མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བདེའི་ཅོང་ཆེན་ཡོད་སར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཨི་ཊ་ལིའི་རང་སྐྱོང་མངའ་སྡེ་ཁག་ཅིག་གི་སྲིད་སྐྱོང་ལ་མཇལ་འཕྲད་གནང་བ་སོགས་གཞུང་འབྲེལ་ཕྱོགས་ཕེབས་གནང་འགྲུབ་ཀྱི་ཡོད་པས་སང་ཉིན་ནས་ཕྱིར་རྒྱ་གར་ནང་ཕེབས་འཆར་ཡོད་འདུགདེ་རིང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨི་ཊ་ལིའི་ཊེ་རན་ཊོ་རང་སྐྱོང་མངའ་སྡེ་ (Trento) ནང་ཕེབས་ཏེ། མངའ་སྡེའི་སྲིད་འཛིན་གཞོན་པ་ཨ་ལེ་སན་དྷོ་རོ་ཨོ་ལི་ཝི་ (Alesandro Olivi) ལགས་དང་། བོད་དོན་རྒྱལ་སྐྱོར་བ་སོགས་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད། དམག་ཆེན་གཉིས་པའི་སྐབས་ཀྱི་ཡུལ་དེའི་དམག་འཁྲུག་གི་རྗེས་ཤུལ་ཞིག་ཏུ་ཞི་བདེའི་མཚོན་དོན་ཆེད་ཅོང་ཆེན་ (Peace Bell) ཞིག་བཙུགས་ཡོད་པ་དེར། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་བསྡུས་ཡོད་པ་དང་། དེ་རུ་སྔོན་ཆད་འཛམ་གླིང་རྒྱལ་ཁབ་ ༩༥ ཡིས་རྒྱལ་དར་སྒྲེང་འཛུགས་གནང་མྱོང་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༡ ཉིན་ཨི་ཊ་ལིའི་ལྷོ་ཏའེ་རོལ་ (South Tyrol) རང་སྐྱོང་མངའ་སྡེའི་རྒྱལ་ས་བྷོལ་ཛ་ནོའི་ (Bolzano) ནང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་མངའ་སྡེ་དེའི་གཞུང་འཛིན་པ་ (Governor) ཨར་ཎོ་ཀོམ་པེ་ཊི་ཤར་ (Arno Kompatscher) ལགས་གཉིས་མཇལ་འཕྲད་གནང་སྟེ་བོད་དོན་ཐོག་བཀའ་མོལ་གནང་ཡོད་འདུག་ལ། དེའི་རྗེས་སྲིད་སྐྱོང་མཆོག་གིས་ཡུ་རེག་སྒེར་གཉེར་ཉམས་ཞིབ་ཁང་ (EURAC) གི་ཤེས་ཡོན་དང་སྦྱོང་བརྡར་སྡེ་ཚན་གྱི་འགན་འཛིན་དང་། བོད་དོན་རྒྱབ་སྐྱོར་བ་གྷུན་ཐར་ཀོ་ལོག་ཎ་ (GÜNTHER COLOGNA) ལགས་གཉིས་ལ་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་དང་ཉམས་ཞིབ་ཁང་གཉིས་བར་མཉམ་འབྲེལ་མུ་མཐུད་གནས་ཆེད་རྒྱུས་ལོན་ཆོད་ཡིག་ (Memorandum of Understanding) ལ་མཚན་རྟགས་འགོད་པར་མོས་མཐུན་བྱུང་ཡོད་འདུག་ལ། སྐབས་དེར་སྲིད་སྐྱོང་མཆོག་ནས་འདས་པའི་ལོ་ངོ་ ༢༥ ཙམ་རིང་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་སོགས་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཡུ་རེག་སྒེར་གཉེར་ཉམས་ཞིབ་ཁང་ (EURAC) གཉིས་བར་འབྲེལ་བ་དམ་ཟབ་ཉར་ཐུབ་པ་དེར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ལྷོ་ཏའེ་རོལ་ (South Tyrol) རང་སྐྱོང་མངའ་སྡེའི་རང་སྐྱོང་ལག་བསྟར་གནང་སྟངས་ཐད་ནས་བོད་མི་ཚོས་སློབ་གསོ་མང་པོ་ཞིག་ལེན་རྒྱུ་ཡོད་པ་སོགས་གསུངས་ཡོད་འདུགཡང་སྐབས་དེར་བོད་དོན་རྒྱབ་སྐྱོར་བ་ (GÜNTHER COLOGNA) ལགས་ཀྱིས་སྲིད་སྐྱོང་མཆོག་རང་སྐྱོང་མངའ་སྡེ་དེར་ཕེབས་པར་དགའ་བསུ་དང་སྦྲགས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ལྷོ་ཏའེ་རོལ་ (South Tyrol) རང་སྐྱོང་མངའ་སྡེའི་བར་ཡུན་རིང་གི་འབྲེལ་བ་ཡོད་པ་དང་། བོད་ཕྲུག་སློབ་མ་དང་གཞུང་ཞབས། བཀའ་བློན་སོགས་མངའ་སྡེ་དེའི་རང་སྐྱོང་ལག་བསྟར་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་དུ་ཡོང་སྟེ་ལེགས་ཆ་ལེན་གྱི་ཡོད་པ་དང་། ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མི་ཚོས་མིང་དོན་མཚུངས་བའི་རང་སྐྱོང་རྩོད་ལེན་བྱེད་ཀྱི་ཡོད་པ་གསུངས་པ་ནས་བཟུང་། ཉམས་ཞིབ་ཁང་དེའི་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་དང་ལྷན་ཤེས་བྱ་བརྗེ་ལེན་བྱེད་མགོ་བཙུགས་ཡོད་པ་དེར་དགའ་སྤོབ་སྐྱེས་ཀྱི་ཡོད་སྐོར་སོགས་གསུངས་ཡོད་འདུག

དེའི་རྗེས་སྲིད་སྐྱོང་མཆོག་ཡུ་རེག་སྒེར་གཉེར་ཉམས་ཞིབ་ཁང་ (EURAC) གི་ཚོགས་ཁང་དུ་མངའ་སྡེའི་གནད་ཡོད་མི་སྣ་དང་ཉམས་ཞིབ་པ་སོགས་མི་གྲངས་ ༢༠ ལྷག་ལ་བོད་ཀྱི་གནས་སྟངས་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས། ང་རང་འདིར་ཁྱེད་རང་ཚོར་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་རོགས། ཞེས་འབོད་སྐུལ་ཞུ་ཆེད་ཡོང་བ་ཡིན།  འོན་ཀྱང་ཁྱེད་ཚོས་ཀྱང་རྒྱ་ནག་དང་ལྷན་ཚོང་གི་འབྲེལ་ལམ་གསར་པ་ཞིག་འགོ་འཛུགས་གནང་ཡོད་སྟབས།  ངས་ཁྱེད་ཚོར་ངེས་པར་དུ་ཡིད་གཟབ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་དང་། དེ་བཞིན་སྲིད་སྐྱོང་མཆོག་ནས་ལྷོ་ཏའེ་རོལ་ (South Tyrol) རང་སྐྱོང་མངའ་སྡེའི་རང་སྐྱོང་གི་ལེགས་འགྲུབ་ནི་རྒྱ་ནག་གཞུང་གིས་བོད་མིར་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་པའི་མིག་དཔེ་ཡིན་སྐོར་སོགས་གསུངས་ཡོད་འདུག

ཡང་སྲིད་སྐྱོང་མཆོག་ནས་བོད་མིའི་ཞི་བའི་འཐབ་རྩོད་སྐོར་ངོ་སྤྲོད་གནང་སྐབས།  ལོ་ངོ་བཅུ་ཕྲག་འགའི་རིང་བོད་མི་ཚོས་ཞི་བའི་ཐོག་བོད་དོན་འཐབ་རྩོད་བྱས་པ་རེད། དཔེར་ན་བོད་མི་ ༡༥༠ ལྷག་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ང་ཚོས་མི་ལུས་ནི་རིན་ཆེན་ཡིན་པ་དང་མུ་མཐུད་གསོན་ཏེ་བོད་དོན་བདེན་མཐའ་གསལ་ཐབས་བྱེད་དགོས་པས་རང་ལུས་མེར་བསྲེགས་མི་གནང་པའི་རེ་སྐུལ་ཞུ་ཡི་ཡོད་ནའང་། རང་ལུས་མེར་བསྲེགས་མུ་མཐུད་ནས་གནང་གི་ཡོད་པ་རེད། བོད་མི་ཚོས་རང་ཉིད་མེ་ལ་སྲེག་ཐུབ་པའི་དུས་སྐབས་ཤིག་ལ། ཁོང་ཚོས་རྒྱ་ནག་གཞུང་གི་ཉེན་རྟོག་ཁང་དང་རྒྱ་རིགས་ཚོང་ཁང་། དེ་བཞིན་ཟ་ཁང་ནང་དང་རྒྱ་མི་ཞིག་གི་ཐོག་མཆོང་སྟེ་འཚེ་བའི་བ་བྱ་སྤྱོད་སྤེལ་ཐུབ་པའི་ནུས་པ་ཡོད་ཀྱང་། ཁོང་ཚོ་སུ་ཞིག་གིས་ཀྱང་དེ་ལྟ་བུའི་འཚེ་བའི་བྱ་སྤྱོད་སྤེལ་མེད་པ་རེད། ཅེས་གསུངས་ཏེ། བོད་མིའི་འཐབ་རྩོད་ནི་ཞི་བའི་འཐབ་རྩོད་ཅིག་ཡིན་པ་དང་། བོད་མིའི་འཐབ་རྩོད་ཀྱི་རྒྱལ་ཁ་ནི་འཚེ་མེད་ཞི་བའི་རྒྱལ་ཁ་ཡིན་པ། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་ནི་རང་ཉིད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་མཚུངས་པ་སོགས་ཀྱི་སྐོར་གསུངས་ཡོད་པ་རེད།

ཕྱི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨི་ཊ་ལིའི་ནུབ་ཕྱོགས་ཀྱི་ (Emilia-Romagna) ས་ཁུལ་གྱི་ཁ་ནོ་སཱ་ (Canossa) གྲོང་རྡལ་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕེབས་ནས་མི་ལོ་ ༢༠ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་ཕེབས་ཡོད་འདུག་ལ། ཡུལ་དེའི་གྲོང་སྡེ་སྤྱི་ཁྱབ་སིན་ཌ་ཁོ་ཌི་ཁ་ནོ་སཱ་ (Sindaco di Canossa) ལགས་ནས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་དང་། གྲོང་སྡེ་སྤྱི་ཁྱབ་ལས་ཁུངས་ནས་བོད་རྒྱ་འབྲེལ་མོལ་འབྱུང་བར་རོགས་རམ་གནང་འདོད་ཡོད་སྐོར་གསུངས་ཡོད་འདུག མཛད་སྒོའི་ཐོག་ཨེ་ཊ་ལིའི་གྲོས་ཚོགས་འཐུས་མི་མེ་ཊེའུ་ལིའུ་གེ་བྷེན་ཆི་ (Matteo Luigi Bianchi) དང་ཨེན་ཊོ་ནེ་ལཱ་ཨཱིན་སེར་ཏི་ (Antonella Incerti) གཉིས་ཀྱང་ཕེབས་ཡོད་འདུག་ལ། སྐབས་དེར་སྲིད་སྐྱོང་མཆོག་ནས་ཁ་ནོ་སཱའི་གྲོས་མོལ་གྱི་སྙིང་སྟོབས་དེ་བོད་དོན་ཐོག་བསླེབ་པའི་ཐུགས་རེ་ཡོད་སྐོར་དང་། ཉེ་ཆར་ཨེ་ཊ་ལི་གཞུང་གིས་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་ལ་མཚན་རྟགས་བརྒྱབས་ཡོད་པ་དེར་གཟབ་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ལའང་ལམ་གཅིག་རྒྱུད་བཙན་འཛུལ་བྱས་ཡོད་ལ། ལམ་དེ་རྒྱུད་བོད་ནང་ཞི་བདེ་དང་འཕེལ་རྒྱས་ཡོང་དགོས་ངེས་ཞིག་ཡིན་ནའང་། རྒྱ་ནག་གཞུང་གིས་མེ་མདའ་དང་མེ་སྒྱོགས་འཁྱེར་ནས་ཡོང་སྐོར་གསུངས་ཡོད་འདུགདེ་བཞིན་ཟླ་འདིའི་ཕྱི་ཚེས་ ༧ ཉིན།  ཡུལ་དེའི་པོ་མའེ་ཡ་ (Pomaia)  ཞེས་པའི་ས་གནས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༤ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་ཐོག་སྲིད་སྐྱོང་མཆོག་ཕེབས་ཡོད་འདུག་ལ། མཛད་སྒོའི་ཐོག་ས་གནས་དེའི་གྲོང་སྡེའི་སྤྱི་ཁྱབ་མ་གྷའེ་མི་ལ་ཁར་ལི་ (Giamila Carli) ལགས་ཀྱིས། ཕྱི་ལོ་ ༢༠༡༧ ལོར་༧གོང་ས་མཆོག་ལ་མི་སེར་ཕྱག་འཁྱེར་འབུལ་ལམ་ཞུས་པར་ཧ་ཅང་དགའ་བོ་བྱུང་སྐོར་དང་། བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུའི་ཁས་ལེན་དང་།  བོད་མིར་རོགས་རམ་གནང་རྒྱུ་དེ་ནི་ཚོང་ཁེའི་ཆེད་དུ་མིན་པར་བཟང་སྤྱོད་ཀྱི་ལྟ་གྲུབ་ལ་བརྟེན་ནས་ཡིན་སྐོར་སོགས་གསུངས་ཡོད་འདུག་ལ། སྐབས་དེར་སྲིད་སྐྱོང་མཆོག་ནས་དེ་ནི་འཛམ་གླིང་གི་མགོ་འཁྲིད་ཚོས་ཀྱང་མིག་དཔེར་བལྟས་ནས་ལག་བསྟར་གནང་དགོས་པའི་དུས་ལ་བབ་ཡོད་ལུགས་གསུངས་ཡོད་འདུག

དེ་རིང་ཕྱི་དྲོ་ཙམ་ལ་ཨི་ཊ་ལི་ཡི་ས་གནས་ཀྱི་གསར་ཁང་ཁག་ཅིག་ནས་སྲིད་སྐྱོང་མཆོག་ལ་བཅར་འདྲི་བྱེད་ཀྱི་ཡོད་འདུག་ལ། སང་ཉིན་ཕྱི་ཚེས་ ༡༣ ཉིན་ཨི་ཊ་ལི་ནང་གི་གཞུང་འབྲེལ་མཛད་རིམ་ཁག་ཡོངས་སུ་གྲུབ་སྟེ། ཕྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འཆར་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese