མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མི་གསང་མྱུལ་བ་དང་འབྲེལ་བ་ཡོད་པའི་བོད་པའི་དགེ་འདུན་པ་བདུན་གྱི་མིང་བཏོན།

བོད་ཀྱི་དུས་བབ།
༢༠༢༠/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp
ཟླ་ཤས་གོང་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་མི་སོ་མྱུལ་བ་ལའོ་སང་ཟེར་བ་དེས་བོད་པའི་དགེ་འདུན་པ་ ༧ ལ་ཧིན་སྒོར་འབུམ་ ༡༠ ནས་ ༣༢ བར་གྱི་ལྐོག་དངུལ་སྤྲད་དེ་༧གོང་ས་མཆོག་གི་སྐོར་དང་བོད་མི་གནད་ཡོད་ཚོར་གསང་བའི་མྱུལ་ཞིབ་བྱེད་དུ་བཅུག་ཡོད་སྐོར་ངོས་ལེན་བྱས་འདུག

ཁ་སང་ཕྱི་ཚེས་ ༡༧ ཉིན། རྒྱ་གར་གྱི་སི་ཨན་ཨན་བརྙན་འཕྲིན་ཁང་(CNN TV 18)གིས། ཉེ་སྔོན་ཕྱི་ཟླ་ ༧ ནང་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་མི་ལའོ་སང་ཟེར་བ་དེར་རྒྱ་གར་གཞུང་གིས་འདས་པའི་ཟླ་ངོ་གཉིས་ལྷག་རིང་འདྲི་རྩད་བྱས་པ་བརྒྱུད། ལའོ་སང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་ལ་སོ་མྱུལ་གྱི་ལས་དོན་ཆེད་བོད་པའི་བླ་མ་དང་དགེ་འདུན་པ་ ༧ ལ་དངུལ་སྤྲད་ཡོད་པའི་མིང་དང་དངུལ་གྱི་གྲངས་འབོར་བཅས་གསལ་འདོན་བྱས་ཡོད་པ་མ་ཟད། དངུལ་གྱི་ཡོངས་ཁུངས་རྒྱ་ནག་གཞུང་ཡིན་པ་སོགས་ར་འཕྲོད་བྱུང་ཡོད་སྐོར་བསྒྲགས་འདུག

དེ་འབྲེལ་གནས་ཚུལ་ནང་རྒྱ་གར་གཞུང་འབྲེལ་གནད་ཡོད་མི་སྣ་ཞིག་གིས། ལའོ་སང་ངམ་ཆཱར་ལེ་ཕེན་གྱིས་མིང་འདོན་བྱས་པའི་བོད་པའི་དགེ་འདུན་པ་འཇམ་དབྱངས་སྦྱིན་པ་ཞེས་པ་ཞིག་ལ་ཧིར་སྒོར་འབུམ་ ༣༢ དང་། ཐུབ་བསྟན་ཆོས་གྲགས་ལ་ཧིན་སྒོར་འབུམ ༡༥། ཕུན་ཚོགས་དར་རྒྱས་ལ་ཧིན་སྒོར་འབུམ་ ༡༢ ། བཀྲ་ཤིས་ཆོས་འཕེལ་ལ་ཧིན་སྒོར་འབུམ་ ༡༡།༥༠། ངག་དབང་བློ་གསལ་ལ་ཧིན་སྒོར་འབུམ་ ༡༠།༥༠ ། པན་མིང་མིང་(pan Ming Ming)ལ་ཧིན་སྒོར་འབུམ་ ༡༠། བློ་བཟང་རྡོ་རྗེ་ལ་ཧིན་སྒོར་འབུམ་ ༡༨ བཅས་སྤྲོད་ལུགས་བརྗོད་འདུག

གནས་ཚུལ་དེའི་ནང་གྲྭ་པ་དེ་དག་ས་གནས་གང་དང་དགོན་པ་གང་ནས་ཡིན་སོགས་གསལ་ཁ་མེད་ན་ཡང་། ལའོ་སང་གིས་མི་དེ་དག་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གནས་ཚུལ་སྐོར་དང་། བཙན་བྱོལ་བོད་མིའི་གནད་ཡོད་མི་སྣར་ཉེ་བཅར་ཆེད་དངུལ་འབོར་ཆེན་བཏང་ཡོད་པ་དང་། དངུལ་དེ་དག་གི་འབྱུང་ཁུངས་རྒྱ་ནག་གཞུང་ནས་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་མ་ཟད། དངུལ་སྤྲོད་སྐབས་མང་པོ་ཞིག་དངུལ་དམར་ལག་ནང་དུ་སྤྲད་ཡོད་པ་དང་། ཁ་ཤས་ལ་ཁོ་རང་གི་ཧ་ཝ་ལ་ཁེ་གཉེར་ཁང་བརྒྱུད་ནས་བཏང་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༨ ནང་། རྒྱ་གར་དབུས་དཔྱ་ཁྲལ་དོ་དམ་ཁང་(Central Board of Direct Taxes)གིས་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེ་ཁུལ་གྱི་ས་གནས་ཁག་ ༢༡ ནང་དངུལ་དངོས་གཏོང་ལེན་དང་འབྲེལ་བའི་ཞིབ་བཤེར་ཞིག་བྱས་པ་བརྒྱུད། ལའོ་སང་དང་མིང་གཞན་ལ་ཆྰར་ལེ་ཕེན་(Charlie Peng)ཞེས་པ་དེས་རྒྱ་གར་མི་སེར་གྱི་ལག་འཁྱེར་རྫུན་བཟོ་བྱས་ཏེ། རྒྱ་ནག་གི་མིང་ཐོག་ནས་དྲ་ལམ་ཚོང་ལས་ཁང་ཧཱ་ཝ་ལ(hawala network)ཞེས་པ་ཆེད་འཛུགས་ཀྱིས། ཧིན་སྒོར་བྱེ་བ་ ༣༠༠ ལྷག་ཁྲིམས་འགལ་ངང་གཏོང་ལེན་བྱས་པ་ཤེས་རྟོགས་བྱུང་སྟེ་བསྐྱར་དུ་འཛིན་བཟུང་བྱས་ཡོད་པ་རེད།

ཉེ་སྔོན་ཁོ་འཛིན་བཟུང་བྱས་པ་དང་འབྲེལ། ཁོས་འདས་པའི་ལོ་ངོ་གཉིས་རིང་བོད་ཀྱི་གྲྭ་པ་ ༡༠༠ མ་ཟིན་ཙམ་ཞིག་ལ་ཧིན་སྒོར་འབུམ་མང་པོ་སྤྲད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། རྒྱ་གར་གཞུང་གིས་བོད་མི་འདུས་སྡོད་ཁུལ་གྱི་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དང་འབྲས་སྤུངས་བློ་གསལ་གླིང་། ལྡི་ལི་བསམ་ཡས་གླིང་གི་དགོན་པ་བཅས་ལ་ཞིབ་བཤེར་དང་། ཧི་མ་ཅཱལ་མངའ་སྡེའི་སྦིར་སོགས་སུ་བོད་མི་དང་ཕྱི་མི་རེ་གཉིས་ལ་འདྲི་རྩད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་གར་གྱི་སི་ཨན་ཨན་བརྙན་འཕྲིན་ཁང་གི་གནས་ཚུལ་ནང་བཤད་པ་ལྟར་ན། རྒྱ་གར་གཞུང་གིས་ལའོ་སང་དང་འབྲེལ་བའི་སོ་མྱུལ་གནད་དོན་ཐད་ཞིབ་མཇུག་མཐར་ཕྱིན་པ་གནང་རྒྱུ་ཡིན་པ་དང་། འདས་པའི་ནང་ཁོ་ལ་འདྲི་རྩད་དང་ཞིབ་བཤེར་རིམ་པ་བརྒྱུད་ད་ལྟའི་ཆར་གནད་དོན་མང་པོ་ཞིག་ཕྱིར་འདོན་དང་། གནད་དོན་མང་པོ་ཞིག་ལ་ཐག་ཉེ་བོ་དང་གསལ་ཁ་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་ཡོད་པ་དང་། རྒྱ་གར་གཞུང་དང་ཧི་མ་ཅཱལ་མངའ་སྡེའི་མཐོ་རིམ་མི་སྣ་མང་པོས་༧གོང་ས་རྒྱལ་རིན་པོ་ཆེ་མཆོག་ལ་སོ་མྱུལ་བྱས་པའི་གནད་དོན་དེ་རྩད་གཅོད་མཐར་ཕྱིན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཐད་སྔར་ལས་ཚགས་ཚུད་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་རྒྱ་མི་དེས་བཙན་བྱོལ་བོད་མིར་གསང་བའི་མྱུལ་ཞིབ་བྱེད་ཀྱི་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་ཀྱང་། ཕྱིས་སུ་གཏའ་དངུལ་བཞག་སྟེ་ཀློད་གྲོལ་བཏང་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་ལའོ་སང་ཟེར་བ་དེར་འདྲི་ཞིབ་བྱེད་སྐབས། ཁོ་ཕྱི་ལོ་ ༡༩༧༨ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐྱེས་པ་དང་ལོ་ན་ ༨ ཡིན་དུས་རྒྱ་ནག་ནན་ཅིན་དུ་ཕྱིན། རང་ལོ་ ༡༨ ཐོག་ཕྱིར་ལྷ་སར་ལོག་ཡོད་སྐོར་དང་། ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་ནང་ཡོང་རྩིས་ཀྱིས་བོད་མི་སྐྱབས་བཅོལ་བ་ ༦ དང་ལྷན་དུ་རྐང་པ་བརྒྱབ་ནས་བལ་ཡུལ་དུ་འབྱོར་བ་དང་། བལ་ཡུལ་དུ་གྲྭ་པ་བྱས་ཏེ་ལོ་དྲུག་རིང་བསྡད་རྗེས་སྐྱ་སར་བབས་ཏེ་ཚོང་ལས་གཉེར་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་བལ་ཡུལ་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ནས་རྒྱ་གར་ནང་འཛུལ་ཡོད་ཚུལ་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༠ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 9

  1. བསོད་ནམས། says:
    ལོ་ 5 སྔོན།

    མཁས་མང་བྱེ་བའི་གླིང་གིས།།
    གསར་འགྱུར་མགོ་མཇུག་མ་ཀློག།
    གོ་ལོག་རང་མཚང་བསྟན་ཏེ།།
    དོན་མེད་བསྒྲགས་གཏམ་སྤེལ་གདའ།།

    ཁ་ཕོ་ཆེན་པོ་བཤད་དེ།།
    གསར་འགྱུར་ནག་བསུབས་གཏོང་དགོས།།
    གསལ་བཤད་དགོས་པར་བསྐུལ་ཡང་།།
    དོན་འབྲས་གང་ཡང་མ་སོན།།
    སྤྱི་ཚོགས་དཀྲུག་གཞིར་གྱུར་སོང་།།

    ཨ་ཁ་འདི་འདྲ་མ་གནང་།།
    གཟབ་གཟབ་ཟིག་ཟིག་གནང་རོགས།།
    སྤྱི་དོན་སྒེར་ལ་མ་ཕྱོགས།།
    སྤྱི་ལ་འགན་འཁུར་གནང་རོགས།།

    བསོད་ནམས་ཟླ་མིང་བས་རང་ཤག་ནས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་རྒྱ་གར་གསར་འགྱུར་ཁང་དེ་ཚོའི་གནས་ཚུལ་དང་བློ་གསལ་གླིང་གི་བསྒྲགས་གཏམ་དེ་ཀློག་ནས་ཤར་མར་བྲིས་སོ།།

    Reply
  2. རྒྱལ་མཚན། says:
    ལོ་ 5 སྔོན།

    བློ་གསལ་གླིང་གིས་ད་ལན་དུས་བབས་ཀྱི་གསར་འགྱུར་ཡག་པོ་མ་ཀློགས་པར་ལམ་སང་གྲྭ་ཚང་གི་ལས་ཤོག་ཐོག་གནད་ལ་མ་ཁེལ་བའི་བསྒྲགས་གཏམ་སྤེལ་བ་མ་ཚད། གསར་འགྱུར་ཕྱིར་བསྡུ་དགོས་ལབ་ནས་འཇིགས་སྐུལ་བྱས་པ་དེ་ཧ་ཅང་ཐབས་སྐྱོ་བོ་ཆགས་སོང་། བློ་གསལ་གླིང་ལ་ཁ་མིན་དོན་གྱི་དགའ་ཞེན་ཡོད་མཁན་ཞིག་གི་ཆ་ནས་བློ་ཕམ་པོ་བྱུང་། གསར་འགྱུར་གྱི་ཁུངས་དེ་ཚོ་རྒྱ་གར་གྱི་ཁྲལ་བསྡུ་དང་བདེ་སྲུང་ལས་ཁུངས་ནས་སྔ་ཕྱིར་བཏང་ཡོང་བ་ཞིག་ཡིན་དུས། ཁོ་ཚོ་ལ་ཡོངས་གྲགས་ཐོག་སྙན་ཞུ་བརྒྱབས་ནས་དཀར་ནག་མཐའ་འདེད་དགོས་པ་མ་ཟད། དཀར་པོ་ཡིན་ན་སྤྱི་ཚོགས་ནང་གསལ་བཤད་དགོས་ལབ་དགོས་པ་ཆགས་འདུག་པས། བློ་གསལ་གླིང་ནས་དེ་བཞིན་གནང་ཐུབ་པར་བོད་མི་ཚང་མས་རེ་སྒུག་བྱེད་ཀྱི་ཡོད། དུས་བབ་ཀྱིས་གོང་གི་གསར་འགྱུར་དེ་ཕྱིར་བསྡུ་མ་གནང་བར་བཀུར་འོས་རྩོམ་སྒྲིག་པ་ལགས་གཙོ་བོ་ཡིན་པའི་གསར་འགོད་པ་ཁོང་སོགས་ཚང་མར་ཐུགས་རྗེ་ཆེ་ཞུ།

    Reply
  3. བསོད་ནམས་རྒྱལ་མཚན། says:
    ལོ་ 5 སྔོན།

    P II: སྔ་མོ་རྒྱ་གར་གསང་བ་ལས་ཁུངས་ཀྱི་ ༧གོང་ས་མཆོག་གིས་སྐུ་སྲོག་ཉེན་ཁ་དེ་ དོད་རྒྱལ་ཚོགས་པ་མ་གཏོགས་མིན་འདུག་བཤད་ཡོད། དོད་རྒྱལ་ཚོགས་པའི་བེལ་ཀོབ་གདོན་བཅོད་རྡུང་རྡེག་དང་། དགའ་ལྡན་མེ་བརྒྱབ་ཡོད། མི་གསོད་ཁྲག་སྦྱོར། ཁྲིམས་འགལ་བྱ་བ་ད་ག་སེ་བྱས་ན་ཡང་ཁོང་ཚོ་མེད་པ་བཟོ་རྒྱུ་ཕར་ཞོག བྲོས་ཤོར་ཁུངས་ལ་བཏང་ནས་ ཉེས་ཆད་ཡང་བཅད་མེད། ཧ་ནི་གོ་གིས་ཡོད། STD ནང་ནས་ཁ་པར་བཏང་ནས་འབྲེལ་བ་བྱེད་པ། Taxi ནམ་བར། Kangra ལ་ Room ག་པ་སྡད་ཡོད་མེད། རྒྱ་མི་ལ་འབྲེལ་བ་ཡོད་པ་སྔོན་མ་ནས་ཧ་གོ་གིས་ཡོད། ༧ཁོང་གིས་སྐུ་སྲོག་ཉེན་ཁ་ཡོད་ན་་་ མེད་པ་བཟོ་མི་དགོས་དོན་ཅི་ཡིན་ ? ད་དུང་རྒྱ་གར་གཞུང་གི་མེད་པ་བཟོ་རྒྱུ་ཕར་བཞག ཟུར་དུ་བཞག་ཡོད། ཁོང་ཚོ་ལ་་་ DC ཞིག་གིས་་་ རྒྱ་གར་བཀའ་དྲིན་ཆེན་པོ་མ་རེད། མི་གཅིག་ལ་རྟེན་ནས་བཞག་ཡོད། Criminal རེད་ཏེ། ད་དུང་ RC སྒང་ལ་ ཁྱེད་ཚོ་ illegal རེད་ བཤད་པ་རེད་ཟེར།། དོད་རྒྱལ་ཚོགས་པ་ལ་དམ་བསྒྲགས་ཞེ་པོ་བྱེད་ཀྱི་ཡོད་དོག་དོག ད་ལྟ་ ལའོ་སང་ཟེར་བ་དེ་ཡང་ གཏའ་མ་བཞག་ནས་གློས་བྲོལ་བཏང་ཟེར།། རྒྱ་གར་གྱི་མ་འོང་པར་འདི་གེ་དེ་དམིག་ཡུལ་ཅི་ ! ! ! བོད་པ་ཚང་མ་ བྱ་སྤྱོད་འདི་གེ་ དོ་སྣང་བྱེད་དགོས་པར་མཐོང་།།

    Reply
  4. བསོད་ནམས་རྒྱལ་མཚན། says:
    ལོ་ 5 སྔོན།

    P I: འོ་དེ་འདྲ་ཡིན་ན་ གྲྭ་པ་བླ་མ་འདི་གེ་མིང་བསྟོན་པ་བཙམ་ལས་ ས་ཆ་གང་ནས་ཡིན་ དགོན་པ་གང་ནས་ཡིན་ མིང་བསྟོན་མི་དགོས་དོན་ཅི་ཡིན་ བསྟོན་ན་ཕྲ་ཞིང་ཕྲ་བ་བསྟོན་དགོས་རེད་པ། དུས་བབ་ཚང་ཟབ་ཟབ་གནང་། འོ་ཚོད་ཚོད་བཀོད་མི་ཉན། དགོན་སྡེ་ཁག་ལ་ཕྱིན་ནས་ གོ་བསྡུར་ངེས་པར་དུ་གནང་འགལ་ཆེ། ཞབས་དྲན་བཞག་ན་བོད་པ་ཚང་མ་མཉམ་དུ་རེད། ཟབ་ཟབ་བྱེད་ན་མ་གཏོགས་ དེང་སང་རྒྱ་དཀར་ནག་གཉིས་བོད་ས་ཧབ་རྩོད་སྐབས་ཡིན་པས།། ཁ་སང་སྔ་སྟོད་ལ་དྭགས་དུ་ ༼ ཅོ་ མོ་དིའི་གཏམ་བཤད་ནང་་་ སྟོབས་ཤུགས་དང་དཔའ་སྤོབས་མེད་མཁན་ཚོས་དུས་ནམ་ཡང་ཞི་བདེ་ལ་འབད་པར་མི་བརྩོན་པ་དང་།༽ འདི་སྐད་ཆ་དེ་ ང་ཚོ་བོད་པ་བཙན་བྱོལ་གཞུང་ལ་གོ་དགོས། དེ་དང་ ༼ PT ལ་དྭགས་ཕུན་ཚོགས་སྟོབ་ལྡན་ལགས་ཀྱི་ ༧གོང་ས་མཆོག་ཁུ་སིམ་མེར་བཞུགས་ཀྱི་འདུག༽ ཟེར་ཡ་དེ་རེད། ཡང་ ༼ མོ་དི་མཆོག་གིས་་་ ང་ཚོས་ས་མཚམས་སྲུང་སྐྱོབ་ཀྱི་བྱེད་ཐབས་དང་གཤིས་སྤྱོད་མང་པོ་ཞིག་དུས་དང་མཐུན་པ་བྱུང་ཡོད་པ་རེད་ལ། སྟོན་པ་གཽ་ཏམ་མཆོག་གིས་ སྙིང་སྟོབས་ནི་བྱམས་བརྩེ་དང་། སྙིང་སྟོབས་བསྐྱེད་པ་ནི་བདེན་པའི་ལམ་དུ་ཕྱོགས་པ་ཡིན་སྐོར་གསུངས་བ་ལྟར།༽ མོ་དི་ཟེར་མཁན་མི་དེ་གང་འདྲ་ཞིག་ཡོད་ས་རེད་ སངས་རྒྱས་ཆོས་ནང་ ས་མཚམས་སྲུང་སྐྱོབ་ཀྱི་བྱེད་ཐབས་ སྐོར་ལ་ཡོད་རེད་པས་ ? དོར་སྡུད་ན་་་ ༧གོང་ས་མཆོག་ནས་འཛམ་གླིང་ནང་ ནང་པ་དད་ལྡན་པ་ཚོ་ལ་ བྱམས་བརྩེ་ནུས་སྟོབ་ཀྱང་ཀྱང་བཤད་ནས་ ས་མཚམས་ཐོག་ལ་དོ་སྣང་བྱས་ཀྱི་མིན་འདུག་དོག་དོག་རེད་པ་ ! ད་ལྟ་རྒྱ་གར་ སྟོན་པ་གཽ་ཏམ་མཆོག་གིས་ སྙིང་སྟོབས་ནི་བྱམས་བརྩེ་དང་། སྙིང་སྟོབས་བསྐྱེད་པ་ནི་བདེན་པའི་ལམ་དུ་ཕྱོགས་པ་ཡིན་ན་ བོད་དོན་ཐོག་ཁ་ཚིག་ཀྱང་བསྒྲགས་མི་དགོས་དོན་ཅི་ཡིན། ད་ལྟ་ས་མཚམས་དཀའ་རྙོག་དེ་སུས་བཟོས་པ་རེད་ ? རྒྱ་གར་ 1954 Paanch Sheel Agreements མ་དྲན་པའི་ཁུལ་ཡིན་ན་ ! རྒྱ་གར་དབུས་གཞུང་དང་། མངའ་སྡེ་གཞུང་གཉིས་༧གོང་ས་མཆོག་ལ་སེམས་འཁུར་ཞེ་པོ་བྱེད་ཀྱི་ཡོད་དོག་དོག ང་ཚོ་བོད་པ་རེ་ཟུང་མ་གཏོག་ ཚང་མ་ཀླད་པ་སྐྱོ་པོ་དེ་འདྲ་རང་ད་ཨེ་ཡིན། ང་ཚོའི་བོད་པས་ རྒྱ་གར་གྱི་བོད་རྒྱ་དམར་ཆ་ཤས་ལ་བཏང་ན་ཡང་ Thank Q INDIA བཀའ་དྲིན་རྗེས་དྲན་ཞུ་ཡོད། རྒྱ་གར་གྱི་བོད་པ་ Thank Q མ་ལབ་ན་ སྡུག་ཡུས་དང་ངོ་གསོ་བྱེད་དགོས་དོན་ཅི། བོད་པ་ཚང་མ་རྒྱ་གར་ཕྱོགས་ལ་བླངས་ཐབས་ཡིན་སྲིད།། བོད་ཀྱི་ནང་ཆོས་ནི་ རྒྱ་གར་ནས་དར་པས་སངས་རྒྱས་པའི་ཆོས་དེ་ འཚེ་བ་མེད་པས་ལྟ་སྒྲུབ་དང་། ཚང་མ་ཉེ་རིང་མེད་པ་བཏང་སྙོམས་རེད་པ། དགྲ་ལ་སྡང་། གཉེན་ལ་ཞེན་མ་རེད་པ། རྒྱ་གར་གྱི་ Gandhi G ཡང་ བདེན་པའི་ཨུ་ཚུགས་སྒང་ལ་ཕྱིན་པས་སྐད་ཆ་རེད་པ། འ་ཛི་ ཆགས་སྒོ། རྒྱ་གར་གྱི་སྡུག་ཡུས།།

    Reply
  5. བསྟན་འཛིན་ཡོན་རབ། says:
    ལོ་ 5 སྔོན།

    ན་ནིང་ད་ལོར་བཙན་བྱོལ་སྤྱི་ཚོགས་ནང་གཞུང་གི་ལས་ཤོག་ཐོག་སྒེར་གྱི་སེམས་ཚོར་ཡིན་ལ་མིན་ལ་རྣམས་སྤུངས་ཏེ་སྤྱི་ཚོགས་དྲ་ལམ་དུ་བཀྲམ་འདུག་པའི་འབྲེལ་ཡོད་འགན་འཛིན་རྣམ་པས་བོད་སྤྱི་པར་འགན་མ་འཁུར་བའི་ངན་རྟགས་ཤིག་ཟ་དང་ཟུར་ནས་ཐེངས་མང་ཐོན་སོང་། འདི་རིགས་ལ་ཧ་ཅང་གཟབ་གཟབ་བྱེད་དགོས་པ་ཞིག་རེད་འདུག ད་ལན་བོད་ཀྱི་དུས་བབ་ཀྱིས་ལམ་སང་ལམ་སང་ལས་ཤོག་སོགས་བེད་སྤྱོད་བཏང་སྟེ་བློ་གསལ་གླིང་ལ་གསལ་བཤད་འདྲ་བོ་དང་། གྲྭ་ཚང་དེའི་འཇིགས་སྐུལ་བྱས་པ་ནང་བཞིན་གསར་འགྱུར་གལ་ཆེན་དེ་ཕྱིར་འཐེན་མ་བྱས་པ་དེ་ལ་ཡི་རང་དང་བསྔགས་བརྗོད་ཡོད། སླད་མར་མུ་མཐུད་བབ་བརླིང་བརྟན་གསུམ་གྱི་ཐོག་ནས་སྤྱི་དོན་རང་ལ་བསམ་བློ་བཏང་ནས་ལས་དོན་སྒྲུབ་ཐུབ་པའི་སྨོན་འདུན་ཡོད།

    Reply
  6. བསྟན་འཛིན་འོད་ཟེར། says:
    ལོ་ 5 སྔོན།

    བློ་གསལ་གླིང་གིས་ད་ལན་དངོས་གནས་མདོག་ངན་ཞིག་སྟོན་ཡོང་གི་འདུག ད་ལྟ་དུས་བབ་ཀྱིས་ཁྱེད་རང་ཚོ་དཀར་འདོན་བྱེད་ཐུབ་པ་མེད་རེད། དེ་ལས་རྒྱ་གར་དབུས་ཁྲལ་བསྡུ་ལས་ཁུངས་དང་བདེ་འཇགས་ལས་ཁུངས་གཉིས་ནས་བརྒྱུད་བསྒྲགས་བྱས་ཡོང་བའི་གནས་ཚུལ་དེ་ཁུངས་དང་བདེན་དཔང་གང་ཡོད་ཟེར་ནས་རྒྱ་གར་གཞུང་བརྡ་འདེད་གཏོང་དགོས་རེད། དངོས་གནས་གཙང་མ་ཡིན་ཟེར་གྱི་ཡོད་ན། རྒྱ་གར་གཞུང་གི་ལས་ཁུངས་དེ་གཉིས་ལ་ང་ཚོ་གྲྭ་ཚང་དང་དགོན་པར་མཚན་ཤས་བཟོས་སོང་དཀར་ནག་ཕུ་འདེད་གཏོང་རོགས་ཟེར་ནས་སྙན་ཞུ་རིམ་འབུལ་ཞུ་དགོས་རེད། ཡོངས་ཁྱབ་ཡི་གེ་གཏོང་དགོས་རེད། དེ་མིན་ཧམ་པ་འདྲ་རང་བཤད་ནས་རང་མགོ་རང་གིས་གཡོགས་ཐབས་བྱས་ནས་ཕན་མེད་དོ།།

    Reply
  7. Thupten Loden says:
    ལོ་ 5 སྔོན།

    བོད་ཀྱི་དུས་བབས་གསར་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་བ་ ༠༩་ཚེས་ ༡༨ ཉིན་དྲྭ་ཐོག་གནས་ཚུལ་སྤེལ་བའི་ འགོ་བརྗོད་དུ་ རྒྱ་མི་གསང་མྱུལ་བ་དང་འབྲེལ་བ་ཡོད་པའི་བོད་པའི་དགེ་འདུན་པ་བདུན་གྱི་མིང་བཏོན། ཞེས་འཁོད་པའི་ནང་རྒྱ་གར་གྱི་སི་ཨེན་ཨེན་བརྙན་འཕྲིན་ཁང་ (CNN TV 18) གི་གནས་ཚུལ་བོད་ བསྒྱུར་གྱིས་བཀོད་འདུག་པ་དང་། དེའི་སྟེང་ཁ་སྣོན་ལྟ་བུར་རྒྱ་གར་གཞུང་གིས་བོད་མི་འདུས་སྡོད་ཁུལ་གྱི་ རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་དང་འབྲས་སྤུངས་བློ་གསལ་གླིང་། ལྡི་ལི་བསམ་ཡས་གླིང་གི་དགོན་པ་ བཅས་ལ་ཞིབ་བཤེར་དང་། ཧི་མ་རྣལ་མངའ་སྡེའི་སྨིར་སོགས་སུ་བོད་མི་དང་ཕྱི་མི་རེ་གཉིས་ལ་འདྲི་རྩད་ བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་བ་རེད། ཅེས་བཀོད་འདུག་པས། གནས་ཚུལ་འདི་རིགས་ནི་གྲྭ་ ཚང་འདི་ཉིད་ལ་ཤ་ཞེན་ཅན་དང་གཞན་ཡང་འབྲེལ་ཡོད་མང་པོར་ཐུགས་འཚབ་འགྱུར་གཞིར་སོང་ཞིབ་ འཇུག་གཏན་ནས་མེད་པའི་གཏམ་འཆལ་རིགས་སྤེལ་དགོས་པའི་རྒྱུ་མཚན་གསལ་བཤད་ངེས་པར་བྱེད་ དགོས། འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནི་༸གོང་ས་མཆོག་གིས་བཀའ་དགོངས་དང་། གནས་ཡུལ་ རྒྱ་གར་གཞུང་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལམ་སྟོན་འོག་ཤར་བསྐྱོད་གནང་མཁན་ཙམ་མ་ 251 རྒྱ་གར་དུ་འབྱོར་བ་ནས་བཟུང་ད་བར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ས་གནས་ཡུལ་ ཁྲིམས་དང་འགལ་བའི་ལས་འགུལ་སྤེལ་ནས་འབྲེལ་ཡོད་སྡེ་ཚན་གང་གིས་ཀྱང་ཉེས་འཛུགས་ཀྱིས་ཞིབ་ གཤེར་བྱས་མྱོང་མེད། དེས་ན་དུས་བབས་གསར་ཁང་ནས་གོང་འཁོད་གནས་ཚུལ་དེ་ཕྲལ་མར་ཕྱིར་ འཐེན་གྱིས་གསལ་བསྒྲགས་སྤེལ་དགོས་པ་དང༌། སླད་མར་ཞིབ་འཇུག་དང་ཁུངས་འཕེར་མེད་པའི་གནས་ ཚུལ་འདི་རིགས་མི་སྤེལ་བའི་འབོད་བསྐུལ་དང་བཅས།

    Reply
  8. དགེ་བཤེས་མཁས་གྲུབ། says:
    ལོ་ 5 སྔོན།

    ཞབས་འདྲེན་པ་དེ་ཚོ་གང་འགྱོག་འཇུ་གཟུང་ཐུབ་ན་བཟང་།

    Reply
  9. ཟླ་བ says:
    ལོ་ 5 སྔོན།

    རྒྱ་མི་ཞིག་གིས་དངུལ་འཁྱེར་ནས་བོད་པའི་སྤྱི་ཚོགས་ནང་ཡོང་དུས་བླ་མ་ཡིན་རུང་བཙོང་།་་་རྒྱལ་ཁབ་ཡིན་རུང་བཙོང་།་་མི་རིགས་ཡང་བཙོང་།་་་ཚང་མ་བཙོང་ནས་ཞེ་ཆགས་སའི་ཤོག་དངུལ་ཁག་ལ་ལྟ་གིན་ལྟ་གིན་གསར་འགྱུར་འདི་ཉན་གིན་ཉན་གིན་བསམ་བློ་བཏང་གིན་བཏང་གིན་བློ་མ་བདེ་གཉིད་མ་ཁུག་ནས་ཡོད་ཚོད་རེད།་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese