མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབར་གས་བྱུང་སྟེ་མི་གྲངས་ ༢༠༠ ལྷག་བསད།

བོད་ཀྱི་དུས་བབ།
༢༠༡༧/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp
སཱོ་མ་ལི་ཡ་རྒྱལ་ཁབ་ཀྱི་རྒྱལ་སར་འབར་རྫས་གས་འཐོར་གྱི་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་གྲངས་ ༢༣༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་འདུག
སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སཱོ་མ་ལི་ཡ་(Somali)རྒྱལ་ཁབ་ཀྱི་རྒྱལ་ས་མཱོ་ག་དི་ཤུ་ (Mogadishu)ལ་སྣུམ་འཁོར་གཉིས་ཀྱི་ནང་འབར་རྫས་གས་འཐོར་གྱི་དོན་རྐྱེན་བྱུང་སྟེ། ཉུང་མཐར་མི་གྲངས་ ༢༣༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། མི་ ༣༠༠ ལྷག་ལ་རྨས་སྐྱོན་ཕོག་ཏེ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྨས་མ་ ༢༥ ཡི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་བསྡད་ཡོད་འདུག
 
འབར་རྫས་དང་པོ་དེ་རྒྱལ་སའི་དཀྱིལ་དུ་ཡོད་པའི་མགྲོན་ཁང་གྲགས་ཅན་སཱ་ཕ་རིའི་(Safari Hotel)ཉེ་འགྲམ་དུ་གས་འཐོར་བྱུང་སྟེ་ཚོང་ཁང་ ༡༠ ལྷག་ལ་གཏོར་བཤིག་ཆེན་པོ་ཐེབས་ཡོད་པ་རེད། དེ་བཞིན། གས་འཐོར་དང་པོ་བྱུང་སྐབས་སཱོ་མ་ལི་ཡའི་རྒྱལ་སར་ཡོད་པའི་ཀཱ་ཏར་(Qatar)རྒྱལ་ཁབ་ཀྱི་དོན་གཅོད་ཁང་ལའང་གཏོར་བཤིག་ཆེན་པོ་ཕོག་ཡོད་ཀྱང་། ཀཱ་ཏར་རྒྱལ་ཁབ་ཀྱི་དོན་གཅོད་ཁང་གི་འབྲེལ་མཐུད་པས་གསལ་འགོད་གསལ་བསྒྲགས་བརྒྱུད་དེར་ཡོད་ལས་བྱེད་ཅིག་ལ་རྨས་སྐྱོན་ཆུང་ངུ་ཞིག་ཕོག་ཡོད་པ་མ་གཏོགས་གཞན་ཚང་མ་བདེ་ཐང་ཡོད་སྐོར་བརྗོད་ཡོད་པ་རེད།
 
འབར་གས་དང་པོ་བྱུང་སྟེ་སྐར་མ་གཅིག་ཙམ་གྱི་རྗེས་སུ་ཡང་བསྐྱར་མཱ་དི་ནཱ་(Madina)རྫོང་ཁོངས་ཀྱི་སྣུམ་འཁོར་ཞིག་ལ་འབར་གས་བྱུང་ཡོད་པ་དང་།  དེ་ནི་ཁ་ཆེ་དྲག་སྤྱོད་རུ་ཁག་ཨཱལ་ཤ་བཱབ་(Al-Shabab)ཀྱིས་ཕྱི་ལོ་ ༢༠༠༧ ལོར་དྲག་པོའི་འབར་རྫས་གཏོར་རྒོལ་བྱུང་རྗེས་ཀྱི་འབར་གས་དོན་ཆེན་ཚབས་ཆེ་ཤོས་ཆགས་ཡོད་འདུག
 
ས་གནས་ཀྱི་གསར་འགོད་པས་བརྗོད་པ་ལྟར་ན། སཱོ་མ་ལི་ཡའི་བདེ་སྲུང་དམག་མི་ཚོས་སྣུམ་འཁོར་ཞིག་ནང་འབར་རྫས་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་ཡོད་པ་དང་། དེ་མ་ཐག་ཁཽང་ཚོས་སྣུམ་འཁོར་དེ་རྩད་གཅོད་བྱེད་བཞིན་པའི་སྐབས་སུ་འབར་རྫས་གས་འཐོར་བྱུང་ཡོད་འདུག 
སཱོ་མ་ལི་ཡར་ཡོད་པའི་དམིགས་བསལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཱ་ཡེ་ཀེལ་ཀི་ཏིང་(Michael Keating)ལགས་ཀྱིས། མི་ངན་དེ་ཚོས་མང་ཚོགས་མང་པོ་འདུ་འཛོམས་བྱེད་སའི་རྒྱལ་སར་ཆེད་དུ་དམིགས་ཏེ། འཆར་གཞི་ལྡན་པའི་ཐོག་བསམ་བཞིན་དུ་གཞུང་ལ་གྱེན་ལོག་གི་རྣམ་པ་མཚོན་ཕྱིར་ཉེས་མེད་ཀྱི་མི་མང་བསད་པ་རེད། ཅེས་བརྗོད་ཡོད་འདུག
 
འདས་པའི་ལོ་ཤས་ནང་སཱོ་མ་ལི་ཡའི་རྒྱལ་སར་དྲག་སྤྱོད་ཀྱི་གནད་དོན་རབ་དང་རིམ་པ་བྱུང་ཡོད་ལ། ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཨཱལ་ཀོ་ཡེ་ཌ་(Al Qaeda)དང་འབྲེད་ཡོད་དྲག་སྤྱོད་པས་གཏོར་རྒོལ་བྱས་ཏེ་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག  ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོའི་ནང་སཱོ་མ་ལི་ཡའི་རྒྱལ་ཁབ་ནང་ཐན་པ་བྱུང་བ་དང་། ཡུལ་དེར་དུས་རྒྱུན་དྲག་སྤྱོད་ཀྱི་དོན་རྐྱེན་མུ་མཐུད་དེ་བྱུང་བཞིན་ཡོད་པར་བརྟེན། མ་འོངས་པར་མུ་གེ་བྱུང་སྟེ་མི་མང་ས་ཡ་ ༣།༡ ཙམ་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཡོད་སྐོར་བསྒྲགས་ཡོད་པ་རེད། 
 
གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ཡ says:
    ལོ་ 6 སྔོན།

    དུས་རབས་ཉེར་གཅིག་མི་རྣམས་དུག་ལྔའི་བསླུས་།
    དུས་རབས་ཉེར་གཅིག་མི་རྣམས་འདོད་པས་བསླུས་།
    དུས་རབས་ཉེར་གཅིག་མི་རྣམས་ཉོན་མོངས་སྒྲིབ་།
    དུས་རབས་ཉེར་གཅིག་མི་རྣམས་བསོད་ནམས་ཟད་།
    དུས་ངན་ཤར་ནས་མི་རྣམས་འདོད་པས་ཕུངས་།
    དུས་ངན་འོག་ཏུ་འཛམ་གླིང་ཧྲིལ་པོ་སྒྲིབ་།
    དུས་ངན་འོག་ཏུ་མི་ངན་རླུང་རྟ་མཐོ་།
    ཧཧཧཧཧ

    Reply
  2. དོན་གྲུབ་བཟང་པོ། says:
    ལོ་ 6 སྔོན།

    ཁ་ཆེ།འབར་རྫས་རྒྱག་ནས་གསོད་རེས་བཏང།ཁ་ཆེ་ཡོད་སར་རྙོག་དྲག་ཡོད་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist