མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇམ་དུ་གནས་སྡོད་བོད་མི་ས་དཀར་བཀྲ་ཤིས་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་གི་ནང་མི་རྣམས་ཆབ་སྲིད་ཀྱི་མིང་ཐོ་ནག་པོའི་ཁོངས་སུ་བཅུག་སྟེ་སུན་གཙེར་དང་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག

Sakkar Tashi’s profile on X. Screenshot taken on 24 June 2026.

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ས་དཀར་བཀྲ་ཤིས་ལགས་སུ་ཁོང་གི་ནང་མིའི་གནས་སྟངས་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། བོད་ནང་དུ་ཡོད་པའི་ངའི་ནང་མི་རྣམས་ལ་དངོས་སུ་དཀའ་ངལ་འཕྲད་དང་ཕྲད་མུས་ཡིན་པ་མ་ཟད། ད་ལྟ་ཕྱི་ལོགས་སོགས་སུ་འགྲོ་བར་དཀའ་ངལ་མུ་མཐུད་འཕྲད་ཀྱི་ཡོད། ངས་བོད་ནང་གི་གནས་ཚུལ་དེ་དག་ཕྱི་ཕྱོགས་སུ་དགྲམ་དགོས་ཡོད་མེད་དང་ག་རེ་བྱ་དགོས་མིན་ཐད་བསམ་བློ་གཏོང་གིན་ཡོད། ད་ལྟ་ང་རང་གི་ནང་མི་རྣམས་ལ་ཛ་དྲག་གི་དཀའ་ངལ་དང་དམ་དྲག་བྱེད་ཀྱི་ཡོད་པར་བརྟེན། ད་ལྟའི་ཆར་བོད་ནང་དུ་ཡོད་པའི་ནང་མི་རྣམས་ལ་འབྲེལ་བ་བྱེད་ཀྱི་མེད། ཅེས་བརྗོད་བྱུང་།

ཡང་ས་དཀར་བཀྲ་ཤིས་ལགས་ཀྱིས། སྤྱིར་བཏང་ངས་སྤྱི་ཚོགས་དྲ་ལམ་ཨེག་སི (X) སོགས་སུ་བོད་ནང་གི་དངོས་ཡོད་གནས་ཚུལ་དེ་དག་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་བར་བརྟེན། རྒྱ་ནག་གིས་ངའི་ནང་མི་ལ་གནོན་ཤུགས་སྤྲད་དེ། དྲ་ཐོག་ཏུ་གནས་ཚུལ་དེ་འདྲ་བྲིས་ཚེ་ཡག་པོ་མེད་པ་མ་ཟད། བོད་ནང་དུ་ཡོད་པའི་ངའི་ནང་མི་ལའང་དཀའ་ངལ་འཕྲད་རྒྱུ་དང་། བོད་ནང་དུ་འགྲོ་སྐྱོད་ཐུབ་ཀྱི་མེད་པའི་ཉེན་བརྡ་ཐེངས་མང་བཏང་བྱུང་། རྒྱ་ནག་ཉེན་རྟོག་པས་བོད་ནང་དུ་ཡོད་པའི་ནང་མི་རྣམས་ཐེངས་གཅིག་དངོས་སུ་སྐད་གཏོང་གི་ཡོང་མྱོང་བ་དང་། ཁ་པར་བརྒྱུད་ནས་ཐེངས་འགའི་རིང་སྐད་བཏང་མྱོང་འདུག  འོན་ཀྱང་། ཁོང་ཚོས་ང་ལ་ཅི་གང་ལབ་མ་སོང་། ད་དུང་ངའི་གྲོགས་པོ་ཁ་ཤས་བོད་ནང་དུ་གུང་གསེང་ནས་ཕྱིར་ལོག་སྐབས། རྒྱ་གཞུང་གིས་ཁོང་ཚོར་བཀྲ་ཤིས་ཟེར་བ་ཞིག་གིས་དྲ་ཐོག་ནས་འདྲ་མིན་བྱེད་ཀྱི་ཡོད་པ་དང་། ཁོ་རང་བོད་ནང་དུ་ཡོང་ཐུབ་ཀྱི་མེད་པས། སློབ་གསོ་རྒྱག་རོགས་ཞེས་བཤད་དེ་དེ་སྔ་ནས་གནོན་ཤུགས་སྤྲད་དང་སྤྲོད་མུས་རེད། དེ་ཡང་དེ་སྔ་ཏོག་དབྱིབས་གཉན་རིམས་སྐབས་ཏེ། ཕྱི་ལོ་ ༢༠༢༠ ལོར་ང་ལ་ཉི་མ་བླ་བྲང་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་ཡོད་པའི་ནང་ཚོགས་ཞུགས་པ་ ༥༠༠ ཙམ་ཡོད་ཅིང་། དེའི་ཁྲོད་བོད་ནང་དུ་ཡོད་པའི་བོད་མི་དང་གྲྭ་པ་སོགས་ཡོད། ཚོགས་མི་རྣམས་ཀྱིས་རྒྱ་ནག་གི་སྲིད་དབང་སྒེར་གཅོད་རིང་ལུགས་དང་དབང་སྒྱུར་ལ་གདོང་ལེན་བྱེད་ཀྱི་ཡོད། རྒྱ་ནག་གིས་ངས་ཚོགས་པ་དེའི་ནང་ཕྱིའི་གནས་ཚུལ་རྣམས་བོད་ནང་དུ་བཤད་པ་དང་བོད་ནང་གི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྟེ། དྲ་ཚིགས་དེ་མེད་པར་བཟོས་པ་མ་ཟད། གྲྭ་བ་མང་པོ་ཞིག་གི་ཁ་པར་བཙན་འཕྲོག་བྱས་པའི་གནས་ཚུལ་སོགས་བྱུང་བ་རེད། ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༠ ལོ་ནས་རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་སུ་གནོན་ཤུགས་སྤྲོད་མགོ་བཙུགས་ཡོད་ཅིང་། ལོ་དེར་ཁོང་གིས་ཉི་མ་བླ་བྲང་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ཏེ་བོད་ནང་གི་གནས་ཚུལ་ཕྱི་ཕྱོགས་སུ་སྤེལ་ཐབས་དང་ཕྱིའི་གནས་ཚུལ་བོད་ནང་དུ་སྤེལ་ཐབས་བྱས། ཚོགས་པ་དེའི་ནང་བཙན་བྱོལ་གྱི་བོད་མི་ཤེས་ཡོན་ཅན་རྣམས་མགྲོན་འབོད་བགྱིས་ཏེ། བོད་ཀྱི་འདས་མ་ད་གསུམ་གྱི་བརྗོད་གཞི་གལ་ཆེན་རིགས་ལ་གྲོས་བསྡུར་ཞུས་ཡོད་ཅིང་། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་ལོ་རྒྱུས། བཙན་བྱོལ་བོད་མིའི་འོས་བསྡུ་དང་རྒྱལ་སྤྱིའི་གསར་ཁང་ཁག་གིས་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་ཅི་སྤེལ་སོགས་ཀྱི་སྐོར་ལ་བགྲོ་གླེང་འཚོགས་ཡོད་འདུག་ལ། ཕྱི་ལོ་ ༢༠༢༢ ལོའི་མགོ་སྟོད་དུ་སྐད་འཕྲིན་ཚོགས་པའི་ནང་གི་ཚོགས་མི་རྣམས་རིམ་གྱིས་ཇེ་ཉུང་དུ་ཕྱིན་པ་དང་ཚོགས་པ་སྒོ་བརྒྱབ།  ཕྱིས་སུ་རྒྱ་ནག་གཞུང་གིས་བོད་ནང་དུ་ཡོད་པའི་ཚོགས་པ་དེའི་ཚོགས་མི་རྣམས་ལ་འདྲི་བརྩད་དང་ཁ་པར་བཙན་འཕྲོག་བྱས་པའི་གནས་ཚུལ་སོགས་བྱུང་སྟབས། དུས་དེ་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མིར་དམ་དྲག་དང་ལྟ་ཞིབ་ནན་པོ་བྱེད་མགོ་ཚུགས་ཡོད་འདུག

ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གཞུང་གིས་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ཟེར་བ་མེད་པར་བཟོས་ཏེ། ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་བོད་ནང་འགྲུལ་བཞུད་བྱེད་ཆོག་པའི་སྲིད་ཇུས་གཏན་འབེབས་བྱས་སྟབས། ཕྱི་ལོ་ ༢༠༢༥ ལོའི་ལོ་སར་སྐབས་བཀྲ་ཤིས་བོད་ནང་དུ་བསྐྱོད་རྒྱུའི་ཚབ་ཏུ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཁོང་གི་རྨོ་ལགས་སུ་བཀྲ་ཤིས་མི་སྒེར་གྱི་གནས་ཚུལ་དང་བུ་སོགས་ཀྱི་སྐོར་ལ་འདྲི་བརྩད་བྱས་པ་དང་། ནང་མི་གཞན་ལ་འགྲོ་སྐྱོད་ཀྱི་ཡིག་ཆ་མ་སྤྲད་པའི་གནས་ཚུལ་སོགས་བྱུང་བ་མ་ཟད། ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༢ ཉིན་བཀྲ་ཤིས་ཀྱི་ཨ་མས་ཁོང་ལ། ཁྱེད་ཀྱིས་ཅི་ཞིག་སྒྲུབ་ཀྱིན་ཡོད་དམ། མཚམས་འཇོག་བྱེད་རོགས། ཁ་དྲོ། ཞེས་འབོད་སྐུལ་ཞུས་ཡོད་འདུག་ལ། འདི་ལོའི་ཕྱི་ཟླ་  ༥ པའི་ནང་ས་དཀར་བཀྲ་ཤིས་ལགས་ཀྱི་ནང་མི་ཞིག་གནས་སྐོར་དུ་འགྲོ་བར་གཞུང་གི་ནག་ཉེས་མེད་པའི་ཡིག་ཆ་དགོས་སྟབས། རྒྱ་གཞུང་ལས་བྱེད་པས་སྐབས་དེར་ཁྱེད་ཚོ་ཐོའི་ནང་བཅུག་ཡོད་པས་ཡིག་ཆ་སྤྲོད་མི་ཐུབ་ཚུལ་བཤད་ཡོད་འདུག ས་དཀར་བཀྲ་ཤིས་ལགས་ཀྱིས་བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བརྟེན། ད་ལྟ་དགུང་ན་མཐོ་བའི་རང་གི་ཨ་མར་འབྲེལ་བ་བྱེད་མི་ཐུབ་པའི་དཀའ་ངལ་དང་། གལ་ཏེ་འབྲེལ་བ་བྱས་ཚེ་ཨ་མ་ལགས་ལ་སེམས་ཁམས་ཀྱི་ཐོག་ནས་གནོན་ཤུགས་སྤྲོད་ཀྱིན་ཡོད་སྟབས། ཁོང་གིས་ནང་མི་རྣམས་ལ་ཉེན་ཁ་ཡོད་པ་ཤེས་པའི་ཐོག་ནས་ནང་མིར་འབྲེལ་བ་བྱེད་མཚམས་འཇོག་དགོས་བྱུང་ཡོད་འདུག

གཞན་ཡང་བོད་གནས་ལྟ་ཞིབ་ཁང་གི་གནས་ཚུལ་ནང་། བཙན་བྱོལ་དུ་གནས་པའི་བོད་མི་གཞན་གཉིས་ལའང་དཀའ་ངལ་གཅིག་མཚུངས་འཕྲད་ཡོད་ཅིང་། ཁོང་ཅག་གི་ཕ་ཡུལ་གྱི་ནང་མི་རྣམས་བལ་ཡུལ་སོགས་སུ་གནས་སྐོར་དུ་འགྲོ་བར་ཐོངས་མཆན་སྤྲད་མེད་པའི་ཁར། མི་གཅིག་ལ་ནང་མི་དང་ལྷན་དུ་རྒྱ་ནག་ཉེན་རྟོག་པས་ཁ་པར་བཏང་སྟེ་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་དང་རྒྱ་ནག་གཞུང་ཚབ་ཁང་དུ་མི་སྒེར་གྱི་ཡིག་ཆ་དང་པར་སོགས་མཁོ་སྤྲོད་བྱེད་དགོས་པའི་འཇིགས་སྐུལ་ཡང་བྱས་ཡོད་འདུག

རྒྱ་ནག་གི་གནོན་ཤུགས་ཀྱི་ལས་འགུལ་འདི་ནི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུང་ཁང་ (United Work Front Department) གིས་སྤེལ་བཞིན་པ་ཞིག་ཡིན་ཞིང་། ལས་ཁུངས་འདིས་རྒྱ་ནག་གི་སྤྱི་དམངས་དང་་བདེ་འཇགས་ལས་ཁུངས་མཉམ་དུ་བོད་མི་རྣམས་ལ་ཕ་ཡུལ་དང་རྒྱལ་མཚམས་བརྒལ་ནས་གཉའ་གནོན་བྱེད་པར་མཉམ་ལས་བྱེད་ཀྱི་ཡོད། འཐབ་ཕྱོགས་གཅིག་གྱུར་ཁང་གིས་བོད་ནང་དུ་བོད་མིའི་ཆོས་ལུགས་དང་། སྐད་ཡིག འགྲོ་འོང་སོགས་ལ་དམ་དྲག་དང་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་ཕྱི་ལོགས་སུ་བོད་མི་དང་བོད་མིའི་ཕྱི་རྒྱལ་གྱི་རྒྱབ་སྐྱོར་བ་རྣམས་ལ་སུན་གཙེར་དང་། ལྟ་ཞིབ། གནོན་ཤུགས་སྤྲོད་པའི་དྲ་ལམ་མཐུན་སྦྱོར་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese