མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དེང་གི་བཙན་བྱོལ་སྤྱི་ཚོགས་ཞེས་པའི་གཞོན་སྐྱེས་ཀྱི་བགྲོ་གླེང་ཚོཊ།

བོད་ཀྱི་དུས་བབ།
༢༠༡༨/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་གཞོན་སྐྱེས་ཚོར་ནང་ཁུལ་ཕྱོགས་ཞེན་དང་རྩོད་རྙོག་གི་ན་ཚ་རིགས་འགོས་པ་ཡིན་ན་ང་ཚོས་མི་ལོ་༦༠ ཉེ་བར་བོད་དོན་ཆེད་འཐབ་རྩོད་བྱས་པའི་མ་རྩ་དེ་བརླགས་ཚར་བ་རེད།ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་ཕྱི་དྲོར་བྷང་ལོར་ཧི་མ་ལ་ཡའི་གསོལ་མགྲོན་ཁང་དུ། ས་གནས་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་གོ་སྒྲིག་འོག དེང་གི་བཙན་བྱོལ་སྤྱི་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་ས་གནས་གཞོན་ནུ་ལྷན་ཚོགས་དང་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ། ས་གནས་འཕྲོད་བསྟེན་གླིང་། ས་གནས་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བཅས་ནས་གཞོན་སྐྱེས་སློབ་ཕྲུག་ཚོའི་བར་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། བགྲོ་གླེང་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོར་མཉམ་འབྲེལ་ཚོགས་གཙོ་ཟུར་པ་བཀྲ་ཤིས་དབང་ཕྱུག་ལགས་དང་བགྲོ་གླེང་གཏམ་བཤད་པ་སློབ་ཕྲུག་གཙོས་ཟུར་ཉན་དུ་ཕེབས་མཁན་སློབ་མ ༢༠ ལྷག་བཅས་ཁྱོན་མི་གྲངས་༣༠ ལྷག་ཅིག་འཛོམས་ཡོད་འདུག

འདི་གའི་གསར་འགོད་པར་ས་གནས་ཁྲིམས་ལུགས་རིག་པ་བའི་ཚོགས་གཙོ་དཀོན་མཆོག་རིན་ཆེན་ལགས་ཀྱིས་བགྲོ་གླེང་ཚོགས་དགོས་པའི་དམིགས་ཡུལ་སྐོར་བརྗོད་དོན། བགྲོ་གླེང་དེ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་༡༩༥༩ ལོ་ནས་བོད་མིས་ཞི་བའི་སྒེར་ལངས་བྱས་ཏེ་ད་ལོ་ནས་ལོ་ངོ་༥༩ འགྲོ་བཞིན་པ་དང་། ༧པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་སྐུ་བཀྲོངས་ནས་ལོ་ངོ་༢༩ འཁོར་གྱི་ཡོད་པ། བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་ལངས་ཏེ་ལོ་ངོ་བཅུ་འཁོར་བ། ལྷག་པར་དུ་བོད་ཕྱི་ནང་གཉིས་སུ་བོད་མི་མང་པོས་རང་ལུས་མེར་བསྲེགས་གནང་བ་སོགས་ལ་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཚོས་ནུས་པ་མཉམ་སྤུངས་ཀྱིས་བོད་དོན་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེད་བྱས་པ་ཞིག་མཚོན་གྱི་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ད་ལྟ་ང་ཚོའི་གནས་སྟངས་ཧ་ཅང་ཛ་དྲག་ཅན་དུ་གྱུར་ཡོད་པའི་སྐབས་འདིར་གཞོན་སྐྱེས་ཚོས་འཐབ་རྩོད་ལ་འགན་འཁུར་དང་གཅིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་བྱ་རྒྱུ་གལ་ཆེན་པོ་རེད་ལ། ང་ཚོའི་འདས་པའི་ཉམས་མྱོང་གཞི་ལ་བཞག་ནས་བཤད་ན། གཞོན་སྐྱེས་ཚོར་མགོ་འཁྲིད་ཀྱི་ལམ་སྟོན་ཡག་པོ་ཞིག་བྱེད་ཐུབ་པ་ཡིན་ན། ང་ཚོར་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་ཕྱོགས་ཞེན་གྱི་རིགས་དེ་གཏན་ནས་མེད་པ་རེད་ལ། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་དང་ལྷག་པར་དུ་གྲོས་ཚོགས་ར་བའི་ནང་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་ཕྱོགས་སྒྲིག་གིས་ཕྱོགས་ཞེན་དང་ཆིག་སྒྲིལ་མེད་པའི་གནས་སྟངས་མང་པོ་ཞིག་ཡོང་གི་ཡོད་ན་ཡང་། ང་ཚོ་གཞོན་སྐྱེས་ཚོར་ན་ཚ་དེའི་རིགས་གཏན་ནས་ཡོད་པ་མ་རེད་ཅེས་ན་འགྲིག་གི་ཡོད་པ་རེད། དེ་བཞིན་ང་ཚོར་མཚོན་ན་བཀུར་འོས་པའི་སྤྱི་འཐུས་ཚོར་གྲོས་ཚོགས་ར་བའི་ནང་ཕྱོགས་ཞེན་དང་ནང་ཁུལ་གྱི་རྙོག་དྲ་མང་པོ་ཞིག་བཤད་མ་བསྡད་པར་བོད་སྤྱི་བའི་རྩ་དོན་ལ་ཕན་པ་དང་ཕར་དགྲ་བོ་ལ་ཁ་འཁོར་ཏེ། བོད་གཞིས་ལུས་རྒྱ་ཆེའི་སྤུན་ཟླ་མི་མང་ཚོའི་རེ་བ་འགྲུབ་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད་ལ། དེ་བཞིན་གཞོན་སྐྱེས་ཚོར་ནང་ཁུལ་ཕྱོགས་ཞེན་དང་རྩོད་རྙོག་གི་ན་ཚ་འགོས་མི་འཇུག་རྒྱུ་གལ་ཆེན་རེད། གལ་དེ་ན་ཚ་དེ་རིགས་འགོས་པ་ཡིན་ན་ང་ཚོས་མི་ལོ་༦༠ ཉེ་བར་བོད་དོན་ཆེད་འཐབ་རྩོད་བྱས་པའི་མ་རྩ་དེ་བརླགས་ཚར་བ་རེད། ཅེས་བརྗོད་བྱུང་།

བགྲོ་གླེང་དེའི་ཐོག་གཙོ་བོ་གཞོན་སྐྱེས་རྣམས་ཀྱིས་རང་གི་སྤྱི་ཚོགས་དང་སྒྲིག་འཛུགས་སོགས་ལ་བཟུང་བའི་ལྟ་ཚུལ་དང་། བཙན་བྱོལ་བོད་མིའི་མཐུན་ལམ་གོང་མཐོར་གཏོང་དགོས་པ། གཞོན་སྐྱེས་རྣམས་ཀྱི་བརྒྱུད་ལ་སྤྱི་ཚོགས་རྙིང་པའི་ཕྱོགས་ཞེན་གྱི་ན་ཚ་སྔོན་འགོག་བྱ་དགོས་པའི་སྐོར་དང་།  དཔྱད་ཞིབ་དང་རྒྱུས་ལོན་མེད་པར་སྤྱི་ཚོགས་བརྒྱུད་ལམ་ཁག་གི་གནས་ཚུལ་གང་ལའང་ཡིད་འཇོག་བྱ་མི་རུང་བའི་སྐོར་སོགས་གླེང་སློང་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༡ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

མཆན། 1

  1. tenzin phuntsok says:
    ལོ་ 5 སྔོན།

    གཞན་སྐྱེས་ཀྱིས་བགྲོ་གླེང་འདི་ལྟ་བུ་ཚུགས་ཐུབ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist