མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ས་གནས་མི་མང་གི་མངོན་འདོད་ལ་རྡོག་རོལ་གཅིག་ཀྱང་གཏོང་གི་མིན།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་ཡུལ་མི་དང་གྲོས་བསྡུར་གནང་རྗེས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་མངའ་སྡེའི་ནང་ལག་བསྟར་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་འདུག

རྒྱ་གར་དཔལ་འབྱོར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་ནང་མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག  ས་གནས་མི་མང་གིས་བོད་མི་སྐྱབས་བཅོལ་བར་རོགས་སྐྱོར་མཚམས་འཇོག་བྱེད་དགོས་པའི་ཐད་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་སྟབས །  ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་གསར་འགོད་གསར་བསྒྲགས་ཤིག་སྤེལ་ཏེ།  ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐོག་སྲིད་ཇུས་ག་འདྲ་ཞིག་ལག་བསྟར་བྱས་པ་ཡིན་ནའང་། དེས་ས་གནས་མི་མང་གི་མངོན་འདོད་ལ་དོ་ཕོག་འགྲོ་ཡི་མེད་པ་མ་ཟད།  བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་སྐོར་ལ་མངའ་སྡེ་གཞུང་གིས་ས་གནས་མི་མང་གི་རྒྱབ་སྐྱོར་འོག མཉམ་ལས་བྱ་རྒྱུ་ཡིན་ཚུལ་དང་། ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས། ང་ཚོས་ས་གནས་མི་མང་གི་མངོན་འདོད་ལ་རྡོག་རོལ་གཏོང་བའི་ཐག་གཅོད་གཅིག་ཀྱང་བྱ་རྒྱུ་མིན། ཞེས་གསུངས་ཡོད་སྐོར་བསྒྲགས་འདུག

རྒྱ་གར་དཔལ་འབྱོར་དུས་བབ་གསར་ཁང་གི་གསར་འགྱུར་གཞན་ཞིག་གི་ནང་དུ། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་གཱེ་རན་རཱ་ཇི་ཇཱོ་(Kiren Rijiju)ལགས་ཀྱིས། ཨ་རུ་ན་ཅལ་དུ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ལག་བསྟར་བྱས་མེད་པ་མ་ཟད།  སྲིད་བྱུས་དེའི་སྐོར་ལ་མངའ་སྡེའི་སློབ་ཕྲུག་མཐུན་ཚོགས་གཙོས་ས་གནས་མི་མང་དང་། ཨ་རུ་ན་ཅལ་གྱི་ཚོགས་པ་ཁག་ཚང་མར་གྲོས་བསྡུར་བྱས་རྗེས་ལག་བསྟར་བྱ་རྒྱུ་ཡིན་ལ། མ་གཞི་བོད་མི་ཚོས་རྒྱ་གར་མི་སེར་གྱི་ཐོབ་ཐང་རྩོད་ཀྱིན་མེད་པ་མ་ཟད། སྲིད་ཇུས་དེ་ཁོ་ཚོ་གནས་སྡོད་བྱེད་སའི་ས་གནས་ཁག་གི་བདེ་སྡུག་ལ་ལྟ་རྟོག་བྱེད་པ་ཙམ་ཡིན།  ཞེས་བརྗོད་འདུག

དེ་རིང་ཨ་རུ་ན་ཅལ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ཨ་རུ་ན་ཅལ་སློབ་ཕྲུག་མཐུན་ཚོགས་ཀྱི་གོ་སྒྲིག་འོག མི་མང་པོས་བོད་མི་སྐྱབས་བཅོལ་བར་ངོ་རྒོལ་ཞེས་ལས་འགུལ་ཆེན་པོ་ཞིག་སྤེལ་ཡོད་པ་དང་། སྐབས་དེར་ཨ་རུ་ན་ཅལ་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཊག་རོ་ཊམ (Tagru Tame)གྱིས།  ང་ཚོས་ས་གནས་མི་མང་གི་ཐོབ་ཐང་ཆེད་བོད་མི་སྐྱབས་བཅོལ་བའི་གནད་དོན་དེར་མུ་མཐུད་འཐབ་རྩོད་བྱ་རྒྱུ་ཡིན་ལ།  ད་ལྟ་ལས་འགུལ་འདི་མགོ་བརྩམས་མ་ཐག་ཡིན་པ་མ་ཟད།  ང་ཚོས་གྲོང་ཁྱེར་ནང་གི་ཁང་བདག་ཚོར་བོད་མི་སྐྱབས་བཅོལ་བ་ཚོས་ཁང་གླ་བཏང་སྟེ་ཚོང་གཉེར་བྱེད་ཀྱི་ཡོད་པ་ཚང་མ་ཕྱིར་འཕུད་གཏོང་དགོས་པའི་གནས་ཚུལ་འགྲེམས་སྤེལ་བྱས་ཡོད།  ཅེས་བརྗོད་འདུག

ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་གཏན་འབེབས་གནང་སྟེ། མངའ་སྡེ་གཞུང་སོ་སོའི་རྩ་ཁྲིམས་འོག་ལག་བསྟར་ཇི་ལྟར་གནང་དགོས་པའི་བཀོད་ཁྱབ་ལམ་སྟོན་བཅས་གནང་ཡོད་པ་དང་། སྲིད་བྱུས་དེའི་ནང་ས་གནས་སོ་སོའི་བོད་མིའི་གཞིས་ཆགས་གསར་འཛུགས་དང་ལས་ཀའི་གོ་སྐབས་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་སོགས་གསལ་ཡོད་པ་རེད།

གསར་འགོད་པ།  སྐལ་བཟང་སྤྱིན་པ།

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོབ་བྱུང་།

ཆུ་ཚོད་ ༢ སྔོན་ལ།
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

ཆུ་ཚོད་ ༣ སྔོན་ལ།
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

ཆུ་ཚོད་ ༥ སྔོན་ལ།
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

མཆན། 3

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 6 སྔོན།

    ང་ཚོ་མིའི་ལུང་པའི་ནང་སྐྱབས་བཅོལ་ནས་སྡད་ཡོད་ན་འགྲོ་བཟོ་སྡོད་མཁས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ནས་ཡུལ་མིའི་མིག་ལམ་དུ་མི་འགྲོ་བའི་ཐལ་ཆའི་རིགས་རྒྱུན་དུ་དོ་སྣང་གནང་དགོས་པ་དེ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་རྒྱུན་དུ་ཐུགས་སྣང་གནང་དགོས་པ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་དང་བསྲ་བརྟན་ཐུབ་པའི་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ངོས་འཛིན་ཡང་ཞུ་གི་ཡོད་།

    Reply
  2. བསྟན་འཛིན་ཉི་མ། says:
    ལོ་ 6 སྔོན།

    རྒྱ་གར་དབུས་གཞུང་ལ་རྟག་ཏུ་བོད་མི་སྐྱབས་བཅོལ་བ་ལ་གཟིགས་པ་ཆེ་ཆུང་ལ་མ་བལྟོས་པར་ཡོད་པར་ངོས་འཛིན་ཡོད། མངའ་སྡེ་འགའ་རེས་བོད་མི་སྐྱབས་བཅོལ་ལ་ངོ་བརྒོལ་བྱས་ཚེ་དེ་ནི་མངའ་སྡེ་སོ་སོའི་རང་དབང་རེད། འོན་ཀྱང་། གལ་ཏེ་བོད་མི་ཚོར་མི་བཟོད་པའི་དཀའ་སྡུག་ཕྲད་ཚེ་ངས་ཐབས་བྱུས་ཡ་མཚན་སྔར་མེད་གསར་གཏོད་ཞིག་བྱ་རྒྱུ་རེད། །

    Reply
    • dipsel lhamo says:
      ལོ་ 6 སྔོན།

      I think yours vomiting words has been vomit so early please keep patient because like these protest was held several times so let it as a normal activities. We entire Tibetans has to learn a lesson and to learn how to live with unity in the sense of oneness Nationalism. When the sound of protest we hear from those peoples they never shout simply for Khampas to go back neither Amdos or Utsangs but their voice of slogans was against Tibetans. So now we all have must to learn a lesson to live with sense of oneness through eliminate our division of wrong thoughts from this aggressive protest to whole the Tibetans. When communist Chinese conquered our motherland they quite entire Tibetans from our own Country not particular region so during our refugee period if there any protest held on us the sound will be hear as a same, that is ( Tibetans ) so we should be alert for ever in any time. Stay calm and liberal mind with sense of ONENESS TIBETAN.

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist