མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་མི་ཞིག་གང་བྱུང་བཙན་འཁྲིད་ཀྱིས་བཀག་སྐྱིལ་ཉེས་ཆད་བཏང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་བོད་པའི་བུ་མོ་ཚེ་རིང་མཚོ་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཁྲི་ཀ་རྫོང་སྤྱི་བདེ་བཀག་ཉར་ལྟེ་གནས་ཁང་ལ་བཙན་འཁྲིད་ཀྱིས་བཀག་སྐྱིལ་དང་དངུལ་ཆད་བཅད་ཡོད་འདུགཚེ་རིང་མཚོ་ལགས་ཀྱིས་ཕྱི་ཕྱོགས་ཀྱི་གསར་ཁང་ཁག་ཅིག་ལ་བརྗོད་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་ཚེ་རིང་མཚོ་ལགས་ཟི་ལིང་གྲོང་ཁྱེར་གྱི་རང་ཁྱིམ་དུ་ཉེན་རྟོག་པ་བཅུ་ཡོང་ནས་འཛིན་བཟུང་བྱས་རྗེས་ཁྲི་ཀ་རྫོང་བཀག་ཉར་ཁང་དུ་ཉིན་གྲངས་ ༡༠ རིང་བཅུག་སྟེ། བཙོན་ཁང་དུ་སྡོད་རིང་ཉིན་ལྟར་ཟས་སུ་ཆུ་རྐྱང་དང་རླངས་བཙོས་བག་ལེབ་ཙམ་ལས་མ་སྤྲད་པར་ལྟོགས་སྐོམ་གྱི་མནར་གཅོད་བཏང་ཡོད་པ་མ་ཟད། འཇིགས་སྐུལ་བྱས་ཏེ་ཁོང་མོའི་དམངས་གཙོ་དང་ཁྲིམས་ལ་བཅིང་བའི་ཡིད་ཆེས་བསྒྱུར་ཐབས་བྱས་ཡོད་པ་དང་། མཚོ་སྔོན་ཉེན་རྟོག་ལས་ཁུངས་ཀྱིས་རྟག་ཏུ་ཁོང་མོ་དང་ལོ་ན་ ༨༠ སོན་པའི་ཁོང་མོའི་ཕ་རྒན་སོགས་ཁྱིམ་མི་ཡོངས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཁོང་མོ་འཛིན་བཟུང་བྱས་པ་དང་འབྲེལ་ནས་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་ཁྲི་ཀ་རྫོང་ཉེན་རྟོག་ཁང་གིས་ཚེ་རིང་མཚོ་ལ་ཉེས་འཛུགས་བྱས་པའི་ནང་། ཁོང་མོས་སྐད་འཕྲིན་བརྒྱུད་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་སྤེལ་ཏེ་སྤྱི་ཚོགས་ནང་རྙོག་གླེང་བཟོ་ཐབས་བྱེད་ཀྱི་ཡོད་ཚུལ་བཀོད་ཡོད་འདུག

ཡང་ཚེ་རིང་མཚོ་ལགས་ཀྱིས། ཐེངས་འདིར་རྒྱུ་མཚན་གསལ་ཁ་གང་ཡང་མེད་པའི་ཐོག་ནས་ང་འཛིན་བཟུང་བྱས་པ་རེད། ཁོང་ཚོས་རྒྱུན་དུ་ང་འཛིན་བཟུང་བྱེད་འདོད་ཡོད་ནའང་ཁག་འགེལ་ས་ཞིག་རྙེད་གི་མེད་པ་རེད། ད་ཐེངས་ང་ཐའེ་ལན་ཌི་ནས་ཕྱིར་འབྱོར་བ་ནས་བཟུང་ཁོང་ཚོས་འཛིན་བཟུང་བྱེད་རྩིས་ཡོད་པའི་ཚོར་སྣང་ཞིག་བྱུང་། ང་གཱང་ཌའོ་(Guangzhou) ལ་ནད་ཡམས་དང་འབྲེལ་ནས་ཟུར་བཀག་བྱེད་སྐབས་ནས་ཁོང་ཚོས་ང་འཛིན་བཟུང་བྱེད་ཐབས་བྱས་ཡོད་སྲིད་པ་ཞིག་རེད། མཐའ་མར་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ངས་སྐད་འཕྲིན་ནང་གནས་ཚུལ་གཉིས་བཀོད་པ་ལ་བརྟེན་ནས། རྒྱལ་ཁབ་བདེ་འཇགས་ལ་ཁ་གཡར་ཏེ་ཉིན་གྲངས་ ༡༠ རིང་བཀག་ཉར་བྱས་པ་རེད། དོན་དངོས་སུ་དོན་ཚན་གང་ཞིག་རྒྱལ་ཁབ་བདེ་འཇགས་དང་འགལ་ཡོད་པ་ཤེས་ཀྱི་མི་འདུག ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།ཚེ་རིང་མཚོ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་དང་འཇིགས་སྐུལ་བྱས་པ་སོགས་དང་འབྲེལ་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཚེ་རིང་མཚོ་ཡིས་ཡིད་ཆེས་དང་བློ་སྤོབས་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱད་ནས་བོད་ནང་དུ་དམངས་གཙོ་དང་ཁྲིམས་སྐྱོང་གི་འདོད་བློ་དང་འབྲེལ་བའི་ཞི་འབོད་གནང་ཡོད་པ་དང་། རྒྱ་གཞུང་གིས་ཚེ་རིང་མཚོ་བཀག་བསྐྱིལ་གྱིས་ཁྲིམས་འགལ་སྦྱོར་བ་སྤེལ་བཞིན་པར་ངོ་རྒོལ་དང་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གཞུང་འབྲེལ་མིན་པའི་བོད་རིགས་ཚོགས་སྡེའི་མགོ་ཁྲིད་བཀག་སྐྱིལ་དང་སུན་གཙེར་གཏོང་བཞིན་པ་མཚམས་འཇོག་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་དོ་དམ་སྲིད་བྱུས་ཟེར་བ་དེ་འཕྲལ་དུ་མཚམས་དགོས་སྐོར་སོགས་བརྗོད་འདུག

ཚེ་རིང་མཚོ་ནི་མཚོ་སྔོན་ཁྲི་ཀ་རྫོང་ནས་ཡིན་པ་དང་། ཉེ་ལམ་ཁོང་མོ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་མགོ་འཁྲིད་ཀྱི་ལས་གཞི་ཞིག་གི་ཐོག་མཉམ་ཞུགས་དང་རྒྱལ་སྤྱིའི་ཡུལ་སྐོར་དང་འབྲེལ་བའི་ལས་གཞི་ཞིག་གི་ནང་མཉམ་ཞུགས་བྱས་པར་བརྟེན། མཚོ་སྔོན་ཞིང་ཆེན་ཀྱི་སྤྱི་དམངས་བདེ་སྲུང་ཁང་དང་ཉེན་རྟོག་ལས་ཁུངས་ཀྱི་དམིགས་བསལ་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཏེ་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་ཡང་ཡང་འདྲི་རྩད་བྱེད་པ་དང་། ཁ་པར་བརྒྱུད་ཉེན་བརྡ་གཏོང་བ་དང་སྒེར་གྱི་བདེ་འཇགས་ལ་འཇིགས་སྐུལ་སོགས་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese