མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེས་མཐོའི་དམག་དཔོན་གཉིས་ལ་ནག་ཉེས་ཕོག

བོད་ཀྱི་དུས་བབ།
༢༠༡༨/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དབུས་དམག་དོན་ལྷན་ཁང་གི་རྒྱུན་ལས་ཟུར་པ་ཧྥང་ཧྥིན་ཧེ་དང་དབུས་རྒྱུན་ཟུར་པ་འདས་པོ་ཀྲང་ཡཱང་གཉིས་ཀྱིས་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་འབོར་ཆེན་བླངས་བའི་ནག་ཉེས་འོག་དམར་ཤོག་ཚོགས་པ་ནས་ཕུད་དེ་གོ་ཐོབ་ཚང་མ་ཕྱིར་བསྡུ་བྱས་ཡོད་སྐོར་བསྒྲགས་འདུག ཁ་སང་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དམག་དོན་ལྷན་ཁང་གི་རྒྱུན་ལས་ཟུར་པ་དང་དམག་དོན་མཉམ་འབྲེལ་གྱི་ཚོགས་སྡེ་ཞིག་གི་འགན་འཛིན་ཟུར་པ་ཧྥང་ཧྥིན་ཧེ་(Fang Fenghui)དང་། རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་རྒྱུན་ལས་ཟུར་པ་དང་དམག་དོན་ཆབ་སྲིད་ཚན་པའི་མགོ་འཁྲིད་ཟུར་པ་འདས་པོ་ཀྲང་ཡཱང་(Zhang Yang)གཉིས་ཀྱིས། ལྐོག་ཟ་རུལ་སུངས་དང་ལྐོག་རྔན་འབོར་ཆེན་བླངས་བའི་ནག་ཉེས་འོག་རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་དང་གོ་ཐོབ་བཅས་ཕྱིར་བསྡུ་བྱས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། དམག་དོན་ཆེས་མཐོའི་མགོ་འཁྲིད་གཉིས་ཀྱིས་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་བའི་བྱས་ཉེས་ཧ་ཅང་ཚབས་ཆེན་ཡིན་སྟབས། དམར་ཤོག་ཚོགས་པའི་ལམ་ལུགས་ལ་གཏོར་བཤིག་ཆེན་པོ་བཏང་ཡོད་སྐོར་བསྒྲགས་པ་ཙམ་ལས་ཁ་གསལ་བཟོས་མེད་ན་ཡང་། རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་ཞིག་གིས་ཐེངས་འདིར་ཧྥང་ཧྥིན་ཧེ་ཡིས་ནག་ཉེས་དང་འབྲེལ་ནས་དམག་དོན་ལྷན་ཁང་གི་མགོ་འཁྲིད་དང་ལས་བྱེད་ ༣༠༠ ཙམ་ཉེས་དོན་ནང་ཚུད་རྒྱུ་ཡིན་པ་དང་། ཁོས་རྒྱ་སྒོར་ས་ཡ་ ༡༠༠ ཡི་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་བླངས་ཡོད་པའི་དོགས་གཞིའི་འོག་དམར་ཤོག་ཚོགས་པ་ནས་ཕྱིར་ཕུད་དང་གོ་གནས་མེད་པ་བཟོས་ཡོད་སྐོར་བརྗོད་འདུག

རྒྱ་ནག་དབུས་དམག་དོན་ལྷན་ཁང་ནས་བསྒྲགས་ཡིག་སྤེལ་བའི་ནང་། ཧྥང་ཧྥིན་ཧེ་ལ་མཚོན་ན་དམར་ཤོག་ཚོགས་པར་བློ་དཀར་སེམས་དཀར་མིན་པ་དང་བྱས་ཉེས་ཚབས་ཆེན་བསགས་པ་སོགས་ཀྱིས། དམར་ཤོག་ཚོགས་པ་དང་དབུས་དམག་དོན་ལྷན་ཁང་གི་སྒྲིག་ཁྲིམས་ལ་གཏོར་བཤིག་ཆེན་པོ་བཏང་ཡོད་སྐོར་དང་། དམག་དོན་ཆབ་སྲིད་ཚན་པའི་མགོ་འཁྲིད་ཟུར་པ་ཀྲང་ཡཱང་གིས་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་ཡོད་པ་མ་ཟད། ན་ནིང་ལོར་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འདྲི་རྩད་བྱེད་དུ་འགྲོ་སྐབས་རང་ཁྱིམ་ནས་རང་སྲོག་བཅད་ཡོད་པ་དང་། ཉེས་ཆད་ལ་གཡོལ་ནས་རང་སྲོག་བཅད་པ་དེས་དམར་ཤོག་ཚོགས་པའི་ལམ་ལུགས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་སྟབས། དམག་དོན་ལྷན་ཁང་གི་སྐྱིད་སྡུག་ནས་ཕྱིར་འཕུད་ཀྱིས་ཐོབ་ཐང་ཚང་མ་ཕྱིར་བསྡུ་བྱས་ཡོད་སྐོར་བརྗོད་འདུག

དམག་སྤྱི་ཆེན་མོ་ཀྲང་ཡཱང་ནི་རྒྱ་ནག་དབུས་དམག་དོན་ལྷན་ཁང་ཆབ་སྲིད་ཚན་པའི་འགན་འཛིན་དང་དམག་སྤྱི་ཆེན་མོ་ཡིན་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༣ ཉིན་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་བསླེབས་པ་དང་བསྟུན་རང་ཁྱིམ་དུ་སྐེ་བཏགས་ནས་རང་ཤི་བརྒྱབས་ཡོད་འདུག  སྐབས་དེར་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་ཁོ་ཕྱི་ལོ་༢༠༡༦ ལོར་ལྐོག་ཟ་རུལ་སུངས་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་རྒྱ་ནག་མི་མང་བཅིངས་གྲོལ་དམག་གི་དམག་སྤྱི་ཆེན་མོ་ཟུར་པ་གོ་པའོ་ཞོང་ (Guo Boxiong) དང་། ཕྱི་ལོ་ ༢༠༡༤ ལོར་འཛིན་བཟུང་བྱས་པའི་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཟུར་པ་ཞི་ཚེ་ཧུའུ་ (Xu Caihou) གཉིས་དང་འབྲེལ་བ་ཡོད་སྐོར་བརྗོད་ཡོད་པ་རེད།

ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ལོ་སྔོན་མའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཀྲང་ཡཱང་གི་ཁྲིམས་འགལ་དོགས་གཞིར་ཞིབ་བཤེར་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་དང་། ཁོའི་ཁྱིམ་དུ་འདྲི་རྩད་ཞིབ་བཤེར་བྱས་པ་བརྒྱུད་ཁྲིམས་སྒྲིག་དང་འགལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད་པ་མ་ཟད། སྒེར་གྱི་རྒྱུ་དངོས་མང་པོའི་འབྱུང་ཁུངས་གསལ་པོ་མེད་པ་སོགས་ཀྱི་ནག་ཉེས་ར་འཕྲོད་བྱུང་ཡོད་སྐོར་བརྗོད་པ་དང་། ཐེངས་འདིར་དམག་དོན་ལྷན་ཁང་གིས་བཏོན་པའི་ཡི་གེའི་ནང་ལྷན་ཁང་དེའི་མི་གྲངས་ ༤༠ ལྷག་ཀྲང་ཡཱང་གི་ནག་དོན་ནང་ཚུད་ཡོད་པ་དང་། དེའི་ཁྲོད་ནས་དམག་སྤྱི་གཉིས་ལ་གཟའ་ཟླ་བ་ནས་འདྲི་རྩད་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese