མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲག་རྡུང་རུ་ཁག་བཙུགས་ཏེ་དྲག་གནོན་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མགོ་ལོག་རྭ་རྒྱ་སོགས་ཀྱི་མི་མང་ལ་ཆབ་སྲིད་དང་འགལ་བའི་ཉེས་མིང་གཡོགས་ཏེ་མིང་ཐོ་ནག་པོའི་ནང་བཅུག་གི་ཡོད་པ་མ་ཟད་ཁྱིམ་ཚང་དེའི་བྱིས་པ་རྣམས་མཐོ་སློབ་ཏུ་འགྲོ་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་འདུགའདི་ག་བོད་ཀྱི་དུས་བབ་ཀྱི་གསར་འགོད་པར་རྒྱ་གར་རྒྱལ་ས་ལྡི་ལིར་གནས་སྡོད་ཚེ་དབང་རྒྱལ་མཚན་ལགས་ཀྱིས་བརྗོད་པ་ལྟར་ན། དྲག་རྡུང་རུ་ཁག་ཟེར་བ་དེ་དམག་མི་དང་ཉེན་རྟོག་པ་སོགས་གང་ཡང་མ་ཡིན་པར། མི་མང་ལ་དྲག་གནོན་ཆེད་དུ་ཟུར་འཛུགས་བྱས་པ་ཞིག་ཡིན་པ་དང་། མི་མང་ཁྲོད་ཆབ་སྲིད་དང་རྩ་ས་རྩོད་རྙོག གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱེད་མཁན་སོགས། ཚོགས་པ་དེར་རྩིས་སྤྲད་ནས་ཐག་གཅོད་བྱེད་དུ་འཇུག་བཞིན་ཡོད་པ་དང་། ཁོ་ཚོས་གང་བྱུང་ཐག་གཅོད་དང་ཁས་མི་ལེན་མཁན་ཚོར་རྡུང་རྡེག་དྲག་པོ་གཏོང་གི་ཡོད་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། རྨ་ཆེན་རྫོང་དྲག་རྡུང་རུ་ཁག་གི་མགོ་འཁྲིད་ཀྱི་མིང་ལ་རྡོ་གྲགས་ཟེར་བཞིན་ཡོད་པ་དང་། ལོ་ཤས་གོང་རྭ་རྒྱ་དགོན་པའི་ཉེ་འདབས་ཆུ་བ་སྡེ་བའི་གནས་རི་སེམས་ལུང་དུ་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་བྱེདསྐབས་མི་མང་གིས་ངོ་རྒོལ་བྱས་ཡོད་པ་དང་། རྗེས་སུ་དེ་དག་གི་ཁྲོད་ནས་མི་མང་པོ་ཞིག་དྲག་རྡུང་རུ་ཁག་ལ་རྩིས་སྤྲོད་བྱས་ཏེ། ཉིན་གྲངས་མང་པོར་དྲག་རྡུང་རུ་ཁག་གིས་གཅར་རྡུང་མནར་གཅོད་བཏང་སྟེ་ཀློད་ཡོད་པ་དང་། ད་ལྟའི་ཆར་ཡུལ་མི་ཚོས་རྡོ་གྲགས་ཟེར་བའི་མི་དེའི་མིང་གོ་ན་འཇིགས་སྣང་སྐྱེས་དགོས་པ་ཞིག་ཆགས་ཡོད་སྐོར་བརྗོད་བྱུང་།

དེ་བཞིན་ཡུལ་ཕྱོགས་དེར་ཆབ་སྲིད་ཀྱི་སྲིད་བྱུས་ཤིག་ལག་བསྟར་གྱིས་མི་མང་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་ལ་ཁོང་གིས། ལས་འགུལ་དེ་ག་དུས་ཤིག་ནས་མགོ་ཚུགས་ཡོད་མེད་ས་གནས་འབྲེལ་ཡོད་ཚོར་བཤད་རྒྱུ་མེད་ཀྱང་། ཡུལ་མི་སུ་འདྲ་ཞིག་ཡིན་ཡང་ཆབ་སྲིད་དང་འབྲེལ་བའི་ཉེས་མིང་ཉེན་རྟོག་ལས་ཁུངས་སུ་འབྱོར་ཉིན་ནས། མི་དེའི་བུ་རབས་ཚ་རྒྱུད་ཀྱི་བྱིས་པ་གཅིག་ཀྱང་སློབ་གྲྭ་ལ་འགྲོ་བའི་ཐོབ་ཐང་ཡོངས་སུ་གཅོད་རྒྱུ་ཡིན་པའི་ཁྲིམས་སྒྲིག་ལག་བསྟར་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༢ ལོར་ཡང་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཡུལ་ཚོ་སོ་སོའི་ནང་། རྨ་ཆེན་རྫོང་ཉེན་རྟོག་པ་དང་ ༡༡༠ ཉེན་ཟོན་རུ་ཁག་བཅས་མཉམ་འབྲེལ་ཐོག་ཉིན་ ༡༠ རིང་དྲག་རྡུང་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་འབྲེལ་ཡོད་བོད་མི་ཞིག་གིས་ས་གནས་མི་མང་གིས་དྲག་རྡུང་ལས་འགུལ་དེ་ནི།  རྒྱ་ནག་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ལ་ཁག་བཞག་སྟེ།  ནམ་རྒྱུན་ས་གནས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་པའི་ལས་དོན་སྒྲུབ་མཁན་དང་།  བོད་པའི་སྐད་ཡིག་རྒྱུན་འཛིན་སྐོར་ལ་ཧུར་ཐག་གིས་འབད་འབུངས་བྱེད་བཞིན་པའི་བོད་མི་རྣམས་ལ་བསམ་བཞིན་མང་ཚོགས་ཀྱི་མདུན་ནས་གཅར་རྡུང་བྱས་ཏེ།  གཞན་ལ་འཇིགས་སྐུལ་གཏོང་ཐབས་ཀྱི་ལས་འགུལ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist