མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ན་གཞོན་ ༣ ལ་ཧིན་སྒོར་འབུམ་ ༣ རེ་སྤྲད།

བོད་ཀྱི་དུས་བབ།
༢༠༡༧/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མ་འོངས་པར་བོད་ལའང་ཊེ་ལེ་ཝུ་ཊ་ཞེས་པ་ཞིག་ཡོད་ན་བསམ་གྱི་ཡོད་སྐོར་གསུངས་སོང་།
 
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡།༣༠ སྟེང་། ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་ཚན་པས་གློག་བརྙན་སྒྲིག་བཟོའི་ལས་འཆར་སྐོར་གྱི་གསར་འགོད་གསལ་བསྒྲགས་སྤེལ་ཏེ། བོད་ཀྱི་ན་གཞོན་གསུམ་ལ་གློག་བརྙན་སྒྲིག་བཟོའི་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་སྤྲད་སོང་བ་དང་། གསལ་བསྒྲགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་ཟླ་སྒྲོན་ལགས། གློག་བརྙན་སྒྲིག་བཟོའི་ལས་འཆར་གྱི་ཟུར་དཔང་བསྟན་འཛིན་བསོད་ནམས་དང་བསྟན་འཛིན་རིན་ཆེན་ལགས་བཅས་འཛོམས་འདུག
 
ཤར་གླིང་ཟླ་སྒྲོན་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་ཚན་པས་ད་ལོར་གློག་བརྙན་སྒྲིག་བཟོ་ཆེད་མ་དངུལ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ལྟར། དེ་རིང་བདམས་ཐོན་བྱུང་བའི་བོད་ཀྱི་ན་གཞོན་གསུམ་ལ་གློག་བརྙན་སྒྲིག་བཟོའི་མ་དངུལ་སྤྲོད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་གློག་བརྙན་བཟོ་བར་སྤྲོ་བ་ཡོད་མཁན་དང་གློག་བརྙན་སྒྲིག་བཟོ་ལ་སྦྱོང་བརྡར་བྱེད་མཁན་སོགས་གློག་བརྙན་དང་འབྲེལ་བའི་སྒྱུ་རྩལ་ལ་མོས་འདུན་ཡོད་མཁན་མང་པོ་ཡོད་པར་བརྟེན། ང་ཚོའི་ངོས་ནས་དཔལ་འབྱོར་གྱི་རྒྱབ་སྐྱོར་ཆེ་ཆུང་ལ་མ་བལྟས་པར་ཁོང་ཚོར་སེམས་ཤུགས་སྤར་སྟེ་མུ་མཐུད་འབད་བརྩོན་བྱེད་ཆེད་རོགས་དངུལ་དེ་སྤྲོད་ཀྱི་ཡོད་ལ། ཁོང་ཚོས་རང་གི་འདོད་པ་ལྟར་རྣམ་དཔྱོད་བེད་སྤྱོད་བྱས་ཏེ་བརྗོད་བྱ་བོད་དོན་དང་འབྲེལ་བའི་ཐོག་གློག་བརྙན་གང་མང་བཟོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

སྲིད་སྐྱོང་མཆོག་གིས་བོད་ཀྱི་ན་གཞོན་གསུམ་ལ་གློག་བརྙན་སྒྲིག་བཟོའི་མ་དངུལ་ཧིན་སྒོར་འབུམ་གསུམ་རེ་གནང་བ་དང་འབྲེལ་ཏེ། ཕྱི་དྲིལ་སྒྲ་བརྙན་ཚན་པའི་འགན་འཛིན་རྣམ་རྒྱལ་ཚེ་དབང་ལགས་ཀྱིས། ང་ཚོར་གློག་བརྙན་སྒྲིག་བཟོའི་ལས་འཆར་གྱི་མ་དངུལ་ཆེད་ཐོག་མར་སྙན་ཞུ་འབུལ་མཁན་མི་གྲངས་ ༡༢ བྱུང་བ་དང་། ང་ཚོས་འདེམས་སྒྲིག་རིམ་པ་གཉིས་བྱས་ཡོད། རིམ་པ་དང་པོའི་འདེམས་སྒྲིག་སྐབས་མི་གྲངས་ ༡༢ ནས་ ༩ བདམས་པ་དང་། འདེམས་སྒྲིག་རིམ་པ་གཉིས་པའི་སྐབས་མི་གྲངས་༩ ནས་ ༣ བདམས་ཡོད། ད་ལོ་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་གློག་བརྙན་སྒྲིག་བཟོ་ཆེད་མ་དངུལ་ཕུལ་བ་ཐེངས་དང་པོ་ཆགས་ཡོད། ཁོང་ཚོའི་ཟུར་དཔང་དུ་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ལགས་དང་། བོད་ཀྱི་གློག་བརྙན་དུས་སྟོན་གྱི་གོ་སྒྲིག་པ་བསྟན་འཛིན་ཚེ་བརྟན་ལགས། དེ་བཞིན་བོད་ཀྱི་ནོར་ཝེ་རླུང་འཕྲིན་ཁང་གི་བསྟན་འཛིན་དཔལ་སྒྲོན་ལགས་དང་སྐལ་བཟང་རིན་ཆེན་ལགས་བཅས་ཕེབས་ཡོད་པ་རེད། ཟུར་དཔང་རྣམ་པས་ཁོང་ཚོ་གསུམ་བདམས་པར་མ་ཟད། རྗེས་སུ་ཁོང་ཚོར་གློག་བརྙན་བཟོ་སྟངས་ལ་ལམ་སྟོན་དང་ཕྱག་རོགས་གང་ཐུབ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད། ཅེས་བརྗོད་སོང་།
 
ཐུབ་བསྟན་བསོད་ནམས་བཀྲ་ཤིས་ལགས་ཀྱིས་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ནུས་སྟོབས་སྐོར་ལ་གློག་བརྙན་བཟོ་འཆར་ཡོད་སྐོར་བརྗོད་དོན། ང་ཚོའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་ལ་བརྩི་བཀུར་དང་གལ་ཆེན་པོར་བརྩི་བཞིན་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་བུད་མེད་ཀྱི་ནུས་སྟོབས་གལ་ཆེན་པོ་དང་བརྩི་བཀུར་བྱེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་ཟེར་ན། མི་རིགས་ཤིག་ལ་ཆ་བཞག་ན་གལ་ཆེ་ཤོས་དེ་ཕྲུ་གུ་ཡིན་པ་དང་། ཕྲུ་གུ་དེ་འཚར་ལོངས་ཡག་པོ་བྱུང་དང་མ་འབྱུང་ཟེར་བ་དེ་ཁོ་ཚོའི་བསམ་བློ་གཏོང་ཕྱོགས་ལ་རག་ལས་ཡོད་པ་དང་། ཁོང་ཚོའི་བསམ་བློ་གཏོང་ཕྱོགས་དེའང་ཁོ་ཚོ་སྐྱེད་བསྲིང་བྱེད་མཁན་ཕ་མ་ལ་རག་ལས་ཡོད་པ་དང་། ལྷག་པར་དུ་ཨ་མ་དེ་གལ་ཆེ་ཤོས་ཆགས་ཡོད་པ་རེད། མི་སུ་ཡིན་ཡང་ཁོའི་དགེ་རྒན་ཆེས་ཐོག་མ་དེ་ཨ་མ་ཆགས་བསྡད་ཡོད་སྟབས། ངས་བརྗོད་བྱ་འདི་བདམས་པ་ཡིན། ཞེས་བརྗོད་སོང་།
 
སྐལ་བཟང་འཇིགས་མེད་ལགས་ཀྱིས་བཙན་བྱོལ་ནང་གི་དམངས་གཙོའི་སྐོར་ལ་གློག་བརྙན་བཟོ་འཆར་ཡོད་སྐོར་བརྗོད་དོན། ངས་བཙན་བྱོལ་ནང་གི་དམངས་གཙོ་ལས་འཕྲོས་ཏེ་བརྗེད་ཟིན་པའི་བོད་རིགས་ཁ་ཆེ་བ་ཞེས་པའི་བརྗོད་བྱའི་ཐོག་གློག་བརྙན་བཟོ་འཆར་ཡོད། ངས་གློག་བརྙན་དེ་བརྒྱུད་ནས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ནམ་བརྡ་ལན་གང་སྤྲོད་ཐུབ་ཀྱི་འདུག་ཅེ་ན། ང་ཚོ་བོད་རིགས་ཚང་མས་བོད་རིགས་ཁ་ཆེའི་སྐོར་ལ་སློབ་གཉེར་བྱེད་དགོས་པ་དང་། ཁོང་ཚོའི་སྐད་ཡིག་དང་རིག་གཞུང་ལའང་བོད་པ་ཚང་མར་སྲུང་སྐྱོབ་བྱ་རྒྱུའི་འགན་ཡོད་པ་དང་། ཆོས་ལུགས་མཐུན་འབྲེལ་ཟེར་ན་གང་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་སོགས་དཔེ་སྟོན་བྱ་འདོད་ཡོད། ཅེས་བརྗོད་སོང་།
 
འཇམ་དཔལ་ཤེས་རབ་ལགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཐུན་མོང་གི་མངོན་འདོད་སྐོར་ལ་གློག་བརྙན་བཟོ་འཆར་ཡོད་སྐོར་བརྗོད་དོན། ངས་ཐོག་མར་ ༡༩༥༠ ལོ་ནས་ ༡༩༦༠ བར་གྱི་བོད་མི་དང་བླངས་དམག་མིའི་མི་ཚེ་ལོ་རྒྱུས་གཞི་ལ་བཞག་པའི་ཐོག་གློག་བརྙན་བཟོ་འཆར་ཡོད། བརྗོད་བྱ་དེ་གཙོ་བོར་འཇོག་དགོས་པའི་རྒྱུ་མཚན་ནི། ངའི་པ་ལགས་ཡིན་ནའང་དང་པོ་དང་བླངས་དམག་ནང་ཞུགས་ཡོད་པ་རེད། པ་ལགས་ཀྱིས་ང་ལ་ཁོ་རང་གི་ལོ་རྒྱུས་བཤད་སྐབས། དེ་ནི་ཧ་ཅང་གི་སེམས་ཤུགས་སྐྱེ་འོས་པ་དང་ཡིད་དབང་འཕྲོག་པ་ཞིག་ཏུ་མཐོང་སོང་ལ། དེ་ནི་ང་ཚོའི་ལོ་རྒྱུས་ཆགས་ཀྱི་ཡོད་སྟབས། ངས་གློག་བརྙན་གྱི་ལམ་ནས་དང་བླངས་དམག་གི་ལོ་རྒྱུས་དེ་ང་ཚོའི་ན་གཞོན་གསར་པ་ཚོར་སྟོན་འདོད་ཡོད། ཅེས་བརྗོད་སོང་།
 
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གློག་བརྙན་སྒྲིག་བཟོའི་ལས་གཞི་དེ་གསར་པ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོས་ལས་གཞི་དེ་འདྲར་རྒྱབ་སྐྱོར་དང་སེམས་ཤུགས་སྤར་དགོས་དོན་ནི། རྒྱ་གར་ལ་བྷོ་ལེ་ཝུ་ཊ།(Bollywood) ནུབ་ཕྱོགས་ལ་ཧོ་ལེ་ཝུ་ཊ།(Hollywood) དེ་བཞིན་རྒྱ་གར་ལྷོ་ཕྱོགས་ལ་ཊི་ལེ་ཝུ་ཊ་དང་ཀོ་ལེ་ཝུ་ཊ་(Tollywood) (Kollywood)སོགས་ཡོད་པ་རེད། མ་འོངས་པར་བོད་ལའང་ཊེ་ལེ་ཝུ་ཊ་(Tillywood)ཞེས་པ་ཞིག་ཡོད་ན་བསམ་པ་ཡིན། གློག་བརྙན་བརྒྱུད་བོད་དོན་དེ་རྒྱལ་སྤྱིའི་སྟེང་ལས་སླ་པོའི་ཐོག་སླེབ་ཐུབ་ཀྱི་རེད། མི་མང་བརྒྱ་ཆ་མང་ཤོས་ཀྱིས་གསར་ཤོག་དང་རླུང་འཕྲིན་ལས་གློག་བརྙན་གྱི་ལས་རིམ་ལ་དོ་སྣང་མང་ཙམ་བྱེད་ཀྱི་ཡོད་པ་བདེན་པ་རེད། དེར་བརྟེན་ང་ཚོས་གློག་བརྙན་གྱི་ལས་རིམ་བརྒྱུད་བོད་ཕྱི་ནང་གི་གནས་ཚུལ་དེ་དག་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སླེབ་ཐུབ་ཀྱི་རེད་དྲན་གྱི་འདུག དེ་བཞིན་ང་རང་བསྟན་འཛིན་བསོད་ནམས་ལགས་ཀྱིས་གོ་སྒྲིག་གནང་བའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་། བསྟན་འཛིན་རིན་ཆེན་ལགས་ཀྱིས་གོ་སྒྲིག་གནང་བའི་བོད་ཀྱི་གློག་བརྙན་དུས་སྟོན་གཉིས་ལ་ཐེངས་འགར་ཕྱིན་པ་ཡིན། དུས་སྟོན་ཐོག་བསྟན་པའི་གློག་བརྙན་གྱི་ཐོ་གཞུང་ནང་ཕྱིའི་མིས་བོད་ཀྱི་སྐོར་ལ་བཟོས་པའི་གློག་བརྙན་ལས། བོད་དོན་སྐོར་བོད་པ་རང་གིས་བཟོས་པའི་གློག་བརྙན་ཁ་ཤས་མ་གཏོགས་མི་འདུག རྒྱུས་ལོན་བྱེད་སྐབས་བོད་པ་མང་པོ་ཞིག་ལ་གློག་བརྙན་བཟོ་པར་དཔལ་འབྱོར་གྱིས་མ་འདང་བའི་དཀའ་ངལ་ཡོད་པ་གོ་ཐོས་བྱུང་། དེར་བརྟེན་ང་རང་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་ཁུར་བའི་རིང་བཀའ་ཤག་གི་ངོས་ནས་བོད་ཕྲུག་གློག་བརྙན་བཟོ་འདོད་ཡོད་མཁན་ལ་རོགས་རམ་ཅུང་ཟད་བྱེད་ཐུབ་ན་བསམ་བྱུང་། ངས་མ་འོངས་པར་ང་ཚོའི་བོད་པའི་གློག་བརྙན་བཟོ་མཁན་ཚོས་རིམ་གྱིས་འབད་བརྩོན་བྱས་ཏེ་གློག་བརྙན་དུས་སྟོན་དེ་ཚོའི་ནང་གི་གློག་བརྙན་ཐོ་གཞུང་བརྒྱ་ཆ་ ༩༩ ཙམ་བོད་པ་རང་གིས་བཟོས་པ་ཡིན་པའི་རེ་བ་བྱེད་ཀྱི་ཡོད་ལ། ཁོང་ཚོས་རྗེས་སུ་ས་གནས་ནས་རྒྱལ་ནང་དང་། རྒྱལ་ནང་ནས་རྒྱལ་སྤྱིའི་སྟེང་དུ་སླེབ་ཐུབ་རྒྱུ་མ་ཟད། རྒྱལ་སྤྱིའི་གློག་བརྙན་གྱི་བྱ་དགའ་ཨོ་སི་ཁཱར་(Oscar)ཡང་འཐོབ་པའི་རེ་བ་བྱེད་ཀྱི་ཡོད། ང་ཚོའི་བོད་གཞས་འཕུར་ཞེས་པ་དེ་རྒྱལ་སྤྱིའི་སྟེང་དུ་སླེབས་འདུག དེར་བརྟེན་ང་ཚོས་སོ་སོའི་རྣམ་དཔྱོད་ཀྱི་རྩལ་བཏོན་པ་ཡིན་ན་གློག་བརྙན་དེ་དག་ཀྱང་རྒྱལ་སྤྱིའི་སྟེང་དུ་སླེབ་ཐུབ་ཀྱི་རེད་དྲན་གྱི་འདུག ཅེས་གསུངས་སོང་།
གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༧ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 1

  1. རྒྱུད་གྲྭ་བློ་བཟང་དབང་འངུས། says:
    ལོ་ 8 སྔོན།

    གློག་བརྙན་བཟོ་འདོད་པ་ཚོ། དང་པོ་སྔོན་ལ་ མུམ་བྷཡི། བོལ་ལི་ཝུཌ་་་ ཡི་ གློག་བརྙན་་་ Andha Kanoon, Kala Bazaar, Nayak, PK སོགས་ཀྱི་ ཌཡི་རེག་ཊར་ དེ་ཚོ་བཅར་ཐུབ་ན་ཡག་པོ་ཡོད། བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese