མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

བོད་ཀྱི་དུས་བབ།
༢༠༢༦/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འཐུས་མི་གསུམ་གྱིས་ཨ་རིའི་བདེ་འཇགས་དང་ཞིབ་འཇུག་གི་གནས་བབ་སྲུང་སྐྱོབ་སླད་རྒྱ་ནག་སོགས་དང་འབྲེལ་བ་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མཚམས་འཇོག་དགོས་པའི་ཁྲིམས་འཆར་བཏོན་འདུག

Some Chinese students celebrate graduation in New York. Photo: IC

དེ་རིང་རྒྱ་གར་གྱི་ཨེ་ཨན་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རིག་སི་ཁོ་ཊི་( Rick Scott ) ལགས་དང་། ཨི་ལི་སི་སི་ཊ་ཧྥ་ནི་ (Elise Stefani) ལགས།  ཇོ་ཤི་གོ་ཐི་མར་(Josh Gottheimer) ལགས་བཅས་ཀྱིས། ཨ་རིའི་སློབ་ཆེན་ཁག་གིས་རྒྱ་ནག་སོགས་རྒྱལ་ཁབ་གཞན་གྱི་ཆེད་དུ་བཅོས་མའི་རིག་ནུས་དང་སྐྱེ་དངོས་འཕྲིན་རིག དེ་བཞིན།  ཚད་རྡུལ་ཆ་འཕྲིན་ཚན་རིག་(Quantum Information Science) སོགས་ཀྱི་ཞིབ་འཇུག་ལས་དོན་གཉེར་ཡོད་ཚེ། ཨ་རིའི་གཞུང་གིས་དེར་རོགས་དངུལ་སྤྲོད་མཚམས་འཇོག་དགོས་པ་མ་ཟད། རྒྱབ་ཁབ་དེ་དག་གི་རོགས་དངུལ་ཡང་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན་འདུག་ལ། ཁྲིམས་འཆར་དེ་ནི་ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ནག་གཙོས་ཨ་རིར་འགལ་ཟླ་འཛིན་མཁན་གྱི་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་བཀག་འགོག་བྱེད་ཐབས་ཙམ་དུ་མ་ཟད། ཨ་རིའི་རྒྱལ་སྲིད་བདེ་འཇགས་སམ་དམག་དོན་ལ་ཞིབ་འཇུག་བྱ་རྒྱུ་བཀག་འགོག་བྱེད་པའི་ཐབས་ཇུས་ཁྲིམས་འཆར་ཞིག་ཀྱང་ཡིན་པ་རེད།

ད་ལན་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བཏོན་པའི་ཁྲིམས་འཆར་དེར་ནང་དོན་ཁྲིམས་འཆར་གཉིས་ཡོད་པའི་ཁྲོད། དང་བོ་ཨ་རིའི་ཞིབ་འཇུག་སྲུང་སྐྱོབ་ཀྱི་ཁྲིམས་འཆར་ཞེས་པ་འདི་ཡིན་ཞིང་། ཁྲིམས་འཆར་འདིས་ཨ་རིའི་སློབ་ཆེན་ཁག་གིས་ཞིབ་འཇུག་གི་ལས་དོན་ཆེད་གཞུང་གི་རྒྱབ་སྐྱོར་མ་དངུལ་ཞུ་བར་རྒྱལ་ཁབ་གཞན་གྱི་ནང་དུ་ཡན་ལག་སློབ་གཉེར་ཁང་བཙུགས་མེད་པའི་དཔང་རྟགས་སྤྲོད་དགོས་པ་དང་།  གཉིས་པ་ཨ་རིར་འགལ་ཟླ་ཆེ་བའི་རྒྱལ་ཁབ་ཁག་ཏུ་ཡན་ལག་སློབ་གཉེར་ཁང་འཛུགས་མི་ཆོག་པའི་ཁྲིམས་འཆར་ཞེས་པ་འདིས། གལ་སྲིད་ཨ་རིའི་སློབ་ཆེན་ཁག་གིས་རྒྱ་ནག་སོགས་ཀྱི་རོགས་དངུལ་བླངས་ཏེ། ཨ་རིའི་རྒྱལ་སྲིད་བདེ་འཇགས་དང་འབྲེལ་བའི་ཞིབ་འཇུག་ལས་དོན་གཉེར་ཡོད་ཚེ། ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་རྒྱལ་སྲུང་འགན་དབང་གི་ཁྲིམས་ལུགས་ལྟར། སློབ་ཆེན་དེ་དག་ལ་ལོ་ལྔའི་མཚམས་སུ་ཐོབ་བཞིན་པའི་ཨ་རིའི་གཞུང་གི་རྒྱབ་སྐྱོར་མ་དངུལ་སྤྲོད་མཚམས་འཇོག་བཅུག་གི་ཡོད་འདུག འོན་ཀྱང་། ད་ལྟའི་ཆར་ཁྲིམས་འཆར་དེ་གཏན་འབེབས་གཞི་ནས་ཆགས་རྒྱུ་ལྷག་བསྡད་འདུག

གནད་དོན་དེ་དང་འབྲེལ་ནས། སྐུ་ཞབས་ཨི་ལི་སི་སི་ཊ་ཕ་ནི་ཀ་ (Elise Stefani) ལགས་ཀྱིས། ཕྱིའི་རྒྱལ་ཁབ་ཁག་གིས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་རྣམས་ལ་མ་དངུལ་མང་པོ་ཞིག་བཏང་ནས་ཤུགས་རྐྱེན་ཐེབས་ཐབས་དང་།  གལ་གནད་ཆེ་བའི་ཞིབ་འཇུག་ལས་གཞིར་ལག་པ་འཆང་ཐབས་བྱས་ཡོད་ལ། རྒྱ་ནག་དང་ཁ་ཊར་ལྟ་བུས་ཨ་རིའི་མཚན་སྙན་ཆེ་བའི་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་ལ་ཨ་སྒོར་ས་ཡ་མང་པོ་བཏང་ཡོད། ཁོ་ཚོས་རོགས་དངུལ་དེར་བརྟེན་ནས་ཨ་རིའི་མཐོ་སློབ་ཁག་ཏུ་ཨ་རིར་ངོ་རྒོལ་གྱི་ལྟ་བ་སྤེལ་ཐབས་དང་། ཨ་རིའི་རྒྱལ་སྲིད་བདེ་འཇགས་དང་འབྲེལ་བའི་ཚོར་བ་སྐྱེན་པའི་ཞིབ་འཇུག་གི་ལས་དོན་ལ་རྒྱུས་ལོན་བྱེད་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། ང་ཚོའི་ཁྲིམས་འཆར་འདིས་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དག་གིས་ཤེས་རྟོགས་ལྡན་པའི་ཐོག་ནས་རྒྱལ་ཁབ་གཞན་གྱི་ནང་ཡན་ལག་སློབ་གཉེར་ཁང་འཛུགས་པ་དང་། ཁོ་ཚོའི་རོགས་དངུལ་བླངས་ནས་ཨ་རིའི་རྒྱལ་སྲིད་བདེ་འཇགས་དང་འབྲེལ་བའི་ཞིབ་འཇུག་ལས་དོན་གཉེར་རྒྱུ་བཀག་འགོག་ཐུབ་ཀྱི་ཡོད། ཅེས་བརྗོད་འདུག

དེ་བཞིན། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་ཤི་གོ་ཐི་མར་ལགས་ཀྱིས། ཨ་རིའི་མི་སེར་དང་ཡང་ན་སློབ་གཉེར་ཁང་དག་གི་དགེ་རྒན་རྣམས་ཀྱིས་གསང་བའི་ཞིབ་འཇུག་བྱེད་ཀྱི་ཡོད་པས་ཉེན་ཁར་འཕྲད་སྲིད་ལ། རྒྱ་ནག་དམར་ཤོག་ཚོགས་པར་དེ་ནས་ཁྲིམས་འགལ་གྱི་ཁེ་ཕན་ཞིག་ཀྱང་ཐོབ་སྲིད། ཅེས་བརྗོད་འདུག་ལ། ཁྲིམས་འཆར་འདོན་མཁན་གྱི་ཨ་རིའི་གྲོས་ཚོགས་འཐུས་རྣམས་ཀྱིས། ཁྲིམས་འཆར་དེ་ནི་ཨ་རིའི་ནང་ཕྱི་རྒྱལ་གྱི་ཐེ་ཇུས་འགོག་ཐབས་དང་། རྒྱ་ནག་དམར་ཤོག་ཚོགས་པ་དང་ཕྱིའི་རྒྱལ་ཁབ་ཁག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་མུས་ཡིན་པར་ཁ་གཏད་གཅོག་ཐབས་ཤིག་ཡིན། ཞེས་བརྗོད་འདུག

ཕྱི་ལོ ༢༠༢༠ ཟླ་ ༥ ཚེས་ ༤ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་ཀྱི་གཙོས་ཕྱག་རོགས་དྲུག་གིས་ཨ་རིའི་ཤེས་རིག་ལྷན་ཁང་ལ་བསྐུར་བའི་ཡི་གེའི་ནང་། ཨ་རིའི་གཞུང་སྒེར་གཉིས་ཀྱི་མཐོ་སློབ་ཁག་གི་ནང་རྒྱ་ནག་གི་སྲིད་ཇུས་ལྡན་པའི་མ་འཛུགས་བྱས་པའི་གནད་དོན་ཐད་ཞིབ་འཇུག་དགོས་པ་དང་། ཨ་རིའི་བདེ་འཇགས་སོགས་ཀྱི་སླད་ཨ་རིའི་མཐོ་སློབ་ཁག་ཏུ་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་བྱེད་ཀྱིན་ཡོད་པའི་གནད་དོན་ལ་དོགས་ཟོན་དགོས་པའི་རེ་སྐུལ་ཞུས་ཏེ། ཨ་རིའི་ཤེས་ཡོན་གྱི་ལྟེ་གནས་ཁང་ཁག་ཏུ་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་ཤུགས་རྐྱེན་འགོག་ཐབས་བྱས་ཡོད།

དེ་བཞིན་འདས་ལོར། ཨ་རིའི་སྲིད་གཞུང་གིས་ཨ་རིར་ཡོང་མཁན་གྱི་རྒྱ་རིགས་སློབ་མ་དང་ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་ཡོད་པའི་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཤིག་བྱས་ཏེ། ཨ་རིར་གནས་སྤོར་བྱེད་མུས་ཡིན་པའི་རྒྱ་རིགས་ཀྱི་གྲངས་འབོར་ལ་ཚོད་འཛིན་བྱེད་མགོ་བཙུགས་ཡོད་ཀྱང་། རྒྱ་རིགས་སློབ་མ་ནི་ཨ་རིར་སློབ་སྦྱོང་བྱེད་མཁན་གྱི་སློབ་མའི་གྲངས་འབོར་མང་ཤོས་གཉིས་པར་གྱུར་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ནས ༢༠༢༥ བར་གྱི་སློབ་དུས་གཅིག་པུའི་ནང་རྒྱ་རིགས་སློབ་མ་གྲངས་ ༢༦༥༩༡༩ ལྷག་འདུག་པས། དེས་ཨ་རིའི་ཕྱི་རྒྱལ་སློབ་མའི་གྲངས་འབོར་གྱི་བརྒྱ་ཆ་ཉེར་གསུམ་ཟིན་འདུག་ལ། ཕྱི་ལོ་ ༢༠༢༥  ནས་ ༢༠༢༦ གི་སློབ་དུས་ནང་རྒྱ་རིགས་སློབ་མ་ ༢༦༦༠༠༠ ལྷག་གིས་མུ་མཐུད་དུ་ཨ་རིར་སློབ་གཉེར་བྱེད་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese