མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧི་མ་ཅལ་ནང་འོས་འཕེན་དེབ་སྐྱེལ་བ་བོད་མི་ ༡༤༠༠ འདུག

བོད་ཀྱི་དུས་བབ།
༢༠༡༧/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་བསྡུའི་ནང་དྷ་རམ་ས་ལ་ནས་བོད་མི་ ༢༠༠ ལྷག་དང་སྦིར་ཁུལ་ནས་ ༡༠༤༧ བྱུང་ཡོད་སྐོར་བརྗོད་འདུག

ཕྱི་ཟླ་༩ པའི་ཚེས་ ༣༠་ཉིན་རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོ་ནས་བོད་པ་སྐྱབས་བཅོལ་བ་ཚོས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་འོས་འདེམས་ནང་ཆ་ཤས་ཐེངས་དང་པོ་ལེན་གྱི་ཡོད་པ་དང་། མངའ་སྡེའི་འོས་བསྡུ་ལས་ཁུངས་ནས་དེ་སྔོན་ནས་བོད་པ་སྐྱབས་བཅོལ་བ་ཚོས་སོ་སོའི་འདོད་མོས་ལྟར་འོས་བསྡུའི་ཆ་ཤས་ལེན་པར་དེབ་སྐྱེལ་བྱེད་ཀྱི་ཡོད་པ་དང་། ད་ལོར་གསར་དུ་མི་གྲངས་ ༣༠༠ ཡིས་དེབ་སྐྱེལ་བྱས་ཡོད་ལ། ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་བོད་པ་ཚོར་འོས་བསྡུའི་ཆ་ཤེས་ལེན་རྒྱུའི་ཐོབ་ཐང་སྤྲད་ཡོད་སྐོར་བརྗོད་འདུག

དྷ་ས་ས་གནས་ཁྲིམས་དཔོན་(Shravan Manta)ལགས་ཀྱིས་ང་ཚོར་འབྱོར་བའི་གྲངས་ཐོ་ལྟར་ན། ཧི་མ་ཅལ་ནང་འོས་བསྡུའི་ཆ་ཤས་ལེན་མཁན་ཁྱོན་བོད་པ་ ༡༤༠༠ ཡོད་པ་དང་། དེའི་ཁྲོད་ནས་མི་ ༢༡༧ དྷ་རམ་ས་ལ་རང་ནས་ཡིན་པ་དང་།  མི་གྲངས་ ༡༠༤༧ སྦིར་ཁུལ་ནས་ཡིན་སྐོར་བརྗོད་འདུག

ཡང་རྒྱ་གར་དུས་བབ་ཀྱི་གནས་ཚུལ་དེའི་ནང་དུ། བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་མི་སེར་ཐོབ་ཐང་ལེན་མིན་དེ་མི་སྒེར་གྱི་རང་དབང་ཡིན་པར་ངོས་འཛིན་གྱིས་བཀག་འགོག་གང་ཡང་གནང་གི་མེད་ཀྱང་། བོད་པའི་སྤྱི་ཚོགས་ནང་རྒྱ་གར་གྱི་མི་སེར་ཐོབ་ཐང་བླངས་ན་བོད་དོན་འཐབ་རྩོད་ལ་གནོད་པ་ཡོད་པའི་ལྟ་ཚུལ་འཛིན་མཁན་དང་། ཡང་སོ་སོ་འཚོ་གནས་བྱས་ཡོད་པའི་སྤྱི་ཚོགས་དེའི་ནང་ཐོབ་ཐང་གང་ཡོད་པ་བླངས་ཏེ་མུ་མཐུད་རང་ཉིད་ཀྱི་ངོ་བོ་དང་དམིགས་ཡུལ་མ་བརླག་པ་བྱེད་དགོས་པའི་ལྟ་ཚུལ་འཛིན་མཁན་བཅས་རིགས་གཉིས་ཡོད་སྐོར་བརྗོད་འདུག

མི་རིང་བར་ཕྱི་ལོ་ ༢༠༡༧ ལོའི་ཧི་མ་ཅལ་མངའ་སྡེའི་གྲོས་འཐུས་མི་ཁྱོན་ ༦༤ འོས་འདེམས་གནང་རྒྱུ་ཡིན་པ་དང་། རྒྱ་གར་གྱི་མངའ་སྡེ་ཨུ་ཌར་པར་དེ་ཤི་དང་མ་ནི་པུར། པན་ཇབ། ཨུ་ཌཱ་ར་ཁན། གྷོ་བ་བཅས་སུ་འོས་བསྡུ་བྱས་ཟིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 5 སྔོན།

    ལུང་པ་ག་འདྲ་ཞིག་ཡིན་ཀྱང་འོས་འཕེན་གྱི་དབང་ཆ་ཁྲིམས་ཐོག་ནས་གནང་བའི་ཉིན་མོ་ནས་མི་རིགས་ག་འདྲ་ཞིག་ཡིན་ཀྱང་ལུང་པ་དེའི་མི་སེར་ཁྲིམས་ཐོག་ནས་ཆགས་ཡོད་ན་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་མང་པོ་ཞིག་ནུབ་ཕྱོགས་ལུང་པའི་ནང་གཞན་དབང་སྟབས་བསྟུན་འོག་ནས་ལུང་པ་དེའི་མི་སེར་མ་བཟོས་རང་བཟོས་ཡིན་པ་དང་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་རང་དབང་འོག་ནས་དཱངས་བླང་གི་གནས་ཡུལ་ལུང་པའི་མི་ཟེར་བཟོ་མཁན་ལོ་རེ་ནས་ལོ་རེ་བཞིམ་མང་དུ་འགྲོ་བཞིན་པ་འདིའི་ནམ་ཞིག་དབུས་བོད་མིའི་སྒྲིག་འཛུགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པའི་ལྔ་དང་ལྔ་བཅུའི་ལས་འཆར་དང་འབྲེལ་བ་གཏིང་ཟབ་ཡོད་ན་གོང་རིམ་གྱི་གནད་དོན་ལ་བལྟས་ན་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་གཏན་འབེབས་གནང་དགོས་པ་དེ་ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཐུགས་འགན་ངོ་མ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་།

    Reply
  2. རྒྱུད་གྲྭ་བློ་བཟང་དབང་འདུས། says:
    ལོ་ 5 སྔོན།

    སྙིང་རྗེ་སྤུ་ཙམ་མེད་མཁན་ར་ལུག་ཚོ་ག་རེ་འདྲན་གྱི་ཡོད་ན། བོད་ནང་རང་ལུས་མེར་སྲེག་བཏང་གནང་བ་ཚོ་་་ མ་མཐོང་བ་ཡིན་ན། མ་ཐོས་པ་ཡིན་ན། སྣང་མེད་ཡིན་ན། དེ་ཚོ་གྲལ་དེ་རྒྱ་དམར་གུང་ཕྲན་ཏང་ལ་རྒྱབ་སྐྱོར་གྱིས་སྣམ་པ་མཚོན་འདུག་སྙམ། གང་ལ་ཞུས་ན། གུང་ཕྲན་གྱི་་་ བོད་རང་བཙན་ཁོ་རང་མི་གཅིག་གི་གནས་དོན་རེད་བཤད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist