མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་སྤྱི་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཁག་ཅིག

བོད་ཀྱི་དུས་བབ།
༢༠༡༩/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ནོར་བསམ།

དགེ་རྒན་གྱི་ལས་ཀར་ཞུགས་ཉིན་ནས་ཆེད་ལས་སློབ་གཉེར་བ་ཞིག་ལ་སྒྱུར་ཟིན་སྟབས། དུས་ཚོད་གང་མང་སློབ་སྦྱོང་ལ་སྤྲོ་བས་སྐྱེལ་ཐུབ་མཁན་ཞིག་ཡོང་བ་བྱེད་དགོས་ལ། སློབ་ཕྲུག་གི་ཆེད་དུ་དུས་ཚོད་གང་མང་འདོན་དགོས། ད་དུང་འཁྲིད་གཞིའི་སློབ་ཚན་ཐོག་ཤེས་ཚད་ལྡང་ངེས་ཡོད་པ་དང་། སློབ་ཕྲུག་རྣམས་ལ་བྱམས་དང་བརྩེ་བས་སློབ་ཁྲིད་ངང་རྒྱུད་རིང་པོས་བྱེད་ཐུབ་མཁན། སློབ་ཕྲུག་གི་སེམས་ཁམས་དང་བློ་རིག་དང་བསྟུན་ནས་ཐབས་མཁས་པོས་སློབ་ཕྲུག་སྐྱོང་ཐུབ་མཁན་ཞིག་དགོས། དེ་བས་དགེ་རྒན་འོས་སྦྱོང་དང་། སློབ་ཁྲིད་ཐབས་ལམ་འཚོལ་ཞིབ། ཤེས་ཡོན་སེམས་ཁམས་རིག་པ། འཁྲིད་གཞིའི་སློབ་ཚན་དང་འབྲེལ་བའི་འབྲི་ཀློག་ཤེས་བྱ་དང་ནང་གི་བསམ་བློའི་ཡོན་ཏན་ཡར་རྒྱས་གཏོང་རྒྱུར་དུས་གཏན་དུ་སློབ་སྦྱོང་བྱ་རྒྱུ་ནི་དགེ་རྒན་གྱི་ཉིན་རེའི་བྱ་གཞག་ཁག་ལས་དོན་གལ་ཆེ་ཤོས་ཤིག་ཅི་ལ་མིན།

སློབ་སྤྱི་ཞེས་པ་ནི་དགེ་རྒན་གྱི་གཙོ་འགན་འཁུར་མཁན་ཞིག་ཡིན་སྟབས་སློབ་གཙོ་ཞེས་པའང་བརྗོད་མཁན་འདུག སློབ་སྤྱི་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་ཕྱོགས་ལ་འཛམ་གླིང་ནང་རྒྱལ་ཁབ་སོ་སོར་མི་འདྲ་བ་ཡོད། དཔེར་ན། འདས་པའི་ལོ་རྒྱུས་ཐོག་ཨིན་ཡུལ་རྒྱལ་ཁབ་གྱི་སྒེར་གཉེར་སློབ་གྲྭ་ཕལ་ཆེ་བ་ཁྱིམ་ཚང་རེ་བཟུང་གིས་མི་རབས་མང་པོ་བདག་གཉེར་བྱེད་བཞིན་ཡོད་པ་དང་། སློབ་གྲྭ་དེ་རིགས་ནང་ལ་དགེ་ཆེ་(Headmaster or headmistress)ཞེས་པའི་ཚིག་བེད་སྤྱོད་གཏོང་སྲོལ་ཆེ་བ་དང་། སེ་ཀོ་ཀྲི་ལན་ཀྲི་ (Scotland)ནང་ལ་སློབ་སྤྱི་ལ་ཨིན་སྐད་དུ་ Rector དང་ Heidieཞེས་པ་འབོད་སྲོལ་ཆེ་བ་འདུག བྱང་ཨ་རི་དང་། ཨོ་སི་ཀྲི་ལི་ཡ། ཧོང་ཀོང་། ནིའུ་ཛེ་ལན་ཌི། ཨར་ལན་ཌི་སོགས་ཀྱི་ནང་ལ་སློབ་གྲྭའི་སློབ་སྤྱི་ལ་ (School principal) ཞེས་པ་བེད་སྤྱོད་གཏོང་སྲོལ་མང་ནའང་། སློབ་གྲྭ་རེ་ཟུང་གི་ནང་ལ་(Headmaster or head master) ཞེས་པ་བེད་སྤྱོད་གཏོང་མཁན་ཡང་ཡོད། གོང་གསལ་དེ་དག་ནི་སློབ་སྤྱི་ཞེས་པའི་ཚིག་བེད་སྤྱོད་གཏོང་སྟངས་ཀྱི་དཔེ་མཚོན་ཙམ་བྲིས་པ་ཡིན།

སློབ་སྤྱིའི་ལས་འགན་གང་རེད་དམ།
སློབ་གྲྭ་ཁ་ཤས་ཀྱི་ནང་ལ་སློབ་སྤྱིས་འཛིན་སྐྱོང་གི་ལས་ཀ་རྐྱང་པ་གནང་མཁན་ཡོད་ནའང་། སློབ་གྲྭ་ཕལ་ཆེ་བའི་ནང་ལ་སློབ་སྤྱིས་དགེ་རྒན་དང་ཤེས་ཡོན་འཛིན་སྐྱོང་གི་ལས་ཀ་གཉིས་ཀ་བྱེད་ཀྱི་ཡོད། དེའི་སྐོར་བོད་ནང་འདོན་སྤེལ་བྱེད་བཞིན་པའི་༼བོད་ཀྱི་སློབ་གསོ་༽ཞེས་པའི་དུས་དེབ་ཞིག་གི་ཐོག་རྩོམ་འབྲི་བ་རྒྱ་ནག་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་གི་རྨང་གཞིའི་སློབ་གསོ་ཚན་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་དབྱང་ཅུག་ཆེན་གྱིས་བྲིས་པའི་རྩོམ་ཡིག མཚོ་ལྷོ་ཁུལ་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར་བ་རྩོམ་ཡིག་འགོ་བརྗོད་ལ་༼སློབ་གཙོ་ཐོག་མར་དགེ་རྒན་བཟང་པོ་ཞིག་ངེས་པར་དུ་ཡིན་དགོས།༽ཞེས་པའི་རྩོམ་ཡིག་ནང་། སློབ་གཙོ་ནི་དགེ་རྒན་ལ་བཀའ་གཏོང་མཁན་མ་ཡིན་པ་དང་། འཛིན་སྐྱོང་ལས་སློབ་ཁྲིད་ཐོག་ལ་ནུས་པ་ཆེ་བ་འདོན་མཁན་ཞིག་ཡིན་དགོས་ཞེས་དང་། དགེ་རྒན་བཟང་པོ་ཞིག་ཡིན་པའི་སློབ་གཙོ་ལ་མཚོན་ན། དགེ་རྒན་ཁྲོད་ཀྱི་གཅིག་ཡིན་ལ། དགེ་རྒན་ཁྲོད་ཀྱི་ཡང་རྩེ་གཅིག་ཡིན། ཞེས་བྲིས་ཡོད། ཨ་རིའི་ཤེས་ཡོན་སློབ་གསོ་བ་དང་། སློབ་སྤྱི་ཞིག་གིས། དགེ་རྒན་ནི་གང་འདྲ་ཡིན་པ་བརྗེད་རྒྱུ་མེད་ལ། དུས་གཏན་དུ་དགེ་རྒན་བྱ་འདུན་ཡོད་པའི་སློབ་སྤྱི་ཞིག་བྱ་དགོས། ཞེས་བརྗོད་ཡོད། དེ་བས་ང་ཚོས་ངེས་པར་དུ་ཤེས་དགོས་པ་དང་། ངེས་དགོས་པ། ལག་བསྟར་བྱེད་དགོས་པ་ནི་སློབ་སྤྱི་ཞིག་བསྐོ་བཞག་བྱ་སྐབས་དང་བསྐོ་བཞག་ཟིན་པའི་སློབ་སྤྱི་ཞིག་གིས་འཛིན་སྐྱོང་གི་ལས་འགན་གཅིག་པུ་མིན་པར་། སློབ་ཁྲིད་ཐོག་ནུས་པ་ཆེ་བ་འདོན་མཁན་ཞིག་དགོས།

འོ་ན། སློབ་སྤྱི་ཞིག་ལ་ངེས་པར་དུ་ཚང་དགོས་པའི་རྨང་གཞིའི་ཆ་རྐྱེན་གང་དག་དགོས་སམ་ཟེར་ན། དང་པོ། ནུས་པ་ལྡན་པའི་སློབ་སྤྱི་ཞིག་ཡོང་བར་བྱེད་པར་གང་ཟག་དེར་ཤེས་ཡོན་སློབ་གསོ་ཡར་རྒྱས་གཏོང་རྒྱུར་ཚད་དང་ལྡན་པའི་འཆར་གཞི་དང་། ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཡོད་མཁན་ཞིག་དགོས། འཆར་གཞི་དང་དམིགས་ཡུལ་བརྟན་པོ་ཡོད་ཐོག་དགེ་རྒན་རྣམས་ལ་ཤེས་ཡོན་སློབ་གསོ་མུ་མཐུད་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་དང་ཁོར་ཡུག་བཟང་པོ་བསྐུན་ཐུབ་མཁན་ཞིག་དགོས། གཉིས་པ། ནུས་པ་ལྡན་པའི་སློབ་སྤྱི་ཞིག་ཆགས་པར་མིག་དཔེར་འོས་པའི་འགོ་ཁྲིད་ཀྱི་ནུས་པ་ལྡན་དགོས། སློབ་གྲྭའི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་དཀའ་ངལ་སྤྱི་དང་། བྱེ་བྲག་དགེ་ལས་སློབ་ཕྲུག་དཔལ་འབྱོར་སོགས་དང་འབྲེལ་བའི་དཀའ་ངལ་གང་འདྲ་ཞིག་འཕྲད་ནའང་གདོང་ལེན་གྱི་སྙིང་སྟོབས་དང་། ཤེས་ཡོན། འཇོན་ཐང་། ལྷག་བསམ་ཡོད་མཁན་ཞིག་དགོས། གསུམ་པ། ནུས་པ་ལྡན་པའི་སློབ་སྤྱི་ཞིག་ཆགས་དགོས་ན། དྲང་བདེན་ཐོག་ནས་ཕྱག་ལས་གནང་ཐུབ་མཁན་ཞིག་དགོས། གནས་སྟངས་ཇི་འདྲ་ཞིག་འཕྲད་ནའང་། དྲང་བདེན་ཐོག་ནས་ཐག་གཅོད་བྱེད་པའི་ལྷག་བསམ་དང་། དྲང་བདེན་གྱི་འདུ་ཤེས་ཡོད་པ་ལས། གོང་རིམ་དཔོན་གྱི་སྣོན་ཤུགས་འོག་ལ་འགྲོ་ན་མི་འགྲིག་ལ།སློབ་ཕྲུག་གི་ཕ་མའི་ངོ་ལ་བལྟས་ནས་དགེ་རྒན་ལ་དྲང་བདེན་མིན་པའི་ཐག་གཅོད་ཀྱིས་དགེ་རྒན་གྱི་སེམས་ཤུགས་གཅོག་ན་མི་འགྲིག དེ་བས་དྲང་བདེན་གཙོ་བོར་བཟུང་མཁན་ཞིག་ཡིན་དགོས། བཞི་པ། ནུས་པ་ལྡན་པའི་སློབ་སྤྱི་ཞིག་ཡིན་དགོས་ན། གནས་ཚུལ་ཆ་ཚང་བ་ཉན་ཐུབ་མཁན་དང་། བརྒྱུད་རིམ་ཆ་ཚང་བ་ཤེས་རྟོགས་ཐུབ་པར་འབད་ནས་ཐག་གཅོད་བྱེད་ཐུབ་མཁན་ཞིག་ཡིན་དགོས། དེ་མིན་གཞན་གྱིས་ཟེར་རྗེས་སུ་རྒྱུགས་ནས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་གཏོང་མི་ཐུབ་མཁན་ཞིག་ཆགས་ན་རང་ཉིད་གཞན་གྱི་ལག་གཡོག་ལ་གྱུར་བ་རེད། དེ་བས་དགེ་ལས་ཕ་མ་སློབ་ཕྲུག་སོགས་འབྲེལ་ཡོད་ཚང་མའི་བསམ་ཚུལ་ཉན་ནས་དྲང་བདེན་གྱི་ཐག་གཅོད་བྱེད་ཐུབ་མཁན་ཞིག་དགོས། ལྔ་པ། སློབ་སྤྱི་ཡག་པོ་ཞིག་ཡོང་དགོས་ན། སློབ་གྲྭའི་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་མི་སྣ་ཡོངས་ཕན་ཚུན་འབྲེལ་འདྲིས་ཀྱི་ཟམ་པ་འཛུགས་མཁན་དང་། ཕན་ཚུན་ཡིད་ཆེས་དང་གུས་བཀུར་བསྐྲུན་ཐུབ་མཁན་ཞིག་ཡིན་དགོས། དེ་ལྟར་བྱུང་ན་དགེ་ལས་ཕ་མ་སློབ་ཕྲུག་ཚང་མ་ཕན་ཚུན་ཡིད་ཆེས་དང་གུས་བཀུར་། མཛའ་བརྩེ་ལྡན་པའི་ཐོག་ནས་ལས་དོན་བསྒྲུབ་པར་དཀའ་ངལ་མེད་པ་དང་། ཚགས་ཚུད་ཡོང་ཐུབ་པ། སློབ་གྲྭའི་ཕྱིའི་ཁང་བཀོད་ཙམ་མིན་པར་གཙོ་བོ་སློབ་ཕྲུག་གི་བརྒྱུད་ལ་ཤེས་ཡོན་གྱི་འབྲས་བུ་སྨིན་རྒྱུར་གདོན་མི་ཟའོ།།

འབྲེལ་ཡོད་གསར་འགྱུར།

Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༣ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese