མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡ་དྲག་སྤྱོད་པའི་སྦྱིན་བདག་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༧/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp
བྱང་ཀོ་རི་ཡ་གཞུང་གིས་ཨ་རིར་འབྲེལ་མོལ་གྱི་སྒོ་མོ་མ་ཕྱེས་ཚེ་དྲག་སྤྱོད་པའི་སྦྱིན་བདག་གི་ཐོ་གཞུང་ནང་བསྐྱར་དུ་འཇུག་པའི་ཉེན་ཁ་ཡོད་འདུག

ཁ་སང་སྲིད་འཛིན་ཊི་རུམ་ཕིས་བྱང་ཀོ་རི་ཡ་ནི་དྲག་སྤྱོད་པར་སྦྱིན་བདག་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། དེ་རིང་ཨ་རིའི་བློན་ཆེན་ལྷན་ཚོགས་ཐོག་བྱང་ཀོ་རི་ཡར་དམ་དྲག་ཤུགས་གནོན་དགོས་པའི་གསལ་བསྒྲགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེའི་ཐད་ཨ་རིའི་དྲུང་ཆེ་ཊེ་ལར་སོན་ (Tillerson) གྱིས་བྱང་ཀོ་རི་ཡ་དང་གྲོས་མོལ་བྱ་འདོད་ཡོད་པའི་སྐོར་གསར་འགོད་པར་བརྗོད་དོན། ང་ཚོས་བྱང་ཀོ་རི་ཡ་ལ་ཆབ་སྲིད་ཀྱི་ཐོག་ནས་འབྲེལ་བ་ཡོང་བའི་རེ་བ་ད་དུང་ཡང་བྱེད་ཀྱི་ཡོད། ཨ་རིའི་གཞུང་འབྲེལ་ཐོ་གཞུང་ནང་བྱང་ཀོ་རི་ཡ་ནི་དྲག་སྤྱོད་པར་སྦྱིན་བདག་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་བསྐྱར་དུ་ཐོ་འགོད་བྱེད་དགོས་དང་མ་དགོས་ནི། བྱང་ཀོ་རི་ཡའི་གཞུང་ལ་རག་ལས་ཡོད་པ་དང་། བྱང་ཀོ་རི་ཡ་གཞུང་གིས་འཕྲལ་དུ་ཨ་རི་དང་མཉམ་དུ་གྲོས་མོལ་བྱ་རྒྱུའི་སྒོ་མོ་ཕྱེས་ཚེ་ཐག་གཅོད་དེ་ཕྱིར་འཐེན་བྱེད་སྲིད། ཅེས་བརྗོད་ཡོད་པ་རེད།

བྱང་ཀོ་རི་ཡ་ནི་ཨི་རན་དང་། སུ་ཌིན། དེ་བཞིན་སི་རི་ཡ་སོགས་དྲག་སྤྱོད་པ་མང་བའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་ཡོད་སྟབས། ཨ་རིས་བྱང་ཀོ་རི་ཡ་ནི་དྲག་སྤྱོད་པའི་སྦྱིན་བདག་ཡིན་པར་བརྩིས་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ལོར་ཨ་རི་དང་བྱང་ཀོ་རི་ཡ་གཉིས་བར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞིར་གྲོས་མོལ་བྱུང་རྗེས། སྲིད་འཛིན་ཟུར་པ་བྷུ་ཤི་ (George W. Bush) ཡིས་བྱང་ཀོ་རི་ཡ་དྲག་སྤྱོད་པའི་སྦྱིན་བདག་ཡིན་ཟེར་བ་དེ་ཕྱིར་འཐེན་བྱས་ཡོད་པ་རེད། འོན་ཀྱང་། བྱང་ཀོ་རི་ཡའི་ངོས་ནས་གྲོས་མོལ་ཡོང་བའི་རེ་བ་བྱེད་ཀྱི་མེད་པ་མ་ཟད། ད་ལྟ་བར་དུ་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་ ༦ བྱས་པ་དང་། མེ་ཤུགས་འཕུར་མདའ་ཡང་ཡང་ཚོད་ལྟ་བྱེད་ཀྱི་ཡོད་པ་ར་འཕྲོད་ཡོད་པ་རེད།

ད་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ཐད་དམ་དྲག་བྱེད་པའི་རེ་འདུན་རབ་དང་རིམ་པ་ཞུས་ཡོད་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་ཐད་དམ་དྲག་གི་བཀའ་རྒྱ་བསྒྲགས་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་གིས་དེ་ལ་ཉན་འཇོག་རྩ་བ་ནས་བྱས་མེད་པ་མ་ཟད། ཨ་རིའི་ས་ཐོག་ཏུ་སྙོབ་ཐུབ་པའི་ཤུགས་ལྡན་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱེད་ཀྱི་ཡོད་པའི་དོགས་པ་ཡོད་པ་དང་། ཟླ་བ་སྔོན་མའི་ནང་ཨ་རིའི་དམག་སྡེའི་དྲུང་ཆེ་ཇེམ་མེ་ཊི་ (James Mattis) ཡིས། བྱང་ཀོ་རི་ཡས་ཨ་རིར་རྡུལ་ཕྲན་མཚོན་ཆས་རྒོལ་འཛིང་བྱེད་སྲིད་པའི་འཇིགས་སྣང་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist