མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གི་གྲོང་ཁྱེར་ཞིག་ནང་ནད་གཞི་ཡ་མཚན་ཞིག་ཐོན་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་གྱི་གསར་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ལྷོ་ཤར་ཨན་དྷ་ར་མངའ་སྡེའི་གྷོ་དྷ་ཝ་རི་ (Godavari, Andhra Pradesh) རྫོང་ཁོངས་ཨི་ལུ་རུ་ (Eluru) གྲོང་ཁྱེར་ནང་ཁེ་ཉིན་ཕྱི་ཚེས་ ༥ ཉིན་ནས་མི་གྲངས་ ༣༠༠ ལྷག་ལ་རྒྱུ་རྐྱེན་གང་ཡིན་མི་ཤེས་པའི་ནད་གཞི་ཡ་མཚན་ཞིག་ཕོག་སྟེ། ཁ་སང་ནད་པ་ ༡ འདས་གྲོངས་དང་གཞན་རྣམས་ལ་སྨན་བཅོས་བྱེད་མུས་ཡིན་འདུགཨན་དྷ་ར་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཀི་རི་ཤི་ན་སི་རི་ནི་ཝི་སི་ (Alla Kali Krishna Srinivas) ལགས་ཀྱིས། འབྲེལ་ཡོད་གཞུང་འབྲེལ་མི་སྣ་རྣམས་ནད་གཞི་ཐོན་སའི་ཡུལ་དངོས་ལ་བཅར་ཏེ་རྟོག་ཞིབ་བྱས་རྗེས། ད་ལན་གྱི་ནད་གཞི་དེ་འཐུང་ཆུ་དང་མཁའ་དབུགས་འབག་བཙོག་གི་རྐྱེན་པས་བྱུང་མེད་པ་ཤེས་རྟོགས་ཐུབ་ཡོད་པ་དང་། ནད་པའི་ཁྲག་གི་མ་དཔེ་རྣམས་བརྟག་དཔྱད་ཁང་དུ་བཏང་ཡོད་ཅིང་། ད་ལྟའི་ཆར་ནད་གཞི་དེ་གཉན་སྲིན་གྱི་འགོས་ནད་ཅིག་ཡིན་པའང་ཤེས་རྟོགས་ཐུབ་མེད་སྟབས། ཡ་མཚན་ཅན་གྱི་ནད་གཞི་དེ་བརྟག་དཔྱད་ཁང་དུ་ཞིབ་འཇུག་མཐིལ་ཕྱིན་བྱས་རྗེས་མ་གཏོགས་ཤེས་ཐབས་མེད། ཅེས་བརྗོད་ཡོད་འདུག

ས་གནས་ཀྱི་འཕྲོད་བསྟེན་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། ནད་གཞི་ཕོག་པའི་ནད་པའི་ཁྲོད། མིག་ཚ་ནས་གློ་བུར་དུ་སྐྱུག་པ་སྐྱུག་པ་དང་། ཡང་རེ་འགར་ཞེ་མེར་ལངས་ཏེ་དྲན་པ་ཐོར་བའམ་མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་ཐོན་ཡོད་འདུག ཁ་སང་དགོང་མོར་ཁྱོན་ནད་པ་ ༣༠༠ ཁྲོད་ནས་ ༡༢༥ ལྷག་དྲག་སྐྱེད་བྱུང་སྟེ་རང་ཁྱིམ་དུ་ལོག་ཡོད་ཅིང་། གཞན་རྣམས་ལ་མུ་མཐུད་སྨན་བཅོས་བྱེད་མུས་ཡིན་འདུག

ད་ཐེངས་ཀྱི་ནད་གཞི་དེ་ཏོག་དབྱིབས་གཉན་རིམས་ཡིན་མིན་བརྟག་དཔྱད་བྱེད་སྐབས། ནད་པ་ཚང་མར་ཏོག་དབྱིབས་གཉན་རིམས་འགོས་མེད་པ་ཤེས་རྟོགས་བྱུང་ཡོད་ལ། མངའ་སྡེ་གཞུང་གིས་ས་གནས་ལ་ཆེད་མཁས་མི་སྣ་མངགས་གཏོང་གིས་ནད་གཞིར་བརྟག་དཔྱད་བྱེད་དུ་བཅུག་འདུག་པ་མ་ཟད། ས་གནས་ཀྱི་འཐུང་ཆུ་ཙམ་དུ་མ་ཟད་འོ་མའི་ཐོན་སྐྱེད་བཅས་ལའང་ཞིབ་འཇུག་བྱས་ཡོད་འདུག ཨན་དྷ་ར་མངའ་སྡེ་ནི་རྒྱ་གར་གྱི་མངའ་སྡེའི་ཁྲོད་ནས། ཏོག་དབྱིབས་གཉན་རིམས་ཀྱིས་དོ་ཕོག་ཆེ་ཤོས་ཐེབས་པའི་མངའ་སྡེའི་གྲས་ཤིག་ཡིན་ལ། ད་བར་མངའ་སྡེ་དེ་གཅིག་པུའི་ནང་ཁྱོན་ཏོག་དབྱིབས་ནད་པ་ཁྲི་ ༩ མ་ཟིན་ཙམ་ཞིག་ཐོན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese