མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་མ་ཨ་བདེ། ཉག་རོང་གི་དཔའ་མོ་ང་ཚོ་དང་ཁ་གྱེས་སོང་།

བོད་ཀྱི་དུས་བབ།
༢༠༢༠/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ལྡན་བསོད་ནམས་ཀྱིས་བརྩམས།

བཀྲ་ཤིས་རྣམ་རྒྱལ་གྱིས་བསྒྱུར།

ཕྱི་ཟླ་ ༨ ཚེས་ ༣ ལ། བོད་ཀྱི་མིག་དཔེར་འོས་པའི་རང་དབང་འཐབ་རྩོད་པ་དང་ཆབ་སྲིད་བཙོན་ཟུར། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། ཨ་མ་ཨ་བདེ་ལགས་རྡ་རམ་ས་ལ་རུ་འདས་གྲོངས་སུ་ཕྱིན། ཁོང་མོ་དགུང་ལོ་ ༩༢ རེད།  ཨ་མ་ཨ་བདེའམ་རྟ་དཔོན་ཚང་ཨ་བདེ་ལགས་ནི་ཕྱི་ལོ་ ༡༩༢༨ ལོར་བོད་ཤར་ཕྱོགས་ཀྱི་ཁམས་ཉག་རོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས།

ཨ་མ་(AMA) ནི་བོད་སྐད་དུ་མ་ཡུམ་ལ་གོ། ལོ་ངོ་དེ་དག་གི་རིང་ལ་ཁོང་མོའི་ཆེས་སྤྱིར་བཏང་མ་ཡིན་པའི་བཟོད་སྲན་དང་གསོན་གནས་ཀྱི་གཏམ་རྒྱུད་ཁྲོད་དུ་བོད་དོན་འཐབ་རྩོད་ལ་འཛུལ་ཞུགས་ཡོང་བར་བོད་པ་དང་བོད་པ་མ་ཡིན་པའི་ན་གཞོན་ཇི་སྙེད་ཅིག་ལ་གསོ་སྐྱོང་དང་སྐུལ་མ་ཐེབས་ཡོད། ཁོང་གི་གཅེས་པར་འོས་པའི་རང་གཤིས་དང་ཨ་མ་ལྟ་བུའི་བརྩེ་དྲོད་ཀྱིས་ན་གཞོན་མང་པོའི་སེམས་པ་བཀུག་ཡོད། ཁོ་ཚོས་རང་ཉིད་ཨ་མ་ཨ་བདེ་ཡི་བུ་ཕྲུག་ནང་བཞིན་མཐོང་གི་ཡོད།

ང་རང་ཡང་བོད་ཀྱི་འབྲོག་ཁྱིམ་ཞིག་ནས་ཡོང་བས། ཨ་མ་ལགས་ཁོང་གི་ཆུང་དུས་ཀྱི་མཛེས་སྡུག་དང་དྭངས་གསལ་གྱི་གྲོང་སྡེ་དང་གངས་རི། མེ་ཏོག་དང་སྡོང་བོ་སྣ་ཚོགས་ཀྱིས་གང་བའི་ལུང་པ་བཅས་ཀྱི་སྐོར་ལ་དྲན་པ་དག་གིས་ང་ལ་ཡང་ཕ་ཡུལ་དྲན་བཅུག་མྱོང་།

ཡིན་ནའང་ལས་དབང་གི་བཀོད་ཁྱབ་འོག  ཁོ་མོས་རང་གི་མཛེས་སྡུག་གི་གྲོང་སྡེ་ནས་རང་གི་ཡབ་མེས་ཚོ་ལྟར་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་ཐུབ་མེད། མུན་ནག་གི་བཙན་འཛུལ་ཁྲོད་ཨ་མ་ལགས་ཀྱི་མི་ཚེ་ལ་བར་ཆད་བཏང་བ་མ་ཟད། མོ་རང་གི་རྒྱལ་ཁབ་ལ་ཡང་གོད་ཆག་བྱུང་བ་རེད།

ཕྱི་ལོ་ ༡༩༥༩ ལོར། རྒྱ་ནག་གི་ནང་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་། མའོ་ཙེ་ཏུང་གིས་མགོ་ཁྲིད་པའི་དམར་ཕྱོགས་སྲིད་དབང་གིས་བོད་ཤར་ཕྱོགས་དང་བྱང་ཕྱོགས་ལ་བཙན་འཛུལ་བྱེད་མགོ་ཚུགས་པ་རེད། ཨ་མ་ཨ་བདེ་ཡིས་སྙིང་རྗེ་བྲལ་བའི་བཙན་རྒྱལ་རིང་ལུགས་འོག་རང་ཉིད་ཀྱི་རྒྱལ་ཁབ་ལ་ཡ་ང་བའི་འགྱུར་ལྡོག་བཏང་བ་མིག་མཐོང་ལག་ཟིན་གྱིས་མྱངས་པ་རེད། རྒྱ་ནག་གི་བཙན་འཛུལ་ལ་བོད་ཀྱི་དྲག་པོས་འཐབ་རྒོལ་བྱས་པས། འཚེ་བ་དང་འཐབ་འཁྲུག་ལ་ཞུགས་དགོས་བྱུང་།

དང་པོ་ཨ་མ་ཨ་བདེ་དང་ཁོང་གི་ཁྱོ་ག་གཉིས་ལྷ་སར་བྲོས་བྱོལ་ཏུ་ཕེབས་ཤིང་དེ་ནས་རྒྱ་གར་ལ་འབྲོ་འཆར་ཡོད་ནའང་། མོའི་ཁྱོ་གར་རྒྱ་མིས་དུག་སྤྲད་དེ་བསད་རྗེས་ཨ་མ་ཨ་བདེ་ལགས་རང་གི་བུ་ཆུང་དང་མངལ་ལ་སྦྲུམ་པའི་ཕྲུ་གུ་ཞིག་དང་ལྷན་དུ་ལུས་པར་བརྟེན། དུས་དེ་ནས་བཟུང་ཁོང་གི་མི་ཚེ་ལ་འགྱུར་བ་ཐེབས་པ་རེད།

ཁོང་མོ་རང་གི་གྲོང་སྡེ་དང་གྲོང་སྡེ་གཞན་ནས་ཡིན་པའི་བུད་མེད་སུམ་བརྒྱ་དང་མཉམ་དུ་བོད་སྐྱོབ་བཙན་རྒོལ་གྱི་འཐབ་རྩོད་ལ་ཞུགས། ས་གནས་དེ་ནས་སྐྱེས་པ་ཀུན་རི་ལ་ཆས་ཏེ་དགྲ་བོར་འཐབ་རྒོལ་གྱི་ལས་ལ་བྲེལ་དུས། བུད་མེད་ཚོས་ཁོ་ཚོར་ཟ་མ་གཡོ་སྐོལ་དང་མཁོ་རྒུ་གཞན་ཅི་རིགས་དགོས་པའི་འགན་ཁུར་དང་དུ་བླངས།

སྐབས་དེར་རྒྱ་དམག་གི་གྲངས་ཀ་ལྡབ་ཀྱིས་མང་བ་དང་བོད་ཀྱི་འཐབ་རྒོལ་བའི་ལག་ཆ་ཡང་རྙིང་བ་ཡིན་པས་ཕམ་ཁ་བྱུང་སྟེ་ཨ་མ་ཨ་བདེ་ཡི་རུ་ཁག་དགྲ་ལག་ལ་ཤོར། དེ་རྗེས་རྒྱ་ནག་གི་དབང་འཛིན་པ་དག་གི་ལག་འོག་ཏུ་ཁོང་མོས་ལོ་ངོ་༢༧གྱི་ཡ་ང་བའི་མནར་གཅོད་དང་བཤུ་གཞོག མཐོང་ཆུང་གི་གོ་རིམ་བརྒྱུད་ནས་ཡོང་བ་རེད།

རྒྱ་དམག་གིས་ཁོ་ཚོའི་མཐའ་སྐོར་བ་དང་དམག་མི་གཅིག་གིས་ཨ་མ་ཨ་བདེའི་མིག་མདུན་དུ་མོའི་སྙིད་པོ་ཡི་མགོ་ལ་མེ་མདའ་ཐད་ཀར་བཙུགས་ཤིང་འཕངས་བ་དང་། ཁོ་ཡི་ཀླད་ཁྲག་གང་སར་འཐོར་ཏེ་ཨ་མ་ལགས་ཀྱི་ལས་ཐོག་ལ་ཡང་ཟགས། ད་དུང་དམག་མི་དེ་ཁོང་གི་ཕྱོགས་སུ་འཁོར་ནས་ཁྲེལ་དགོད་དང་བཅས”ལྟོས་དང་རྒྱལ་ཁ་ཐོབ་མཁན་སུ་རེད” ཅེས་ངར་བྱུང་ཟེར།

ཨ་མ་ཨ་བདེ་དང་གཞན་དག་རྒྱ་ནག་གི་བཙོན་ཁང་ནང་ལོ་གསུམ་ལ་བཙོན་འཇུག་བྱས་སྟབས་བཙོན་མ་སུམ་བརྒྱ་ལས་བཞི་ཁོ་ན་ལས་གསོན་མ་ཐུབ། ཁོ་ཚོར་ངལ་རྩོལ་བསྒྱུར་བཀོལ་གྱིིས་ཟ་མ་མ་སྤྲད་པས། མང་ཆེ་བ་ལྟོགས་སྐོམ་དང་དཀའ་སྡུག་གིས་ལོ་ངོ་གསུམ་ནང་རྔ་ལམ་དུ་དྲངས།

ཁོ་ཚོ་ཤི་དུས། ཁ་ཤས་ཀྱིས་མཆུ་ཏོ་འགུལ་བཞིན་”སྐུ་མཁྱེན། ང་ལ་ཟ་མ་སྤྲོད་དང་ང་ལ་ཆུ་ཞིག་གནང་རོགས”ཟེར་ཞིང་འགའ་ཞིག་རང་གི་ནང་མིའི་ཆེད་དུ་ངུས། ཨ་མ་ཨ་བདེ་ཡིས་རང་མི་དེ་དག་གི་མནར་གཅོད་མིག་མདུན་དུ་མཐོང་ཞིང་རང་ཉིད་ལྟོགས་སྐོམ་གྱི་འཆི་བ་ལས་ཐར་ཙམ་བྱུང་།

དེ་རྗེས་ཁོང་མོ་བོད་ནང་ངལ་རྩོལ་ས་ཚུགས་ཤིག་ལ་སྤོས། ལོ་ངོ་ཉེར་བདུན་ཏེ་༡༩༨༥ ལོར་བཙོན་གྲོལ་མ་ཐོབ་བར་དེ་ནས་བསྡད་པ་རེད། སྐབས་དེ་ནི་ཏིན་ཞོ་ཕེན་གྱིས་ཆབ་སྲིད་བཙོན་པ་འགའ་གློད་གྲོལ་དང་རྒྱ་ནག་གི་ནང་དུ་ནུབ་ཕྱོགས་སྒོ་འབྱེད་ཆེན་མོ་ཐོག་མར་ལག་བསྟར་བྱས་པའི་དུས་སྐབས་སུ་འཁེལ།

ཨ་མ་ལགས་རང་ཉིད་ཀྱི་གྲོང་སྡེ་ལ་འབྱོར་དུས། ཤིང་ནགས་རྩ་གཏོར་ཚད་ལས་བརྒལ་བས་རི་བོ་དག་སྐྱ་ཐང་ངེར་གནས་པ་དང་། དགོན་པ་དག་ཀྱང་གཏོར་བཤིག་ཐེབས་ཡོད་པ་རེད། དེ་ལས་ཀྱང་སྐྱོ་དགོས་པ་ནི་ཤུལ་དུ་ལུས་པའི་བུ་ཆུང་དེ་ཕྱི་མའི་ཡུལ་ཏུ་ཆས་ཟིན། འོན་ཀྱང་། སྟབས་ལེགས་པ་ཞིག་ལ་མོའི་བུ་མོ་ཨ་མ་བཙོན་འཇུག་བྱེད་སྐབས་སྐྱེས་ནས་ཟླ་འགའ་ལས་འགོར་མེད་པ་དེ་ལང་ཚོ་དར་ལ་བབ་པའི་གཞོན་ནུ་མ་ཞིག་ཏུ་གྱུར་འདུག ཡིན་ནའང་ཨ་མ་བཙོན་འཇུག་གི་སྐབས་སུ་ཕན་ཚུན་ཐུག་འཕྲད་ཀྱི་གོ་སྐབས་དང་ཤེས་རྟོགས་གང་ཡང་མེད་པས་ཕན་ཚུན་ངོ་མ་ཤེས་བར་ལུས།

རྒྱ་ནག་གི་བཙོན་ལས་ཐར་རྗེས། ཨ་མ་ཨ་བདེ་རང་གི་བུ་མོ་དང་མཉམ་དུ་གྲོང་སྡེ་ནས་གཞིས་ཆགས་ན་འགྲིག་མོད། གང་ལྟར་ཛ་དྲག་གི་ལོ་ངོ་དེ་དག་གི་རིང་ལ་རྒྱ་དམར་པོའི་བཙན་འཛུལ་འོག་རང་གི་རྒྱལ་ཁབ་དང་མི་མང་ལ་ཅི་ཞིག་བྱུང་བའི་བདེན་དོན་བསྒྲགས་འདོད་ཀྱི་འདུན་པ་དང་ཐག་ཆོད་ཀྱིས་ཁོང་མོ་རྒྱ་ནག་གི་སྟངས་འཛིན་ལས་བྲོས་བྱོལ་ལ་ཡོང་དགོས་འཁེལ་བ་རེད།

ཕྱི་ལོ་ ༡༩༨༧ ལོར། ཨ་མ་ཨ་བདེ་བཙན་བྱོལ་ལ་འབྱོར་བ་དང་རྡ་རམ་ས་ལར་འཚོ་གཞི་བཅོལ་ཞིང་དུས་དེ་ནས་བཟུང་མོ་རང་གི་ཉམས་མྱོང་དང་བོད་ནང་ཆབ་སྲིད་བཙོན་མར་མི་སེམས་དང་བྲལ་བའི་སྡུག་སྦྱོང་མནར་གཅོད་ཅི་འདྲ་ཞིག་བྱེད་བཞིན་པའི་བདེན་དཔང་དང་བཅས་རྒྱ་དམར་པོའི་བཙན་འཛུལ་འོག་གི་བོད་མི་ཚོའི་ཡ་ང་བའི་གནས་སྟངས་འགྲེལ་བརྗོད་བྱེད་པར་དཀའ་ལས་ཞེ་དྲག་བསྐྱོན་གནང་བ་རེད།

ཕྱི་ལོ་ ༡༩༩༧ ལོར་པར་སྐྲུན་བྱས་པའི་ཁོང་མོའི་དེབ་”དྲན་པའི་འབོད་སྒྲ། བུད་མེད་ཅིག་གིས་བོད་དོན་འཐབ་རྩོད་བྱས་པའི་དཔའ་མོའི་ལོ་རྒྱུས།”ཞེས་པ་དང་། གཏམ་བཤད། བཅར་འདྲི་སོགས་བརྒྱུད་ནས་མོས་རྒྱ་ནག་གིས་བོད་དྲིལ་བསྒྲགས་བྱེད་སྟངས་དང་མི་སེར་སྤེལ་ཡུལ་གྱི་ཐ་སྙད་དམིགས་བསལ་བ། “ བཅིངས་འགྲོལ་དང་རང་དབང་། ཡར་རྒྱས” སོགས་བེད་སྤྱོད་བཏང་བར་མཐའ་གཅིག་ཏུ་ཡ་ལན་བསློགས་པ་རེད།

དེར་མ་ཟད། ཁོང་མོའི་གསོན་གནས་ཀྱི་དཔའ་བོའི་གཏམ་རྒྱུད་ཀྱིས་གཟི་བརྗིད་དང་བློ་སྟོབས་ལྡན་པའི་ངང་ནས་མི་སྟོང་ཕྲག་མང་པོར་སེམས་ཤུགས་སྤར་ཡོད། ཁོ་མོའི་གཏམ་རྒྱུད་ཀྱིས་འགྲོ་བ་མིའི་བླ་སྲོག་གི་སྟོབས་ལ་ཉམས་པ་མེད་པ་དང་བློ་ཡུལ་ལས་འདས་དོན་དག་བཟོད་ཐུབ་ངང་འཛུམ་གྱི་ལེར་འདུག་ཐུབ་པའི་བརྗིད་ཉམས་ལྡན་པ་མངོན་པར་བྱས་ཡོད། ཁོ་མོའི་མི་ཚེ་དང་གཏམ་རྒྱུད་ཀྱིས་བོད་རྒྱལ་ཁབ་དང་མི་མང་གི་འདུལ་དཀའ་བའི་བླ་སྲོག་དང་དཀའ་སྡུག་ལ་མ་ལྟོས་བར་མཚར་སྡུག་གི་མ་འོངས་པར་རྨི་ལམ་རྨིས་ནུས་པའི་སྙིང་སྟོབས་མཚོན་ཡོད།

དམར་ཤོག་གི་གསར་བརྗེ་དང་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་དྲག་པོ། གཉའ་གནོན་དང་རེ་དོགས་ཀྱི་ཧྲག་བར་ནས་ཁོང་མོའི་མི་ཚེའི་ཁ་ཕྱོགས་ལ་འཇིགས་རུང་གི་བར་ཆད་ཐེབས་ནའང་། མོས་འགྲོ་བ་མི་ཞིག་གི་གཟི་དཔལ་རྩ་བ་ནས་བོར་མ་མྱོང་།

མཐར་གལ་སྲིད་མཱེ་ལན་ཁོན་དེ་རཱ་ཡིས་བཤད་པ་ལྟར” མི་ཡིས་དབང་ཤུགས་ལ་རྒོལ་བའི་འཐབ་རྩོད་ནི་དྲན་པས་བརྗེད་པར་རྒོལ་བའི་འཐབ་རྩོད་ཅིག་”ཡིན་ན། ཁོང་མོའི་མི་ཚེ་དང་གཏམ་རྒྱུད་ནི་དབང་ཤུགས་ལ་འགོག་རྒོལ་དང་བརྗེད་ངེས་ཕམ་པར་བརྒྱབས་པའི་ལེགས་སྐྱེས་ཆེན་པོ་ཞིག་གོ།།

ཨ་མ་ཨ་བདེ་ཡི་བོད་རང་དབང་གི་འཐབ་རྩོད་ནི་དུས་ད་ལྟའང་ང་ཚོ་དང་མཉམ་དུ་གསོན་ནས་ཡོད།

མ་ཡིག་འབྲེལ་ཐགhttps://www.taipeitimes.com/News/editorials/archives/2020/08/09/2003741347

འབྲེལ་ཡོད་གསར་འགྱུར།

ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

ཆུ་ཚོད་ ༥ སྔོན་ལ།
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

༢༠༢༦/༠༥/༠༢
བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར། དྲ་ལམ་གྱི་པར།
Mobile App

བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་གནང་།

༢༠༢༦/༠༥/༠༢
བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

༢༠༢༦/༠༥/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese