མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱི་བདམས་ཐོན་སྲིད་འཛིན་དང་པོ་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༠/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་བདམས་ཐོན་སྲིད་འཛིན་ཐོག་མ་དང་ཡུལ་དེའི་དམངས་གཙོ་ཡར་ཐོན་ཚོགས་པའི་ཀ་བ་ལྟ་བུར་གྱུར་བའི་སྐུ་ཞབས་ལི་ཏུན་ཧེ་མཆོག་དགུང་གྲངས་ ༩༧ ཐོག་ནད་མནར་གྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་འདུགཐའེ་ཝན་རོང་ཙོང་སྨན་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་ཐའེ་ཝན་གྱི་སྲིད་འཛིན་དང་པོ་སྐུ་ཞབས་ལི་ཏུན་ཧེ་མཆོག་དེ་རིང་ཐའེ་ཝན་གྱི་དགོང་མོའི་ཆུ་ཚོད་ ༧ པ་ཡོལ་ཞིག་ལ་རོང་ཙོང་སྨན་ཁང་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག འདི་ལོའི་ཕྱི་ཟླ་ ༢ ཚེས་ ༨ ཉིན་གློ་བུར་འོ་མའི་བཏུང་བྱ་ཞིག་གིས་རྐྱེན་བྱས་ཏེ་སྨན་ཁང་དུ་བསྡད་རྗེས་དྲག་སྐྱེད་བྱུང་མེད་པ་དང་། ཁ་སང་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་དང་སྲིད་འཛིན་གཞོན་པ་ལེ་ཆིན་ཌི་ལགས་རྣམ་གཉིས་རོང་ཙོང་སྨན་ཁང་དུ་ཁོང་ལ་ལྟ་བར་ཕེབས་ཡོད་འདུག་ལ། ཁོང་སྲིད་འཛིན་ཡིན་སྐབས་ཏེ་ཕྱི་ལོ་ ༡༩༩༧ ལོར་༧གོང་ས་མཆོག་ཐའེ་ཝན་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་སྲིད་འཛིན་ཁོང་དང་མཇལ་མོལ་ཡང་གནང་ཡོད་འདུག

ཕྱི་ལོ་ ༡༩༨༨ལོར་ཐའེ་ཝན་གྱི་དམངས་གཙོའི་འོས་འདེམས་ཁྲོད་སྐུ་ཞབས་ལི་ཏུན་ཧེ་མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། ༡༩༩༧ལོའི་ཕྱི་ཟླ་ ༧ པའི་ནང་བྷི་བྷི་སི་གསར་ཁང་གིས་ཁོང་ལ་བཅར་འདྲི་བྱེད་སྐབས། ཐའེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་བ་ནི་དམིགས་བསལ་གྱི་རྒྱལ་ཁབ་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་རེད་ཅེས་གསུངས་ཡོད་སྟབས། སྐབས་དེར་པེ་ཅིན་གཞུང་གིས་ཁོང་ལ་ཁ་བྲལ་བའི་སྐྱོན་བརྗོད་དྲག་པོ་བྱས་པ་མ་ཟད། ཐའེ་ཝན་གླིང་ཕྲན་ནང་དུའང་གནད་དོན་དེའི་ཐོག་རྩོད་གླེང་ཤུགས་ཆེན་བྱུང་ཡོད་འདུག གང་ལྟར་སྐུ་ཞབས་ཁོང་གིས་ཐའེ་ཝན་གྱི་དམངས་གཙོའི་འཕེལ་རིམ་ལ་མཛད་རྗེས་ཆེན་པོ་བཞག་གནང་ཡོད་སྟབས། ཨ་རིའི་དུས་རབས་ཞེས་པའི་དུས་དེབ་ཀྱིས་ཁོང་ལ་དམངས་གཙོའི་སྐུ་ཞབས་ཞེས་འབོད་མྱོང་བ་རེད། ཕྱི་ལོ་ ༡༩༩༧ ལོར་སྲིད་འཛིན་ལི་ཏུན་ཧེ་ (Lee Teng-hui) ཡི་སྐབས་སུ་༧གོང་ས་མཆོག་ཐེངས་དང་པོར་ཐའེ་ཝན་ནང་གདན་འདྲེན་ཞུས་ཡོད་པ་མ་ཟད། དབུ་འཁྲིད་རྣམ་གཉིས་མཇལ་མོལ་གནང་ཡོད་པ་དང་། དེ་ནས་བཟུང་ཕྱི་ལོ་ ༢༠༠༡ ལོར་དམངས་གཙོ་ཡར་སྐུལ་ཚོགས་པའི་ (Democratic Progressive party) གཞུང་སྲིད་འཛིན་ཁྲིན་ཧྲུ་པིན་ (Chen Shui-bian) གྱི་སྐབས་དང་། དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་ཐའེ་ཝན་ནང་མཚོ་རླུང་དྲག་པོ་བྱུང་སྟེ་མི་གྲངས་ ༨༠༠ ཙམ་རྐྱེན་འདས་སུ་ཕྱིན་རྗེས།  གནོད་འཚེ་ཐེབས་པའི་འདས་གསོན་ལ་ཐུགས་སྨོན་གནང་ཆེད་སྐབས་དེའི་གོ་མིན་ཏང་ཚོགས་པའི་གཞུང་ཏེ་སྲིད་འཛིན་མཱ་ཡུན་ཇོའུ་ (Ma Ying-jeou) ཡི་སྐབས་སུ་༧གོང་ས་མཆོག་ཐའེ་ཝན་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།

སྐུ་ཞབས་ལི་ཏུན་ཧེ་མཆོག་ཕྱི་ལོ་ ༡༩༢༣ ཟླ་དང་པོའི་ཚེས་ ༡༥ ཉིན་ཉི་ཧོང་གི་དབང་བསྒྱུར་འོག་ཡོད་པའི་ཐའེ་ཝན་གྱི་ཐའེ་ཧོ་ཁུ་ས་ཁུལ་གྱི་མཐའ་འཁོབ་ཀྱི་ཞིང་གྲོང་ཞིག་ཏུ་སྐྱེས་ཡོད་པ་དང་། ཆུང་དུས་ནས་རྒྱལ་ཁམས་འགྲིམས་འདོད་ཀྱི་རྨི་ལམ་ཡལ་དུ་མེད་པ་ཞིག་ཡོད་སྟབས། སྔ་རྗེས་སུ་ཉི་ཧོང་དང་ཨ་རི་སོགས་ནས་སློབ་གཉེར་གནང་ཡོད་འདུག ཁོང་གོ་མིན་ཏང་ཚོགས་པའི་ཚོགས་མི་ཞིག་ཡིན་ཡང་ཕྱི་ལོ་ ༢༠༠༡ ལོའི་ཕྱི་ཟླ་ ༩ ནང་ཐའེ་ཝན་མཐུན་སྒྲིལ་མཉམ་འབྲེལ་ཚོགས་པར་ཡོངས་ཁྱབ་ཐོག་རྒྱབ་སྐྱོར་གནང་བར་བརྟེན། གོ་མིན་ཏང་ཚོགས་པས་ཁོང་ཚོགས་ཁོངས་ནས་ཕྱིར་འཕུད་བཏང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

༢༠༢༦/༠༧/༠༥
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese