མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ལ་ཏ་ཀ་སུའི་གཟེངས་རྟགས་ཕུལ།

བོད་ཀྱི་དུས་བབ།
༢༠༡༧/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp
སྨན་པ་ཏ་ཀ་སུ་ལགས་ཀྱིས་བོད་མི་དང་ཉི་ཧོང་མི་མང་གཉིས་བར་རིག་གཞུང་སོགས་ཕྱོགས་ཡོངས་ནས་འདྲ་མཚུངས་ཡོད་པར་མ་ཟད། བོད་མི་ཚོའི་སྡུག་བསྔལ་དེ་ཁོང་རང་གི་ནང་མིའི་སྡུག་བསྔལ་ལྟ་བུར་ཚོར་གྱི་ཡོད་སྐོར་བརྗོད་སོང་།
 
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་། ཉི་ཧོང་གི་ཏ་ཀ་སུ་ཐེབས་རྩའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བོད་དོན་འཐབ་རྩོད་དང་ཤེས་ཡོན་རྒྱབ་སྐྱོར་མཚོན་བྱེད་ཏ་ཀ་སུའི་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་ཐོག་ཉི་ཧོང་གི་ཏ་ཀ་སུ་ཐེབས་རྩའི་ཚོགས་གཙོ་སྨན་པ་གྲགས་ཅན་ཏ་ཀ་སུ་ཁོང་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད་རྣམས་བཅས་འཛོམས་འདུག
 

མཛད་སྒོའི་སྟེང་སྨན་པ་ཏ་ཀ་སུ་ལགས་ནས་བོད་རིགས་གཞོན་སྐྱེས་ཚོའི་ཤེས་ཡོན་ཡར་རྒྱས་ཆེད་རྒྱབ་སྐྱོར་ཡོད་སྐོར་ཁོང་གིས། བོད་པ་ཚོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྟ་བུའི་མགོ་ཁྲིད་ཅིག་ཡོད་པ་ནི་དགའ་འོས་པ་ཞིག་རེད། བོད་མི་དང་ཉི་ཧོང་མི་མང་གཉིས་བར་རིག་གཞུང་དང་གོམས་གཤིས། འཚོ་བ་སྐྱེལ་སྟངས་སོགས་ཕྱོགས་ཡོངས་ནས་འདྲ་མཚུངས་ཡོད་སྟབས། བོད་མིའི་སྡུག་བསྔལ་དེ་ང་རང་གི་ནང་མིའི་སྡུག་བསྔལ་ལྟ་བུར་ཚོར་གྱི་ཡོད། ང་ཚོས་དྲག་པོའི་སྒོ་ནས་གཞན་ལ་གནོད་པ་མི་བྱེད་པར་ཞི་བདེའི་ཐབས་ལ་བརྟེན་ནས་ཕན་ཚུན་ལ་སྲུང་སྐྱོབ་བྱེད་དགོས། ང་ཚོས་རང་གི་ཕྲུ་གུ་ཚོར་སློབ་གསོ་ཡག་པོ་སྤྲད་ནས་གསོ་སྐྱོང་དང་སྲུང་སྐྱོབ་བྱེད་དགོས། གལ་ཏེ་ང་ཚོས་རང་གི་ཕྲུ་གུར་ཤེས་ཡོན་སློབ་གསོ་ཡག་པོ་སྤྲད་པ་ཡིན་ན། ང་ཚོས་མ་འོངས་པའི་མི་རབས་ལ་བཟང་ཕྱོགས་ནས་རེ་བ་བཅང་ཆོག་གི་རེད། ང་རང་གི་ལས་ཀའི་ཡོང་འབབ་དེ་བཟང་ཕྱོགས་ཀྱི་ལས་དོན་ཐོག་བེད་སྤྱོད་གཏོང་འདོད་ཡོད་ལ། ལྷག་པར་དུ་ངས་བོད་པའི་གཞོན་སྐྱེས་ཚོའི་ཤེས་ཡོན་ཆེད་དཔལ་འབྱོར་གྱི་རོགས་སྐྱོར་བྱེད་འདོད་ཡོད། མ་འོངས་པར་བོད་པའི་ན་གཞོན་ཚོའི་གྲས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནང་བཞིན་མཁས་འཇོན་གཉིས་ལྡན་གྱི་མི་སྣ་མང་པོ་ཡོང་བར་ངས་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

མཇུག་ཏུ་སྨན་པ་ཏ་ཀ་སུ་ལགས་ནས་འཛེམས་དོགས་མེད་པར་བོད་མིར་རྒྱབ་སྐྱོར་གནང་བཞིན་ཡོད་པའི་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། དེ་སྔ་ནས་སྨན་པ་ཏ་ཀ་སུ་ལགས་ཀྱིས་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གནང་མུས་ཡིན་པར་མ་ཟད། ཕྱི་ལོ་ ༢༠༡༤ ལོར་ཁོང་དྷ་རམ་ས་ལར་ཕེབས་སྐབས་བཀའ་ཤག་གི་ངོས་ནས་བོད་ཕྲུག་གི་ཤེས་ཡོན་དམིགས་བསལ་གལ་ཆེན་པོར་བརྩི་བཞིན་ཡོད་པ་དེ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་། ང་རང་ཐེངས་ཁ་ཤས་ལ་ཉི་ཧོང་ནང་ཕྱིན་སྐབས་ཁོང་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་། ཁོང་ནི་༧གོང་ས་མཆོག་ལ་ཧ་ཅང་བརྩི་བཀུར་བྱེད་མཁན་ཞིག་དང་བོད་དོན་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་རྟག་ཏུ་བོད་མིའི་སྒྲིག་འཛུགས་ལའང་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡིན་ཞེས་གསུང་གི་འདུག ཁོང་ནི་ཉི་ཧོང་གི་སྨན་པ་གྲགས་ཅན་ཞིག་ཡིན་སྟབས། དེ་སྔོན་རྒྱ་ནག་གི་ཚོང་པ་དང་ཕྱུག་བདག་མང་པོ་ཁོང་གི་སར་ཡོང་གི་ཡོད་ཀྱང་། ཁོང་དྷ་རམ་ས་ལར་སླེབས་ཏེ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་། སྨན་ཁང་དང་ལས་ཁུངས་ནང་༧གོང་ས་མཆོག་གི་སྐུ་པར་དང་ནང་པའི་ཐང་ཀ་ཆེན་པོ་མང་པོ་བཤམས་པར་བརྟེན། དེང་སྐབས་རྒྱ་མི་དེ་ཚོ་ཁོང་གི་སར་ཡོང་གི་མེད་པ་དང་། དེ་སྔོན་ཁོང་གིས་ད་དུང་རྒྱ་ནག་གི་སློབ་ཕྲུག་ཚོར་སྦྱིན་བདག་བྱས་སྟབས་སློབ་ཕྲུག་ཚོས་མཚམས་རེར་ལོ་སར་སྐབས་སུ་འཚམས་འདྲིའི་ཡི་གེ་དེ་འདྲ་གཏོང་གི་ཡོད་ཀྱང་དེང་སྐབས་དེ་ཚོའང་ཡོང་གི་མེད་པ་དང་། ད་ཆར་ཁོང་དང་རྒྱ་མི་བར་གྱི་འབྲེལ་ལམ་ཆད་ཡོད་ནའང་དེ་ལ་ཁྱད་པར་གང་ཡང་མི་འདུག་ཅེས་ཀྱང་གསུང་གི་འདུག ཐེངས་འདིའི་གཟེངས་རྟགས་དེ་ང་རང་སྒེར་ལ་སྤྲད་པ་ཞིག་མ་ཡིན་པར། དེ་ནི་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ལ་ཕུལ་བ་ཞིག་ཆགས་ཀྱི་ཡོད་སྟབས། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་དང་།  ཐེངས་འདིའི་གཟེངས་རྟགས་དང་མཉམ་དུ་ཨ་སྒོར་འབུམ་གཅིག་ཙམ་འདུག་ལ། སྐུ་ཞབས་ཏ་ཀ་སུ་ཁོང་ནི་བོད་མིའི་ཤེས་ཡོན་ལ་ཐུགས་འཁུར་གནང་མཁན་ཞིག་ཡིན་སྟབས། དངུལ་དེ་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ་ཕུལ་བ་ཡིན་ན། ཁོང་གི་དགོངས་གཞི་དང་མཐུན་པ་ཞིག་རེད། ཅེས་སོགས་གསུངས་སོང་།

 
ཕྱི་ལོ་ ༢༠༡༤ ལོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཉི་ཧོང་ལ་ཕེབས་སྐབས། སྨན་པ་ཏ་ཀ་སུ་དང་ཐེངས་དང་པོར་མཇལ་འཕྲད་ཀྱིས་ཕན་ཚུན་བར་འབྲེལ་ལམ་བྱུང་བ་དང་། སྐབས་དེར་སྨན་པ་ཏ་ཀ་སུ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་བོད་པའི་གཞོན་སྐྱེས་ཚོའི་ཤེས་ཡོན་ཆེད་དུ་རོགས་དངུལ་གནང་གི་ཡིན་ཞེས་བརྗོད་པ་ལྟར། ལོ་དེར་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ལ་སློབ་ཡོན་ཧིན་སྒོར་འབུམ་ ༡༠༠ ཕུལ་ཡོད་འདུག
 གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese