ་འདུན་པ་རྣམས་ཀྱིས་ཞི་བའི་ངོ་རྒོལ་གནང་སྐབས། རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ཞི་རྒོལ་བ་མང་པོར་ཤི་རྨས་བྱུང་སྟེ་ལོ་ངོ་ ༣༠ འཁོར་བར་དུས་དྲན་ཆེད། སྐབས་དེའི་ཞི་རྒོལ་གྱི་པར་རིས་ཁག་ཅིག་འགྲེམས་སྟོན་གནང་ཡོད་པ་དང་།  གློ་བུར་དུ་ལྭ་བ་དཀར་པོ་གྱོན་པའི་བུད་མེད་ཅིག་གིས་ལག་ཏུ་ཇེམ་ཙེ་ཆེན་པོ་ཞིག་བཟུང་ནས་པར་རིས་རྣམས་གང་བྱུང་གཏུབ་པ་མ་ཟད། འགྲེམས་སྟོན་གནང་བཞིན་པའི་པར་རིས་རྣམས་རྫུན་མ་ཡིན་ལུགས་བརྗོད་དེ་ངར་ངར་སིག་སིག་བྱས། སྐབས་དེར་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་གསལ་བཤད་གནང་ཡོད་ཀྱང་རྒྱ་མོ་དེས་མ་ཉན་པ་མ་ཟད། ལག་པའང་བརྐྱངས་ཏེ་ཁོང་གཉིས་ཀྱིས་འཇུ་རིས་འཐེན་འདེད་ཡང་བྱས་ཡོད་པ་རེད།

སྐབས་དེར་ཡུལ་དངོས་སུ་ཡོད་པའི་མི་ཁག་ཅིག་གིས་བརྗོད་ན། རྒྱ་མོ་དེས་ཧམ་པ་ཆེན་པོས་པར་རིས་རྣམས་གཅད་གཏུབ་བྱས་པ་མ་ཟད། དེ་ལྟར་མ་གནང་རོགས་ཞེས་བཀག་འགོག་བྱེད་མཁན་ཚོ་ལའང་སྐད་ཤུགས་ཆེན་པོས་གཤེ་གཤེ་བཏང་སྟེ། གདོང་ལ་མཛུབ་མོ་བཙུགས་པ་དང་ཁུ་ཚུར་གཞུས་པ་སོགས་བྱས་ཡོད་འདུག

ཡུལ་དངོས་ཀྱི་བརྙན་ཐུང་ནང་དུ། སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རྒྱ་མོ་དེར་དབྱིན་སྐད་ཀྱིས་གསལ་བཤད་བྱེད་ཀྱི་འདུག་ཀྱང་ཉན་གྱི་མི་འདུག་ལ། སྐྱེས་པ་ཞིག་གིས་ཀྱང་རྒྱ་སྐད་ཀྱི་ཐོག་ནས་ངས་ཁྱེད་ལ་འགྲེལ་བཤད་རྒྱག་དགོས་ཞེས་ཡང་ཡང་བརྗོད་ཀྱི་འདུག་ཀྱང་ཉན་རོགས་བྱེད་ཀྱི་མི་འདུག མཐར་རྒྱ་མོ་དེས་ངར་ངར་སིག་སིག་གིས་དེར་ཡོད་ཨ་མ་རྒན་མོ་ཞིག་དང་ཁ་འཛིང་བྱས་རྗེས་གཙུག་ལག་ཁང་དུ་ཕྱིན་སོང་།

བུད་མེད་དེའི་མིང་ལ་ཀྲུའུ་ཝིན་ཆི་(Zhu Wenpi)ཟེར་ཞིང་། ཨ་རིར་གནས་སྡོད་བྱེད་བཞིན་པའི་རྒྱ་རིགས་ཤིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨
བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་༧རྒྱལ་བའི་ཞབས་ཕྱི་བར་གཟེངས་རྟགས་ཕུལ། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༤/༢༧
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥

མཆན། 5

  1. 1234567890Tibet says:
    ལོ་ 9 སྔོན།

    ཡུལ་གྱར་བོད་མིའི་བདེ་སྲུང་ལས་ཁང་དང་དུས་བབ་ཚང་རྣམ་གཉིས་རྒྱ་བའི་བཀའ་བཞིན་སྒྲུབ་ཀྱི་ཡོད་པའི་རེ་བ་ཤིན་ཏུ་ཆེའོ།

    Reply
  2. Tashi says:
    ལོ་ 9 སྔོན།

    རྒྱ་རིག་འབྲེལ་ཐུད་པ་ཀུན་དགའ་བཀྲིས་དཔེ་ཡག་པོ་འཇོན་འདུག།་ད་དུང་མང་ཙམ་གདནའདྲེན་ཞུས་ཤོག།

    Reply
  3. Rocklion says:
    ལོ་ 9 སྔོན།

    སུས་མོ་རྡ་སར་ཁྲིད་ཡོང་བ་རེད་་་་གོ་ཐོས་ལ་གནད་ཡོད་མི་སྣ་འགས་མོ་གདན་འདྲེན་ཞུས་པ་རེད་ཟེར་་་་་ད་ཡིན་ན་འདུག་་་་་

    Reply
  4. gendun says:
    ལོ་ 9 སྔོན།

    དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་སྤྱི་འཐུས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ལ་སྐྱོན་མ་བྱུང་བ་ཡག་པོ་བྱུང་། རྒྱ་མོ་དེའི་སེམས་ཁམས་ཐང་ཐང་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་པ་རེད། མོའི་སེམས་པ་ཐང་ཐང་ཡིན་ན། ད་གཟོད་རྒྱ་མོ་དེས་བྱེད་སྟངས་ཀྱི་པར་དེ་འགྲེམས་སྟོན་པར་གྱི་ནང་དུ་འཇོག་དགོས་པ་ཞིག་རེད།

    Reply
  5. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 9 སྔོན།

    རྒྱ་གུང་ཕྲན་ དྲིན་ཅན་ཕ་མ། ཧ། ཧ། ད་ མཐོང་འབྱུང་ངས། ཕྱི་རྒྱལ་བ་དང་བོད་རིགས་སྤུན་ཟླ་ཚོ་ཡག་པོ་བྱེད་གཟིགས་དང་། རྒྱ་དམར་གུང་ཕྲན་གྱིས་མདོག་སྐྱ། ཨོ་ཧོ། ཕྱི་མིའི་ལུང་པ་ལ་ད་ག་འདྲ་པོ་ཧམ་པ། བོད་ནང་ལ་བརྗོད་མ་དགོས་པ། རྒྱ་མོ་དེ་ཡི་བྱ་སྤྱོད་དེ་བོད་ཀྱི་འགྲེམ་སྟོན་ཁང་ནང་གཏན་དུ་བཞག་རྒྱུ་རེད་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese