མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཀྱི་ཐེབས་རྩས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་ལ་གསལ་བཤད་བྱས།

བོད་ཀྱི་དུས་བབ།
༢༠༡༧/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་ཚབ་མཆོག་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེར་ནང་ཁུལ་གན་ཡིག་བཞག་ཡོད་ཀྱང་ནང་ཁུལ་ཡིག་ཆ་དེ་ནང་ཁུལ་དུ་འཇོག་མ་ཐུབ་པར་བརྟེན་ཐེངས་འདིའི་ཟིང་འཁྲུག་བྱུང་བ་ཡིན་སྐོར་གསུངས་སོང་།

ཉེ་ཆར་བཀའ་ཤག་ནས་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བ་དང་འབྲེལ་ཏེ། སྤྱི་ཚོགས་ནང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གི་ཨ་སྒོར་ས་ཡ་ ༡།༥ དེ་བུ་ལོན་ཡིན་མིན་གྱི་གླེང་སློང་སྣ་ཚོགས་ཤིག་བྱུང་དང་འབྱུང་གི་ཡོད་སྟབས།  ཁ་སང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གིས་ཨ་སྒོར་ས་ཡ་ ༡།༥ གནད་དོན་སྐོར་ལ་གསལ་བཤད་ཅིག་གནང་འདུག

གསལ་བཤད་དེའི་མཇུག་ཏུ། བོད་མིའི་སྒྲིག་འཛུགས་ནས་བུན་དངུལ་ཡིག་ཆའི་འབྲུ་དོན་རྩ་འཛིན་དང་། བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་ཐུབ་པའི་རེ་འདུན་ལ་མུ་མཐུད་བསམ་ཞིབ་ཞུ་བཞིན་ཡོད། ཅེས་བརྗོད་འདུག

དེ་རིང་འདི་གའི་གསར་འགོད་པས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་ཨ་རིའི་བོད་ཀྱི་ཐེབས་རྩའི་གསལ་བཤད་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། གནད་དོན་དེ་ལ་ཕྱོགས་གཉིས་ནས་ལྟ་དགོས་པ་དང་།  བོད་ཀྱི་ཐེབས་རྩའི་ངོས་ནས་ཡུལ་ཁྲིམས་དང་།  དངུལ་དང་འབྲེལ་བའི་ཡིག་ཆ་ཁག་ལ་བསྟུན་དགོས་ཡོད་སྟབས།  ཨ་སྒོར་ས་ཡ་༡།༥ དེ་གནས་སྐབས་རིང་བུ་ལོན་དང་དེ་ནས་རིམ་བཞིན་གནང་སྦྱིན་དུ་བསྒྱུར་རྒྱུ་དེ་བོད་ཀྱི་ཐེབས་རྩ་ཁོ་རང་ཚོའི་འགྲོ་སྟངས་དེ་རེད།  འོན་ཀྱང་། ད་ལྟ་སྤྱི་ཚོགས་ནང་གླེང་གཞིར་གྱུར་བའི་བུ་ལོན་ཡིན་མིན་ཐད།  ང་ཚོར་གནང་སྦྱིན་རང་ཡིན་པ་ལས་བུ་ལོན་ཆགས་མེད་ཅེས་ཞུ་རྒྱུ་ཡིན། དངུལ་རྩིས་དང་འབྲེལ་བའི་བརྒྱུད་རིམ་ཚང་མ་བོད་ཀྱི་ཐེབས་ནས་གོ་སྒྲིག་བྱས་ཏེ། ང་ཚོས་ཕན་ཚུན་དབར་ནང་ཁུལ་གན་ཡིག་བཞག་ཡོད་ཀྱང་།  ནང་ཁུལ་ཡིག་ཆ་དེ་ནང་ཁུལ་དུ་འཇོག་མ་ཐུབ་པར་བརྟེན་ཐེངས་འདིའི་ཟིང་འཁྲུག་བྱུང་བ་རེད། བོད་ཀྱི་ཐེབས་རྩ་ཁྲིམས་དང་བསྟུན་དགོས་ཡོད་སྟབས། ཁོ་རང་ཚོའི་གསུངས་བ་དེར་ཁག་ཡོད་པ་མ་རེད། འོན་ཀྱང་། ང་ཚོས་བོད་ཀྱི་ཐེབས་རྩ་ལྷན་དུ་ནང་ཁུལ་སྐད་ཆ་བཤད་ཡོད་པ་དེ་རྩ་འཛིན་བྱེད་ཀྱི་ཡོད་ལ།  ནང་གི་སྐད་ཆ་དེ་ང་ཚོ་ནང་ཁུལ་དབར་ཕན་ཚུན་ཡིད་ཆེས་བྱས་ཏེ་གཏན་འཁེལ་བྱུང་བ་ཞིག་ཡིན་ལ། བོད་ཀྱི་ཐེབས་རྩའི་འགྲོ་ལུགས་བརྒྱུད་རིམ་དེ་ཁོ་རང་ཚོའི་བྱེད་སྒོ་དབྱིན་སྐད་དུ་(Business)ཡི་བཟོ་ལྟ་འདྲ་མིན་འགྲོ་བསམ་གྱི་འདུག ཅེས་གསུངས་སོང་།

ཡང་བོད་ཀྱི་ཐེབས་རྩའི་ལོ་འཁོར་རྩིས་ཁྲའི་ནང་དངུལ་དེ་བུ་ལོན་རྩིས་ཡོད་པའི་སྐོར་ལ་ཁོང་གིས། བོད་ཀྱི་ཐེབས་རྩའི་རྩིས་ཁྲའི་ནང་དངུལ་དེ་བུན་ལོན་གྱི་དངུལ་བྱས་ནས་འགྲོ་ཡི་ཡོད་པར་ང་ཚོར་བྱེད་ཐབས་གང་ཡང་མེད་ཀྱང་། ང་ཚོས་ནང་ཁུལ་སྐད་ཆ་བཤད་དེ་བོད་ཀྱི་ཐེབས་རྩ་ནས་དངུལ་དེ་ང་ཚོར་སྤྲད་པ་མ་ཟད།  དངུལ་དེར་ང་ཚོའི་དབར་བཀའ་མོལ་མང་པོ་བྱུང་སྟེ་སྤྲོད་དགོས་པའི་གནས་སྟངས་བྱུང་ཡོད།  དེར་བརྟེན། ང་ཚོར་གནང་སྦྱིན་རང་གི་ངོ་བོ་ཆགས་ཡོད།  དེ་མིན་ང་ཚོས་འགྲོ་གྲོན་ཆེན་པོ་བཏང་སྟེ་ཁང་པ་ཉོ་མི་སྲིད་ལ། རྣམ་པ་ཚོས་མཁྱེན་གསལ་ལྟར།  ཁང་པ་ཉོ་བྱེད་ཀྱི་དངུལ་དེའི་ཕྱེད་ཀ་དགའ་ལྡན་ཕོ་བྲང་ནས་གསོལ་རས་གནང་བ་རེད།  གལ་སྲིད་དངུལ་དེའི་ཕྱེད་ཀ་ལ་དཀའ་ངལ་ཡོད་ཚེ་ཕྱེད་ཀ་གཞན་དེ་ལའང་དཀའ་ངལ་འཕྲད་ཀྱི་ཡོད།  དེར་བརྟེན།  ང་ཚོས་ནང་གི་སྐད་ཆ་དེ་ནང་ལ་བཞག་སྟེ་བོད་ཀྱི་ཐེབས་རྩ་དང་ལྷན་དུ་བཀའ་མོལ་འབྲེལ་ལམ་སྔར་རྒྱུན་བཞིན་ཡོད་པ་ལྟར་བཀལ་མོལ་བྱུང་བ་དང་།  བོད་ཀྱི་ཐེབས་རྩའི་ངོས་ནས་དགོངས་པ་ཆེར་བཞེས་ཀྱིས་སྐུ་ཚབ་དོན་གཅོད་ཁང་དེ་རྒྱལ་ས་ཝ་ཤིན་ཊོན་ཌི་སིར་ཡོད་དགོས་པ་གལ་གནད་མཐོང་སྟེ། བོད་ཁང་དང་། དོན་གཅོད་ཁང་། དེ་བཞིན། བོད་ཀྱི་ཐེབས་རྩ་ཚང་མས་མོས་མཐུན་བྱུང་ཐོག་གཅིག་གིས་གཅིག་ལ་རོགས་རམ་བྱས་པ་རེད།  ཅེས་སོགས་གསུངས་སོང་།

གསར་འགོད་པ།  སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

ཆུ་ཚོད་ ༡༠ སྔོན་ལ།
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

༢༠༢༣/༠༩/༢༥
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢

མཆན། 15

  1. གཞུངཔ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    བཀའ་ཤག་གི་ལོ་དུས་དེ་ལོ་ལྔ་ཡིན་པ་བཅའ་སྒྲིག་གཉིས་ནང་གསལ་ཡོད་པ་དང་ཨ་རི་བོད་ཀྱི་ཐེབ་རྩ་དང་བཀའ་ཤག་གི་དབང་ལྡན་མི་སྣའི་བར་ལོ་སུམ་བཅུའི་གན་ཡིག་བཞག་པ་དེ་དག་བཀའ་ཤག་རྗེས་མའི་འགན་དབང་ལ་འཐེ་ཇུས་བྱས་པ་མ་རེད་དམ་།

    Reply
  2. ངག་དབང says:
    ལོ་ 6 སྔོན།

    སྐད་ཆ་ག་རེ་བཤད་ན་མ་བཤད་ན་ད་ལྟའི་ཆར་ལ་བུ་ལོན་རང་རེད་འདུག

    Reply
  3. ཨ་ཕོ་ཧོར། says:
    ལོ་ 6 སྔོན།

    གསང་དབང་ཡིན་ཡང་ཟེར་གྱི། །
    ནང་མོལ་ཡིན་ཡང་ཟེར་གྱི། །
    རྒྱ་སྡེ་ཁྲོམ་གྱི་དཀྱིལ་ལ། །
    ཨ་སྒོར་ས་བསྒྲགས་གནམ་བསྒྲགས། །

    ཨ་ཇོ་བསོད་ནམས་སྟོབས་རྒྱལ། །
    བུ་ལོན་མི་འདུག་མ་གསུངས། །
    ས་ཡ་གཅིག་དང་ཕྱེད་ཀ །
    བུ་ལོན་མིན་ན་གང་ཡིན། །

    ལྟ་བ་རི་ལས་མཐོ་བ། །
    མཇིངས་པ་གཡག་ལས་སྦོམ་པ། །
    བདེན་དཔངས་མིག་སྟོན་བྱེད་དུས། །
    སེང་གེ་མཐོང་སར་མི་འདུག །

    མགོ་དེ་མར་ཀོག་མགོ་ལ། །
    སེར་ཆེན་རེ་བ་བྱེད་ཀྱི། །
    གྲྭ་ཆས་དམར་པོའི་སྒང་ལ། །
    གོས་ཆེན་རེ་བ་བྱེད་ཀྱི། །

    ར་ལ་རྟ་སྒ་བརྒྱབ་ནས། །
    ཤིག་ལ་མནའ་མ་བླངས་སོང། །
    ཁྱི་ཤིག་ཀརྨ་དགེ་ལེགས། །
    སྲོག་རླུང་འཕར་ནས་མཆོངས་སོང་། །

    ཁང་ཆུང་གྲུ་བཞིའི་ཐིགས་པ། །
    བྱེ་མས་ཁོག་ས་མ་རེད། །
    གསལ་བཤད་ཆབ་བེ་ཆོབ་བེས། །
    དོགས་པ་སེལ་ས་མ་རེད། །

    སྐུ་ངོ་སྡེ་དཔོན་དངོས་གྲུབ། །
    བོང་བུ་བཞོན་ནས་ཕེབས་སོང་། །
    བོང་བུར་དགའ་བ་མ་རེད། །
    རྒྱ་རི་སྒྲོལ་མ་དྲན་རེད། །

    དཀྲུགས་ཤིང་དཀྲུགས་ཤིང་མ་ཟེར། །
    ཟླ་བ་སྒྲོན་མ་དྲན་གི །
    ཨ་ཅག་ཟླ་བ་སྒྲོན་མའི། །
    སྟུ་སྤུ་ནང་ཟུག་དྲན་གི །

    དུས་དེ་ད་ལོའི་ལོ་ལ། །
    མི་མཐོང་དགུ་མཐོང་མཐོང་བྱུང་། །
    སོ་སོས་བཏང་བའི་སྐྱག་པ། །
    སོ་སོས་བཟའ་བ་མཐོང་བྱུང་། །

    Reply
  4. འདམ་སྐྱེས། says:
    ལོ་ 6 སྔོན།

    ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་ཚོགས་དང་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་བཅས་ནས་འདི་ལྷག་མེད་པ་ཁ་གསལ་གསུངས་འདུག་པ་མ་ཟད།འདི་ཐད་འཛིན་སྐྱོང་ནས་ཁ་གསལ་དོན་གོ་ལན་མང་གསུང་སོང་ཀྱང་ཤེས་འདོད་མེད་པ་དང་། དགོས་དབང་གིས་འགྲེལ་བཤད་ལོག་པ་བྱེད་འགན་ཡོད་མཁན་རྣམ་པར་ཕན་ཐོག་མེད་པ་ས་བོན་མི་རུང་བ་བཞིན་ནོ། ལར་ནས་གནད་དོན་འདིའི་ཐོག་ཕ་རོལ་པོའི་ལས་འགན་གཞན་མེད་ན་མཆན་འགོད་ཞུ་དགོས་པ་ཀྱང་མ་མཐོང་། དེ་མིན་ཆེས་སེམས་ཚབ་དང་བློ་ཕམ་པ་ཞིག་ལ་ཉེ་ལམ་དུས་བབ་གསར་འགོད་པས་གནད་དོན་འདི་འབྲེལ་རང་རེའི་སྤྱི་ཚོགས་ནང་ཤེས་མྱོང་དང་ལྷག་བསམ་སོགས་སྒོ་གང་ཐད་ནས་ཆེས་དཀོན་པའི་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ལ་དྲི་བ་དྲིས་ལན་གནང་བ་དེར་། ངོ་དེབ་ནང་བོད་རིགས་མིང་འཁུར་བ་དག་གིས་ཚད་ལས་བརྒལ་བའི་གཞི་མེད་སྐྱོན་བརྗོད་འདྲ་མིན་བྱེད་སྟངས་ལ་གཞིགས་ན། རང་གཞུང་མཆོག་གིས་དབུས་རྒྱ་ཆེའི་མང་ཚོགས་ནས་ལྷོད་ཡང་དུ་མ་སོང་བར་ཐུགས་སྣང་ཆེ་ཙམ་གནང་དགོས་པའི་དུས་ལ་བབ་འདུག་གོ།།

    Reply
  5. སེང་གེ says:
    ལོ་ 6 སྔོན།

    སྤྱི་ཚོགས་ལ་ལྷིང་འཇགས་དགོས་ཀྱི་ཡོག་རེད་མ་གཏོགས་གསར་འགོད་པ་ཚོས་གང་བྱུང་བྱུང་བྱེད་བསྡད་པར་ཡིན་ན་ཕན་ལས་གནོད་དང་སྤྱི་ཚོགས་ནང་ལྡོག་ཕྱོགས་ཀྱིས་འབྲས་བུ་ཐོན་ངེས།བོད་པའི་སྤྱི་ཚོགས་ནང་དེ་འདྲ་འཁྲུལ་ཆགས་དོད་པོ་ཆགས་ན་བོད་པའི་སྤྱི་ཚོགས་ཕན་གྱི་རེད་ཡང་ན་རྒྱ་ནག་ལ་ཕན་གྱི་རེད་།ཁྱེད་རྣམ་པས་ང་ཚོས་ལ་གང་འདྲའི་ཆགས་པ་ཡིན་ན་གང་ཡང་མི་འདུག་དགོངས་ཀྱི་ཡོད་ན་མགཏོགས།བོད་ཀྱི་རྩ་དོན་ཁ་ལ་ཁྱེར་སྤྱི་ཚོགས་ནང་རྡབ་གསིབ་མ་འགྲོ་བའི་དགོངས་པར་བཞེས་ནས་གསར་འགྱུར་འགོད་རོགས།

    Reply
  6. འཛུམ་ཤུལ་ཐབས་མཁས། says:
    ལོ་ 6 སྔོན།

    རྒྱལ་ཁབ་དང་མི་རིགས་ཀྱི་གསང་བ་དེ་གལ་ཏེ་བཤད་ཡོད་པའི་དབང་དུ་བཏང་ན་བློ་སེང་གིས་སྔུན་ལ་དོན་ཚན་བཅུ་དང་གཏམ་བཤད་སྐབས་སྤོབས་པ་ཆེན་པོས་བཤད་དུས་མ་བཤད་འདོག་འདོག
    སྤེན་པ་ཚེ་རིང་གིས་རྗེས་སུ་དོན་་དངོས་གགསལ་བཤད་གནང་དུས་བཤད་འདོག་འདོག དེ་བློ་དྲང་བོར་གནས་པ་མ་རེད་འདོད།

    Reply
  7. འཛུམ་ཤུལ་ཐབས་མཁས། says:
    ལོ་ 6 སྔོན།

    རྒྱལ་ཁབ་དང་མི་རིགས་ཀྱི་གསང་བ་དེ་གལ་ཏེ་བཤད་ཡོད་ན་བློ་སང་གིས་དོན་ཚན་བཅུའི་ནང་དུ་སྔུན་ལ་བཤད་ན་གསང་བ་མ་བཤད་འདོག་འདོག སྤེན་ཚེ་རྗེས་སུ་ལབ་ན་གསང་བ་བཤད་འདོག་འདོག བཤད་མཁན་གྱི་ཁ་ལ་ཁྱད་པར་ཡོད་དམ།

    Reply
  8. དགྲ་ལས་རྣམ་རྒྱལ། says:
    ལོ་ 6 སྔོན།

    “ ས་འོག་དར་ཐག་གི་ཟློས་གར། ”སྐོར་ལ་མཆན་ 5 འདུག
    #1 གཡུ་ཐོག་རྒྱལ་པོ། ་ལགས་ཀྱིས་སྤེལ་དོན།:
    December 7th, 2017 at 9:11 am
    སྐལ་བཟང་ སྤེན་པ། རིན་ཐར་དགོངས་པ་ཞུས་ཟིན་ཏེ། ད་ཆ་ཆེ་སྟོད་ཀྱི་ངོ་བོའི་ཐོག་ནས་ལས་ཀ་འདྲ་བྱེད་ཀྱི་ཡོད་ན་མ་གཏོགས་བོད་ཁང་གི་འགན་འཛིན་བློ་སྙན་ཆགས་ཟིན་པ་རེད། དེ་གསལ་རྐྱང་རེད་ལ། ཁོ་ཚོའི་དྲ་རྒྱའི་ནང་ལའང་དེ་ལྟར་གསལ་ཡོད། ད་གནས་ཚུལ་གསར་པ་ཞིག་ནི། ཁ་ས་བོད་ཀྱི་ཐེབས་རྩས་ས་ཡ་གཅིག་དང་ཕྱེད་ཀ་དེ་ཁྲིམས་ཐོག་ནས་བུ་ལོན་གྱི་ངོ་བོའི་ཐོག་གནས་ཡོད་ལུགས་དང་མ་འོངས་བལྟ་གིན་བལྟ་གིན་བྱ་རྒྱུ་ཡིན་ལུགས་གསལ་བཤད་བྱས་ཡོད། དེའི་ཐོག་ནས་ང་ཚོས་རྟོགས་ཐུབ་པ་ནི། བོད་ཀྱི་ཐེབས་རྩས་སྲིད་སྐྱོང་ལ་ཡིད་ཆེས་མེད་པ་དེ་གསལ་པོ་ཆགས་པ་རེད། གང་ཡིན་ཟེར་ན། ད་ལྟའི་དོན་གཅོད་ཁང་པ་དེ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་མིང་ཐོག་ནས་ཉོས་པ་རེད། ནམ་ཞིག་དགེ་རྩ་ཞོགས་པ་དེ་སུའི་ལག་ཏུ་ལྷུངས་མིན་ལྐོག་འགྱུར་རེད། སྤེན་ཚེས་འཇབ་རྡོ་ཞུ་ས་ཡང་དེ་རེད། ཅི་སྟེ་མ་འོངས་པར་དགེ་རྩ་ཚོགས་པ་དེ་སྲིད་སྐྱོང་དང་སྐལ་རྡོར་གྱི་ཟིན་པའི་དབང་དུ་བཏང་ཚེ། བོད་ཀྱི་ཐེབས་རྩས་ས་ཡ་གཅིག་དང་ཕྱེད་ཀ་དེ་ཚུར་ལེན་རྒྱུ་རེད། དེ་ནི་བོད་ཀྱི་ཐེབས་རྩའི་ཐབས་བྱུས་ཧ་ཅང་གི་ཡག་པོ་རེད། ནང་གཏམ་ཇི་འདྲ་ཞིག་ཡོད་རུང་། ཁྲིམས་ཐོག་ནས་ས་ཡ་གཅིག་དང་པྱེད་ཀ་བུ་ལོན་གྱི་ངོ་བོར་གནས་ཡོད་པ་རེད། སྲིད་སྐྱོང་གིས་སྤེན་ཚེ་སྤུད་དགོས་པའི་རྒྱུ་མཚན་ཡང་དེ་རེད་ལ། སྤེན་ཚེས་ཞུ་སའི་འབེན་ཡང་དེ་རེད། གང་ལྟར་འབེན་དེར་ཏོག་ཙམ་ཕོག་པ་རེད་མ་གཏོགས་བཏོར་ཐུབ་མེད་ལ། སྲིད་སྐྱོང་གིས་སྤེན་ཚེ་སྤུད་ནས་གནས་ཚུལ་དེ་གྲང་སང་ལ་གཏོང་ཐབས་བྱས་ཀྱང་། མངོན་འགྱུར་བྱུང་མ་སོང་། དེས་ན། ད་ལྟ་བོད་ཀྱི་ཐབས་རྩའི་ཐབས་བྱུས་དེ་ཧ་ཅང་ཡག་པོ་བྱུང་པ་རེད་ལ། དེས་སྲིད་སྐྱོང་གི་སྣ་ལ་སྣ་ཐག་བཀོན་ཟིན་པ་རེད། ནམ་ཞིག་སྲིད་སྐྱོང་དང་སྐལ་རྡོར་གཉིས་ཀྱིས་དགེ་རྩ་ཚོགས་པ་དང་ཁང་པ་བདག་བཟུང་བྱ་རྒྱུའི་ངན་གཡོ་བཤམས་ཚེ་བོད་ཀྱི་ཐེབས་རྩར་ཁྲིམས་ཐོག་ནས་བུ་ལོོན་ལེན་རྒྱུའི་ཁྲིམས་ལུགས་ཀྱི་རྒྱབ་སྣོན་ཡོ་ད་པ་རེད། གལ་ཏེ་སྤྲོད་ཀྱི་མིན་ཟེར་ན། ཁང་པའི་བདག་དབང་སྟེང་བོད་ཀྱི་ཐེབས་རྩས་རྩོན་ལེན་བྱ་རྒྱུའི་ཁྲིམས་ལུགས་ཀྱི་ལམ་བུ་ཡོད་པ་རེད། ད་སྲིད་སྐྱོང་ལ་སྐུལ་ངལ་ཏོག་ཙམ་འཕྲད་ས་རེད་ཏ། གང་ལྟར་ད་རེས་བོད་ཀྱི་ཐེབས་རྩའི་ཐབས་བྱུས་དེ་ཧ་ཅང་གི་ཡག་པོ་རེད། ཁོ་ཚོས་རྔ་ལ་དཔག་པའི་འཆམ་རྒྱག་འཆར་ཡོད་པ་རེད། མདོར་ན། སྤེན་ཚེས་ཁང་པའི་བུ་ལོན་ལ་འཇུས་ཏེ། བློ་སེང་གི་ངན་བྱུས་ཐེར་འདོན་བྱ་ཐབས་བྱས་ཀྱང་། དེ་ཙམ་གསལ་ཁ་བཏོན་ཐུབ་མེད། འོན་ཀྱང་། གནད་དོན་དེའི་ཐད་སྤེན་ཚེར་རྒྱལ་ཁ་ཏོག་ཙམ་ཐོབ་པ་ནི། གནད་དོན་དེ་རྩོད་གཞི་ཅན་ཞིག་ཡིན་པ་ད་ལྟ་བོད་པའི་སྤྱི་ཚཽགས་སྟེང་གསལ་ཁ་བཟོ་ཐུབ་པ་དེ་རེད། བློ་སེང་གིས་སྤེན་ཚེ་སྤུད་ནས་གནས་ཚུལ་དེ་མེད་པར་བཟོ་ཐབས་བྱས་ཀྱང་། ལམ་ལྷོང་བྱུང་མེད།གང་ལྟར་ད་རེས་ཀྱི་ོཁོ་གཉིས་ཀྱི་དམག་འཁྲུག་ཁྲོད་ཁོ་གཉིས་ཀར་རྒྱལ་ཁ་ཆུང་ཆུང་རེད་ཐོབ་ཡོད་ཀྱང་། ཕྱོགས་གཉིས་ཀའི་ཐ་མའི་དམིགས་ཡུལ་དེ་བསྒྲུབས་མེད་པ་རེད།

    Reply
  9. འཛུམ་ཤུལ་ཐབས་མཁས། says:
    ལོ་ 6 སྔོན།

    སྔ་ཚིག་ཕྱི་ཚིག་འགྱུར་འདུག

    ༨། སྔ་ལོ་༢༠༡༦ ཕྱི་ཟླ་༩ ནང་སྦེལ་ལྗམ་རྒྱལ་ས་སྦར་སིལ་དུ་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུར་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་ཨ་རི་བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་རྒྱལ་ས་ཌི་སི་དུ་ཡོད་པའི་དོན་གཅོད་ཀྱི་ཁང་པའི་རིན་བབས་སུ་སྤྲད་འདུག་པ་དེ་བུ་ལོན་ཡིན་དང་མིན་ཞེས་སྲིད་སྐྱོང་ལ་དྲི་བ་གནང་ཡོད། སྐབས་དེར་ཚོགས་ཕེབས་སྐུ་ཚབ་དོན་གཅོད་ཚང་མའི་མདུན་སྲིད་སྐྱོང་ནས་དངུལ་འབབ་དེ་“ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་སྦྱིན་”རོགས་དངུལ་ཡིན་པ་ལས་བུ་ལོན་མིན་པའི་གསལ་བཤད་ལམ་སྟོན་ཞིབ་གསལ་གནང་ཡོད་རུང༌།

    དེ་རིང་འདི་གའི་གསར་འགོད་པས་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་ཨ་རིའི་བོད་ཀྱི་ཐེབས་རྩའི་གསལ་བཤད་སྐོར་ལ་བཀའ་འདྲི་ཞུས་པར་ཁོང་གིས། གནད་དོན་དེ་ལ་ཕྱོགས་གཉིས་ནས་ལྟ་དགོས་པ་དང་། བོད་ཀྱི་ཐེབས་རྩའི་ངོས་ནས་ཡུལ་ཁྲིམས་དང་། དངུལ་དང་འབྲེལ་བའི་ཡིག་ཆ་ཁག་ལ་བསྟུན་དགོས་ཡོད་སྟབས། ཨ་སྒོར་ས་ཡ་༡།༥ དེ་“རིམ་བཞིན་གནང་སྦྱིན་དུ་བསྒྱུར་རྒྱུ་”དེ་བོད་ཀྱི་ཐེབས་རྩ་ཁོ་རང་ཚོའི་འགྲོ་སྟངས་རེད། འོན་ཀྱང་།
    འོ་ན། ཡ་ན།ཡང་ན་་་་་་་འདི་ལྟར་ཚིག་ཇི་མ་ཇི་བཞིན་བཤད་མ་ཐུབ་པའི་དབང་གིས་བཀའ་ཤག་གིས་མི་མང་ལ་སྐྱག་རྫུན་ལབ་དགོས་བྱུང་བ་རེད།
    དོན་དངོས་བོད་ཀྱི་ཐེབས་རྩའི་ཡིག་ཐོག་ན་ཡོད་པ་དེ་རེད། “ཐོག་མར་བུན་གཡར་སྐབས་”ཞེས་བྲིས་ཡོད་པ་མིག་ཅན་ཚང་མས་མཐོང་གསལ་རེད་ལ།
    “སྐྱིན་ཚབ་ལོ་སུམ་བཅུའི་ནང་ཕྱིར་སློག་གནང་རྒྱུའི་དུས་བཀག་བཟོས”ཞེས་གསལ་བོ་ཡིག་ཐོག་ན་ཡོད་དུས་སྲིད་སྐྱོང་གིས་ཧམ་བཤད་དོན་གཅོད་ཚང་མའི་མདུན་སྲིད་སྐྱོང་ནས་དངུལ་འབབ་དེ་“ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་སྦྱིན་”རོགས་དངུལ་ཡིན་པ་ལས་བུ་ལོན་མིན་པའི་གསལ་བཤད་ལམ་སྟོན་ཞིབ་གསལ་གནང་ཡོད་ཞེས་པ་རྫུན་གཏམ་དང་ཧམ་བཤད་ཡིན་པ་གཞི་ནས་ཤེས་དགོས།

    Reply
  10. ཀརྨ་དབང་རྒྱལ། says:
    ལོ་ 6 སྔོན།

    ངའི་ངོས་ནས་བསམ་ན། སྤེན་པ་ཚེ་རིང་ནོར་བ་རེད། རྒྱལ་ཁབ་དང་མི་རིགས་སུ་ལའང་གསང་བ་ཡོད་ངེས་རེད། དེ་ངེས་པར་གསང་དགོས་རེད། གཉིས་ནས་སྐབས་ཐོབ་བཀའ་ཤག་ལ་ལས་ཀ་བྱེད་མི་འཇུག་པ་འདི་མི་རིགས་ལ་ལྷག་བསམ་མེད་པའི་རྟགས་གཙང་མ་རེད།

    Reply
  11. Cho Sonam says:
    ལོ་ 6 སྔོན།

    ཅོ་བློ་བཟང་སེང་གེ། སྤེན་པ་ཚེ་རིང་ གདོང་པ་ སྙིང་རྗེ་པོ་ མིན་འདུག་གས། སྐུ་ངོ་སྤན་པ་ཚེ་རིང་གི་ ཞལ་རས་ ཐད་ཀར་གཟིགས་ནས་ བཀའ་མོལ་གནང་ན་ ང་ཚོ་མི་མང་ བློ་བདེ་བ།

    Reply
  12. Lobsang Wangdu says:
    ལོ་ 6 སྔོན།

    བོད་མི་སྒྲིག་འཛུགས་ སྲིད་སྐྱོང་ལ་ མི་དངོས་པོ་ གདོང་དང་གདོང་ཐུག་ནི་ འཕོ་གྱུར་བཏང་ཡ་ དབང་ཆ་ གཙང་མ་མེད་པའི་ སྐད་ཆ་རེད་པས། གང་ལ་ཞུས་ན་་་ སྲིད་སྐྱོང་ཁོ་རང་ ཡུ་རབ་ལ་སྤྱོད། སྐུ་ཚབ་དོན་གཅོད་ འཕོ་འགྱུར་འདི་ སྲིད་ཚབ་ཀྱིས་བཏང་། སྐུ་ཚབ་དོན་གཅོད་ཟུར་པ་ ཚུར་ རྒྱ་གར་ལ་ ཕེབས་དུས་ སྲིད་སྐྱོང་རྒྱ་གར་ནས་ ཕར་ ཐོན་ཡ་དུས་ཚོད། ❗️? དྲང་བདེན་ཡིན་ན་ མི་དངོས་པོ་ གདོང་དང་ གདོང་ཐུག་ནི་ རྙོག་གླེང་དེ་གེ་ གཙང་མ་བཟོས་ མཐའ་སྐྱེལ་ གསལ་བཤད་ བྱེད་རོགས། བོད་མི་མང་ལ་ སེམས་འཁུར་ཡོད་ན་ བོད་མི་མང་ སེམས་ཚབ་ མེད་པ་ཞིག་ ལོས་བཟོ་དགོད། སྲིད་སྐྱོང་མོ་ཀྲར་རྫིག་པོ་ནང་ལ་ཕྱིན་ནས་་་ བོད་གཞུང་ གཟི་བརྗིད་ཁོག་སྟོང་ རེད་ཚར་ མ་རེད་པ། ??? ??? public needs (Face to Face) ? ?

    Reply
  13. དགེ་འདུན says:
    ལོ་ 6 སྔོན།

    སྐུ་ངོའི་བར་དོ་ངོ་སྤྲོད་འདི་ཀློག་གིན་ཀློག་གིན་རང་ཉིད་ཀྱང་སྲིད་པ་བར་དོ་ལ་འཁྱམ་བཞིན་པའི་སྣང་བ་བྱུང་། 

    Reply
  14. gendun says:
    ལོ་ 6 སྔོན།

    གསལ་བཤད་ཡི་གེ་དེ་ལ་བལྟས་ན་དཔལ་ལྡན་སྲིད་ཚབ་མཆོག་ལ་འདི་ཙམ་ལས་གསུང་རྒྱུ་མེད་ན། རྩ་བ་ནས་འགྲིག་མེད་པར་འདོད།

    Reply
  15. ཀརྨ་དགེ་ལེགས། says:
    ལོ་ 6 སྔོན།

    སྐལ་བཟང་སྦྱིན་པ་ལགས། གོང་གསལ་སྒྲ་ཕབ་གསར་འགྱུར་དེ་ཚད་ལྡན་བྱུང་མི་འདུག། བསྐྱར་ཞིབ་ཡག་པོ་ཞིག་གནང་སྟེ་བཟོ་བཅོས་གནང་རོགས། དོ་བདག་གིས་རྩ་བ་ནས་མ་བཤད་པའི་ཚིག་བརྗོད་དང་བརྗོད་པ་དེ་འདྲ་ཁ་ཤས་འདུག། མ་གོ་བའི་རིགས་ལ་ཚོད་ཚོད་བྱས་ཏེ་བྲིས་འདུག་པ་གསར་འགོད་པའི་ཉེས་པ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist