མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་འགྲན་ཚོཊ་ཁྲོད་བོད་རིཊ་སློབ་མར་ཨང་གསུམ་པ་ཐོབ།

བོད་ཀྱི་དུས་བབ།
༢༠༡༧/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་རྒྱལ་ཁབ་ཁག་ ༢༦ གི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་འགྲན་སྡུར་ཁྲོད་བོད་རིགས་སློབ་མ་མཉམ་ཞུགས་བྱས་ཏེ་ཨང་གསུམ་པ་ཐོབ་ཡོད་འདུག

རྒྱ་གར་པན་ཇབ་ (Punjab) མངའ་སྡེའི་གྲོང་ཁྱེར་རྗ་ལན་ཌར་ (Jalandhar) ནང་ཡོད་པའི་རྒྱ་གར་གྱི་ཆེད་ལས་གཙུག་ལག་སློབ་གཉེར་ཁང་ (Lovely Professional University)དུ། ལོ་ལྟར་རྒྱལ་སྤྱིའི་སློབ་ཕྲུག་ཚོས་རྒྱལ་ཁབ་སོ་སོའི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་འགྲན་སྡུར་གྱི་བྱེད་སྒོ་འཚོགས་ཀྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༡ ནས་ ༢༢ བར་ <<འཛམ་གླིང་གཅིག་>>One World ཞེས་པའི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་འགྲན་སྡུར་གྱི་བྱེད་སྒོ་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གར་ནང་གི་རྒྱལ་ཕྱིའི་གཞུང་ཚབ་ཁང་ ༡༥ ཡི་གཞུང་ཚབ་རྣམ་པ་དང་འབྲེལ་ཡོད་མི་སྣ། དེ་བཞིན་སློབ་ཆེན་དེའི་དགེ་ལས་སློབ་ཕྲུག་བཅས་འཛོམས་ཡོད་འདུག ཐེངས་འདིའི་འགྲན་ཚོགས་ཐོག་བྷང་ལ་ཌེ་ཤཱི་ (Bangladesh) ཡི་སློབ་ཕྲུག་རྩེད་འགྲན་རུ་ཁག་ལ་ཨང་དང་པོ་དང་། སི་རི་ལན་ཁཱ་ (Sri Lanka) ཡི་རྩེད་འགྲན་རུ་ཁག་ལ་ཨང་གཉིས་པ། བོད་པའི་རྩེད་འགྲན་རུ་ཁག་ལ་ཨང་གསུམ་པ་བཅས་ཐོབ་ཡོད་དང་། ཨང་དང་པོར་བྱ་དགའ་ཧིན་སྒོར་ ༢༠༠༠༠ དང་། ཨང་གཉིས་པར་ཧིན་སྒོར་ ༡༥༠༠༠། ཨང་གསུམ་པར་ ༡༠༠༠༠ བཅས་སྤྲད་ཡོད་འདུག

འདི་གའི་གསར་འགོད་པར་བོད་པའི་སློབ་ཕྲུག་རྩེད་འགྲན་རུ་ཁག་གི་ཚོགས་གཙོ་རྟ་མགྲོན་དབང་རྒྱལ་ལགས་ཀྱིས། ད་ལོའི་འགྲན་སྡུར་ནང་རྒྱལ་ཁབ་ ༢༦ གི་སློབ་ཕྲུག་ ༡༥༦ མཉམ་ཞུགས་བྱས་ཡོད་པ་དང་། དེའི་གྲས་སུ་བོད་པའི་སློབ་ཕྲུག་ ༣༠ མཉམ་ཞུགས་བྱས་ཡོད་འདུག གཞས་སྣ་འཁྲབ་སྟོན་སྐབས་བོད་པའི་སློབ་ཕྲུག་ཚོས་ <<འཕུར་>>ཞེས་པའི་བོད་པའི་གླུ་གཞས་དེ་འཁྲབ་སྟོན་བྱས་པ་དང་། རིག་གཞུང་འགྲན་སྡུར་སྐབས། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དུས་ཆེན་ཁག་དང་མཆོད་རྟེན། སྐུ་ཐང་། ཆོས་དང་རིག་གཞུང་། ཡུལ་སྲོལ་གོམ་གཤིས་སོགས་ངོ་སྤྲོད་བྱས་ཡོད་ལ། ད་ལོར་བོད་པའི་སློབ་ཕྲུག་ཚོའི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་ངོ་སྤྲོད་ཡག་པོ་བྱུང་ཡོད་པ་དང་། མ་འོངས་པར་མུ་མཐུད་བོད་དོན་གོ་རྟོགས་སྤེལ་ཆེད་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་ངོ་སྤྲོད་ཞུ་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཡང་ཁོང་གིས། སྤྱིར་སློབ་གྲྭ་འདིའི་ནང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༥༢ ལྷག་གི་སློབ་ཕྲུག་ཡོད་པ་དང་། དེ་སྔོན་གྱི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་འགྲན་སྡུར་སྐབས། བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མ་གཉིས་བར་རྙོག་དྲ་བྱུང་བར་བརྟེན། སློབ་གྲྭའི་འཛིན་སྐྱོང་ནས་བོད་པའི་སློབ་ཕྲུག་ཚོ་རྒྱ་གར་སློབ་ཕྲུག་ཁོངས་སུ་བཞག་སྟེ་རྒྱལ་ཕྱིའི་སློབ་ཕྲུག་ཁོངས་སུ་འཇོག་གི་མེད་སྟབས། བོད་པའི་སློབ་ཕྲུག་ཚོ་ལོ་རེའི་འགྲན་ཚོགས་ནང་ཞུགས་རྒྱུ་དཀའ་ལས་ཁག་པོ་ཡོད་ཀྱང་། ད་ལོར་སློབ་གྲྭའི་ངོས་ནས་བོད་པའི་སློབ་ཕྲུག་ཚོ་ཡང་རྒྱལ་ཁབ་སོ་སོའི་གཞས་སྣ་འཁྲབ་སྟོན་དང་རིག་གཞུང་འགྲན་སྡུར་ནང་མཉམ་ཞུགས་བྱེད་པར་དམིགས་བསལ་ཀྱི་གོ་སྐབས་སྤྲད་སོང་། དེ་ནི་ཕལ་ཆེར་ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སློབ་གླིང་འདིར་ཆིབས་བསྒྱུར་བསྐྱངས་པའི་བཀའ་དྲིན་གྱིས་ཡིན་པ་རེད། ཅེེས་ཟེར།

རྒྱ་གར་གྱི་ཆེད་ལས་གཙུག་ལག་སློབ་གཉེར་ཁང་ (LPU) ནི་ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་ཐེབས་རྩ་ (Lovely International Trust) ཡིས་གསར་འཛུགས་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཆེད་ལས་གཙུག་ལག་སློབ་ཆེན་ཞིག་ཡིན་པ་དང་། སློབ་གྲྭ་དེའི་ནང་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ ༥༢ ལྷག་གི་སློབ་མ་ ༢༤༠༠༠ ལྷག་ཡོད་པ་དང་། དེའི་ནང་ད་ལྟའི་ཆར་བོད་རིགས་སློབ་མ་ ༨༠ མ་ཟིན་ཙམ་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

མཆན། 1

  1. Tenzin Nyima says:
    ལོ་ 5 སྔོན།

    Thank you so much……Guys… Congrats

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist