མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་མདོའི་འབྲུག་མགོ་ལར་ཕུག་ལམ་བཟོ་ཡི་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཆམ་མདོ་གྲོང་ཁྱེར་གྱི་ཁ་རུབ་ས་ཁུལ་དང་རི་བོ་ཆེ་རྫོང་གཉིས་བར་གྱི་འབྲུག་མགོ་རི་བོར་ས་འོག་ཕུག་ལམ་བཟོ་བཞིན་ཡོད་འདུག
དེ་རིང་ཕྱི་ཚེས་ ༣ ཉིན། རྒྱ་ནག་གཞུང་འབྲེལ་ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ་ཞེས་པའི་ནང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༨.༢༩ བཏང་སྟེ། རྒྱང་ཐག་སྤྱི་ལེ་ ༡༩.༦ ཡོད་པའི་ཆབ་མདོའི་འབྲུག་མགོ་ལར་བུ་ག་བརྟོལ་ཟིན་ཡོད་པ་དང་། མི་རིང་བར་ཕུག་ལམ་གྱི་ཨར་ལས་འཛུགས་སྐྲུན་མགོ་འཛུགས་རྒྱུ་ཡིན་འདུག

གཞུང་འབྲེལ་གྱི་གསར་འགྱུར་ནང་ཕུག་ལམ་བཟོ་བའི་ལས་གཞི་དེའི་ཁྲོད་རི་ཉིལ་བ་དང་ཕུག་ལམ་བརྡིབས་པ་སོགས་ཀྱི་གནད་དོན་གང་ཡང་བྱུང་མེད་ལ། དེ་བཞིན་མི་སོགས་ལ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད་པ་ལྟར། རྗེས་ཕྱོགས་ཀྱི་ཨར་ལས་ཁྲོད་དུའང་ལས་འཛོལ་སོགས་བྱུང་མི་འཇུག་པར་ལས་དོན་གང་ལེགས་ཀྱིས་འགྲུབ་ཐབས་སུ་འབད་རྒྱུ་ཡིན་སྐོར་བསྒྲགས་འདུག ཕུག་ལམ་དེ་ཆམ་མདོ་གྲོང་ཁྱེར་ཁ་རུབ་ས་ཁུལ་དང་རི་བོ་ཆེ་རྫོང་གཉིས་ཀྱི་བར་དུ་ཡོད་པ་དང་། ཕུག་ལམ་དེ་ལེགས་འགྲུབ་བྱུང་ཚེ་ས་ཁུལ་དེ་གཉིས་ཀྱི་དཔལ་འབྱོར་དང་འགྲུལ་སྐྱོད་ཐད་ཕན་ཐོགས་ཆེན་པོ་དང་སྟབས་བདེ་བསྐྲུན་ཐུབ་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༤ ལོ་ནས་བཟུང་ལོ་ལྔ་རེའི་འཛུགས་སྐྲུན་ལས་གཞི་ ༡༣ པའམ་ལྔ་ཚན་བཅུ་གསུམ་ཞེས་པ་མགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༣༠ བར་བོད་ཁུལ་གྱི་ས་ཆ་གང་སར་གཞུང་ལམ་དང་མེ་འཁོར་ལམ། ཟམ་ཆེན་དང་ཕུག་ལམ་སོགས་ཀྱི་ལས་གཞི་འབོར་ཆེན་ལག་བསྟར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོ་གཅིག་པུར་རྒྱ་ནག་ཁྲིན་ཏུའུ་ནས་ལྷ་ས་བར་གྱི་ཁྲོན་བོད་ལྕགས་ལམ་ལས་མགོ་ཚུགས་པ་དང་ལྷ་སའི་སྣེའུ་གདོང་ཟམ་ཆེན་བཟོ་སྐྲུན། དེ་བཞིན་རྒྱལ་མོ་རྔུལ་ཆུའི་ཁྲོན་བོད་ཟམ་ཆེན་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ཕུག་ལམ་སོགས་འཛུགས་སྐྲུན་བྱེད་ཀྱི་ཡོད་ལ།  འཛུགས་སྐྲུན་གྱི་ལས་གཞི་དེ་དག་ནི་མི་མང་གི་དཔལ་འབྱོར་ཡར་རྒྱས་དང་འགྲོ་སྐྱོད་སྟབས་བདེ་ཡོང་ཆེད་དུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད།

འཛུགས་སྐྲུན་ཆེད་ས་རྐོ་རྡོ་སློག་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ས་གནས་མི་མང་ལ་དཀའ་ངལ་དང་རྙོག་དྲ་མང་དག་ཅིག་བྱུང་གི་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༢༠༡༤ ལོར་རྒྱ་གཞུང་གིས་སྡེ་དགེ་མཐིལ་གྱི་ས་འོག་ཕུག་ལམ་འཛུགས་སྐྲུན་བྱེད་སྐབས། ས་འོག་ཕུག་ལམ་རྡིབ་སྐྱོན་བྱུང་སྟེ་མི་ལ་ཤི་རྨས་དང་ཉེ་འགྲམ་གྱི་ཁོར་ཡུག་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་པར་བརྟེན། ས་གནས་མི་མང་གིས་ཁོ་ཚོའི་འཚོ་བ་ལ་བརྡབ་གསིག་དང་ས་ཡོམ་རི་ཉིལ་གྱི་འབྱུང་བའི་གནོད་འཚེ་ཡོང་ཉེན་ཡོད་པས། ལས་གཞི་དེ་ཕྱིར་འཐེན་དགོས་པའི་ཞུ་གཏུག་ཐེངས་མང་བྱས་ཡོད་ཀྱང་། སྲིད་གཞུང་གིས་ཉན་འཇོག་མ་བྱས་པར་ལས་མགོ་བརྩམས་ཡོད་པ་མ་ཟད། ས་གནས་ཀྱི་ཁང་པ་མང་པོ་གཏོར་བཤིག་བཏང་ནས་དུད་ཁྱིམ་མང་པོ་བཙན་གྱིས་གནས་སྤོར་དུ་བཅུག་པ་དང་། ས་བརྐོ་རྡོ་སློག་བྱས་རྐྱེན་ཉེ་འགྲམ་གྱི་ཁང་པ་མང་པོར་གས་ཆག་དང་རྡིབ་སྐྱོན་བྱུང་ཡོད་པ་རེད།

རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞིའི་ཁྲོད་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་དང་ཆུ་དང་གཙང་བོ་སོགས་ལ་འབག་བཙོག་ཐེབས་མེད་སྐོར་དང་། ཚན་རིག་ལག་རྩལ་ཚད་མཐོ་བོ་བཀོལ་ནས་རང་བྱུང་ཁམས་དང་མཐུན་པའི་ངང་ནས་ལས་གཞི་འཛུགས་སྐྲུན་བྱས་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཕྱི་ལོ་ ༢༠༡༣ ལོར་ཨོ་སི་ཊི་ལི་ཡའི་ཉམས་ཞིབ་པ་དང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་མཁན་སྐུ་ཞབས་གྷ་བྷི་རིལ་ལ་ཧྥེ་ཊི་(Gabriel Lafitte) ལགས་ཀྱིས། བོད་གཏོར་བརླག རྒྱ་ནག་གིས་འཛམ་གླིང་ཡང་སྟེང་གི་རང་བྱུང་ཁམས་ལ་དོ་དམ་བདག་ཉར (Spoiling Tibet: China and Resource Nationalism at the Roof of the World)ཞེས་པའི་དཔེ་དེབ་ཅིག་འགྲེམ་སྤེལ་བྱས་ཡོད་པ་དང་། དཔེ་དེབ་དེའི་ནང་རྒྱ་ནག་གིས་བོད་ཁུལ་དུ་འཛུགས་སྐྲུན་ལས་གཞི་སྣ་ཚོགས་སྤེལ་གྱི་ཡོད་པ་དེས་བོད་ཀྱི་རང་བྱུང་རི་ཆུ་ནགས་གསུམ་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་པ་མ་ཟད། འཛུགས་སྐྲུན་ལས་གཞི་ལ་ཁ་གཡར་ནས་བོད་ཀྱི་རང་བྱུང་གསེར་དང་ཟངས། དངུལ་དང་ཞ་ཉེ་སོགས་ཀྱི་གཏེར་རིགས་མང་པོ་སྔོག་འདོན་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༢༤ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese