མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སློབ་ཆེན་ ༡༡༥ ཙམ་དམར་དམག་དང་འབྲེལ་བ་དམ་ཟབ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༩/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གཞུང་དང་ཡུལ་དེའི་སློབ་ཆེན་ཁག་སོགས་ཀྱིས་རྒྱ་ནག་གི་ཚོགས་སྡེ་ཁག་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པ་དེས་ཨོ་གླིང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་བདེ་འཇགས་ལ་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པའི་སྙན་ཐོ་བཏོན།ཁ་སང་ཕྱི་ཚེས་ ༢༥ ཉིན་ཨོ་གླིང་འཐབ་བྱུས་ཉམས་ཞིབ་ལྟེ་གནས་ཁང་(Australian Strategic Policy Institute)གིས་རྒྱ་ནག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གི་སློབ་ཆེན་བརྒྱ་ལྷག་དམར་དམག་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། ཨོ་གླིང་གི་སློབ་ཆེན་ཁག་ནས་སློབ་ཆེན་དེ་དག་ལ་མཉམ་འབྲེལ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་འདུག

སྙན་ཐོ་དེའི་ནང་། འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་སློབ་ཆེན་ཁག་དང་དམག་སྡེ། དེ་བཞིན་བདེ་སྲུང་ཚན་པ་ཁག་བར་འབྲེལ་བ་ཆེ་རུ་བཏང་སྟེ། དམག་ཤུགས་ཀྱི་ཁྱབ་ཚད་ཆེ་རུ་གཏོང་བཞིན་ཡོད་པ་དང་། རྒྱ་ནག་གི་སློབ་ཆེན་ཧ་ཅང་མང་པོ་ཞིག་རྒྱལ་སྲུང་ཞིབ་འཇུག་དང་རྒྱལ་སྲུང་ཚན་རིག་པར་སྦྱོང་བརྡར་སྤྲོད་པ། དམག་སྡེ་དང་རྒྱལ་སྲུང་ཚན་པར་མཉམ་འབྲེལ་དང་གསང་བའི་ཡིག་ཆ་ཁག་ལ་འབྲེལ་བ་ཡོད་པ། དེ་བཞིན་ཉུང་མཐར་སློབ་ཆེན་ཁག་ ༡༥  དྲྭ་གནས་འཇབ་རྒོལ་དང་གསང་ཉུལ་ཁྲིམས་འགལ་གྱི་དངོས་ཟོག་ཕྱིར་འདྲེན་སོགས་ལ་འབྲེལ་བ་ཡོད་པ་དང་། རྒྱལ་སྲུང་ཚན་པས་སློབ་ཆེན་ཁག་ ༩ ལ་བཀོད་འདོམས་དང་། དེའི་ལས་མི་སྟོང་ཕྲག་མང་པོ་ཕྱིའི་རྒྱལ་ཁབ་ཁག་ལ་སྦྱོང་བརྡར་དུ་བཏང་རྗེས། ཕྱིར་རྒྱ་ནག་ཏུ་འབོད་འགུག་གིས་དམག་དོན་ཆེད་ལས་ཀ་བྱེད་དུ་འཇུག་གི་ཡོད་པ་སོགས་བཀོད་འདུག

ཡང་ཨོ་གླིང་གི་ཉམས་ཞིབ་ལྟེ་གནས་ཁང་དེའི་སྙན་ཐོའི་ནང་། ཨོ་གླིང་གི་སློབ་ཆེན་ཁག་གིས་རྒྱ་ནག་གི་སློབ་ཆེན་ཁག་ ༡༡༥ ཙམ་དམར་དམག་དང་འབྲེལ་བ་དམ་པོ་ཡོད་པར་བརྟེན། དེ་དག་དང་མཉམ་འབྲེལ་བྱེད་མཚམས་འཇོག་དགོས་པ་དང་། སློབ་ཆེན་ཁག་གི་ནང་རང་དབང་ལྡན་པའི་ཉམས་ཞིབ་ཁང་འཛུགས་པ། དེ་བཞིན་ཨོ་གླིང་གཞུང་ནས་གཞུང་འབྲེལ་གྱི་ཉམས་ཞིབ་ཁང་ཁག་ལ་རོགས་དངུལ་མང་དུ་བཏང་སྟེ། སློབ་ཆེན་ཁག་ལ་མཉམ་འབྲེལ་ཞིབ་འཇུག་ཡར་རྒྱས་གཏོང་བ་དང་། དེ་དང་འབྲེལ་ནས་རྒྱལ་སྲུང་དང་བདེ་འཇགས་ཀྱི་ཆེད་དོ་ནན་བྱེད་དགོས་པའི་འབོད་སྐུལ་གནང་འདུག

ཨོ་གླིང་གི་ཉམས་ཞིབ་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཨེ་ལེག་སི་ཇོ་སི་ཀེ་ (Alex Joske) ལགས་ཀྱིས། གཞུང་དང་སློབ་ཆེན། བཟོ་ཚོང་ཁང་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་པ་ཁག་ལ་མཉམ་འབྲེལ་བྱས་པ་ཡིས། རྒྱ་ནག་གི་མི་དམངས་བཅིངས་གྲོལ་དམག་གམ་བདེ་སྲུང་ཚན་པ་ཁག་གིས་ཉུལ་ཞིབ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། དེ་བཞིན་དམག་དོན་ཐད་ཁེ་ཕན་སྒྲུབ་ཆེད་བེད་སྤྱོད་གཏོང་བའི་ཉེན་ཚབ་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཨོ་གླིང་གཞུང་དང་སློབ་ཆེན་ཁག་གིས་རྒྱ་ནག་གི་སློབ་ཆེན་ཁག་བར་མཉམ་འབྲེལ་གྱི་ཉེན་ཁ་དེར་ནུས་པ་ལྡན་པའི་ཐོག་ནས་གདོང་ལེན་བྱེད་ཐུབ་ཀྱི་མེད་པར་ལུས་ཡོད་པ་རེད། ཅེས་བརྗོད་འདུག

འདས་པའི་ལོ་ཤས་གོང་ནས་བཟུང་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདག་དབང་དང་ཨོ་གླིང་ནང་གི་བྱེད་སྒོ་ཁག་ལ་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་དུ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༥ ནང་རྒྱལ་ཡོངས་འོས་བསྡུའི་སྐབས་རྒྱ་ནག་གཞུང་གིས་ཨོ་གླིང་གྲོས་ཚོགས་དང་ཆབ་སྲིད་ཚོགས་པ་ཁག་གསུམ་ལ་དྲ་གནས་འཇབ་རྒོལ་བྱས་ཡོད་པ་དང་། རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་ཧྭ་ཝེ་ཡི་དྲ་གནས་ཚད་རིན་ལྔ་པར་རྒྱལ་ཁབ་ཀྱི་བདེ་སྲུང་ལ་ཉེན་ཁ་ཡོད་པའི་དོགས་གཞི་བྱུང་བ་ནས་བཟུང་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།

ཨོ་གླིང་ནང་ཕྱིའི་རྒྱལ་ཁབ་ཁག་ནས་སློབ་མ་འབོར་ཆེན་ལེན་གྱི་ཡོད་འདུག་ལ། འདས་ལོར་ཕྱིའི་རྒྱལ་ཁབ་ནས་ཡོང་བའི་སློབ་མའི་བརྒྱ་ཆའི་ ༣༨ ལྷག་ཙམ་ནི་རྒྱ་ནག་ནས་ཡོང་བ་ཡིན་འདུག་ལ། དེ་ནི་ཕྱིའི་རྒྱལ་ཁབ་ཁག་ནས་ཡོང་བའི་སློབ་མའི་སུམ་ཆའི་གཅིག་ལྷག་ཟིན་ཡོད་སྟབས། ཨོ་གླིང་གཞུང་ནས་རྒྱ་ནག་གཞུང་གིས་གནས་བབ་དེ་བེད་སྤྱད་ནས་སློབ་ཆེན་ཁག་ནང་ཤུགས་རྐྱེན་སྤྲོད་པའི་དོགས་པ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་ཁུང་ཙི་ལྟེ་གནས་ཁང་ལ་ཨོ་གླིང་གི་སློབ་ཆེན་ཁག་ནས་མཉམ་འབྲེལ་གྱི་གན་རྒྱ་མཚམས་འཇོག་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese