མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་ཁེམ་ཇོང་ཨིན་གྱི་སྙིང་གྲོཊ་གཉིས་ལ་དོ་དམ་བཀའ་ཆད་བཏང་།

བོད་ཀྱི་དུས་བབ།
༢༠༡༧/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཚོད་ལྟའི་གནད་ཡོད་མི་སྣར་རྟོག་ཞིབ་ནན་པོ་བྱས་ཏེ་ཚན་རིག་པ་གཏེ་བོ་གཉིས་ལ་དོ་དམ་བཀའ་ཆད་བཏང་ཡོད་སྐོར་བསྒྲགས་འདུག

ཁ་སང་ཨ་རིའི་ནོར་སྲིད་ལྷན་ཁང་ནས་གནས་ཚུལ་བསྒྲགས་པ་ལྟར་ན། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་གྱི་གཙོ་གཉེར་བ་ཁེམ་ཇོང་སིག་ (Kim Jong Sik)་དང་། བྱང་ཀོ་རི་ཡའི་མཁའ་དམག་མགོ་འཁྲིད་ཟུར་པ་རི་ཕོང་ཆོལ་(Ri Pyong-chol)ཟེར་བ་གཉིས་ལ་དོ་དམ་བཀའ་ཆད་བཏང་ཡོད་པ་དང་། མི་དེ་གཉིས་བྱང་ཀོ་རིའི་མགོ་འཁྲིད་ཁེམ་ཇོང་ཨིན་གྱི་སྙིང་ཉེ་ཤོས་ཀྱི་གྲོགས་པོ་ཡིན་སྐོར་བརྗོད་ཀྱི་འདུག

ཨ་རིའི་ནོར་སྲིད་ལྷན་ཁང་གི་མགོ་འཁྲིད་སི་ཊི་ཝན་ནུ་ཆིན་(Steven Mnuchin)ལགས་ཀྱི་གསལ་བཤད་ཅིག་གི་ནང་། ནོར་སྲིད་ལྷན་ཁང་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་གྱི་མགོ་འཁྲིད་མི་སྣར་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་པ་དང་། འདི་ནི་ང་ཚོས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་བྱང་ཀོ་རི་ཡའི་རང་བཙན་ལ་གནོན་ཤུགས་སྤྲོད་ཐབས་ཤིག་ཡིན་པ་མ་ཟད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་བའི་འགུལ་སྐྱོད་ཀྱི་ཆ་ཤས་ཤིག་མངོན་འགྱུར་བྱུང་བ་རེད། ཅེས་དང་། གནད་ཡོད་མི་སྣར་དོ་དམ་བཀའ་ཆད་གཏོང་བའི་ལས་འགུལ་དེ་ནི་བདུན་ཕྲག་སྔོན་མའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་གྲོས་འཆར་གཏན་འབེབས་བྱུང་རྗེས་ལག་བསྟར་བྱས་པ་ཞིག་ཡིན་ལ། གྲོས་ཆོད་དེས་བྱང་ཀོ་རི་ཡར་སྔར་ལས་བཀག་སྡོམ་དོ་ནན་དང་། སྔར་ལྷག་ཁྲིམས་འགལ་རྐང་དངུལ་གྱི་ནུས་པ་ཚོད་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཡང་ཨ་རིའི་ནོར་སྲིད་ལྷན་ཁང་གི་གནས་ཚུལ་ལྟར་ན། ནོར་སྲིད་ལྷན་ཁང་གི་ཕྱི་རྒྱལ་ཐོན་དངོས་སྟངས་འཛིན་ལས་ཁུངས་ (The Office of Foreign Assets Control of the US Department of the Treasury)ཀྱི་གཏན་འབེབས་ལྟར། ཨ་རིའི་དོ་དམ་བཀའ་ཆད་ཕོག་མཁན་མི་སྒེར་གྱི་རྒྱུ་ནོར་དང་རྒྱུ་ནོར་ལ་ཐོབ་པའི་ཁེ་ཕན་ཡོངས་རྫོགས་བཀག་ཡོད་པ་མ་ཟད། མི་དེ་གཉིས་དང་འབྲེལ་བའི་ཨ་རིའི་མི་སེར་སུ་ཞིག་ཡིན་ཡང་ཚོང་འབྲེལ་རིགས་ཚང་མར་བཀག་སྡོམ་དང་། རྒྱལ་སྤྱིའི་ཚོང་འབྲེལ་ཚུད་པའི་ཨ་སྒོར་གྱི་ཚོང་འབྲེལ་ཚང་མ་སྒོ་བརྒྱབ་ཀྱི་ཡོད་འདུག

ཨ་རིའི་དོ་དམ་བཀའ་ཆད་ཕོག་པའི་རི་ཕོང་ཆོལ་ཟེར་བ་དེ་ནི་བྱང་ཀོ་རི་ཡའི་གླིང་ཕྲན་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་(ICBM)གྱི་གཙོ་གཉེར་བ་དང་། བྱང་ཀོ་རི་ཡ་ངལ་རྩོལ་ཏང་གི་ཆབ་སྲིད་ལྷན་ཁང་གི་རྗེས་ཚབ་རྒྱུན་ལས། ངལ་རྩོལ་ཏང་གི་དམག་དོན་མེ་ཤུགས་བཟོ་ལས་ཁང་གི་འགན་འཛིན་གཞོན་པ་ཡིན་ལ། དམག་དོན་མེ་ཤུགས་བཟོ་ལས་ཁང་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་ལས་གཞིར་ལྟ་ཞིབ་ཀྱི་འགན་འཁུར་གྱི་ཡོད་འདུག

ཁེམ་ཇོང་སིག་ཟེར་བ་དེས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་བཟོ་སྐྲུན་གྱི་ལས་གཞིའི་གཤེར་གཟུགས་འབར་རྫས་བརྗེ་བསྒྱུར་གྱི་མི་སྣ་གཙོ་བོ་ཞིག་ཡིན་པ་མ་ཟད། བྱང་ཀོ་རི་ཡས་གཏོར་རྒོལ་དྲག་ཆས་འཕོན་ཆེན་བཟོ་སྐྲུན་བྱེད་བཞིན་ཡོད་པ་དེའི་སློབ་སྟོན་པའང་ཡིན་སྟབས། དེ་སྔོན་ཁེམ་ཇོང་སིག་ལ་བྱང་ཀོ་རི་ཡའི་ཆེས་མཐོའི་གཟེངས་རྟགས་ཁེམ་ཇོང་ཨེལ་(Kim Jong Il)རྟགས་མ་ཡང་ཐོབ་ཡོད་འདུག

མི་དེ་གཉིས་ཀྱིས་ཁེམ་ཇོང་ཨིན་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོའི་ངང་པར་བརྒྱབས་པ་རྒྱུན་དུ་མཐོང་རྒྱུ་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༢ པའི་ནང་མེ་ཤུགས་འཕུར་མདེལ་ཞིག་ལེགས་འགྲུབ་བྱུང་རྗེས། ཁེམ་ཇོང་སིག་ཟེར་བ་དེ་ཁེམ་ཇོང་ཨིན་སྒེར་གྱི་གནམ་གྲུའི་ནང་བསྡད་དེ་འཕུར་མདེལ་ཚོད་ལྟ་ལྟེ་གནས་སུ་འབྱོར་བའི་གནས་ཚུལ་ཡུལ་དེའི་དབུས་བརྙན་འཕྲིན་ཁང་གིས་བཏང་ཡོད་འདུག་ལ། ཁེམ་ཇོང་སིག་ནི་ཁེམ་ཇོང་ཨིན་དགའ་ཤོས་ཀྱི་མི་སྣ་ཞིག་ཡིན་པར་བཤད།

འབྲེལ་ཡོད་གསར་འགྱུར།

Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

སྐར་མ ༥ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠

མཆན། 1

  1. སངས་རྒྱས says:
    ལོ་ 9 སྔོན།

    སྐུ་ཁམས་བཟང་།
    ནོར་སྲིད་ལས་ཁུངས་ཟེར་ན་་་་གང་རེད་དམ? དཔལ་འབྱོར་ལས་ཁུངས་ལ་ཟེར་གྱིན་རེད་པས?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese