མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྐུ་ཞབས་མའེ་ཊེའོ་མཱག་སེ་ལགས་སུ་འཚམས་འཕྲིན་གནང་།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནང་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མའེ་ཊེའོ་མཱག་སེ་ལགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་གོང་མཐོར་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་ཞུས། དེ་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པའི་ཚབ་ཞུས་ཏེ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མའེ་ཊེའོ་མཱག་སེ་ (Matteo Mecacci) ལགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་གོང་མཐོར་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱུང་བར་འཚམས་འདྲིའི་གསུང་འཕྲིན་གནང་འདུག

དེ་ཡང་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་འཚམས་འདྲིའི་ནང་། འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འཕྲད་དེ་ངེས་གཏན་མིན་པའི་དུས་སྐབས་འདིར། ཁྱེད་རང་པོའོ་ལན་ཌིའི་རྒྱལ་ས་ (Warsaw) རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་གོང་མཐོར་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་བཞག་གི་གཏམ་བཟང་ཐོས་པར། ངས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པའི་ཚབ་ཞུས་ཏེ་ཁྱེད་ལ་སྙིང་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཡང་འཚམས་འཕྲིན་ནང་། ང་ཨི་ཊ་ལི་དང་ཨ་རི། དེ་བཞུགས་སྒར་དྷ་ས་བཅས་ནས་ཁྱེད་ལ་མཇལ་རྒྱུའི་བསྐལ་བཟང་བྱུང་སྟེ། བོད་དོན་ཐོག་གྲོས་མོལ་ལྷུག་པོ་བྱེད་རྒྱུ་བྱུང་། ཕྱི་ལོ་ ༢༠༠༩ ལོར་ཨེ་ཊ་ལིའི་རྒྱལ་ས་རཱོམ་ནས་ཁྱེད་ཀྱིས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་བྱེད་སླད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་བ་གཙོ་སྐྱོང་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་ད་སྔ་བར་བོད་དོན་ལས་འགུལ་དང་འབྲེལ་བའི་ལས་དོན་རིགས་མང་པོའི་ནང་ཆ་ཤས་བཞེས་པ་དང་། ཕྱི་ལོ་ ༢༠༡༣ ལོ་ནས་ད་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཡིན་སྐབས། བོད་ནང་འགྲོ་འོང་འདྲ་མཉམ་གྱི་སྲིད་བྱུས་དང་ཉེ་སྔོན་རང་བོད་དོན་ལ་རྒྱབ་སྐྱོར་གྱི་སྲིད་བྱུས་སོགས་ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་བཟོས་ཡོད་པ་མ་ཟད། ཁྱེད་རང་ཨེ་ཊ་ལིའི་གྲོས་ཚོགས་འཐུས་མི་ཡིན་སྐབས་ནས་ད་བར། ཁྱེད་ཀྱིས་རྒྱལ་སྤྱིའི་སྲིད་གཞུང་དང་རྒྱལ་སྤྱིའི་ལྷན་ཁང་ཁག་ཏུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་དང་བོད་མི་རྣམས་ལ་ཕན་ཐོགས་ཆེ་བའི་སྲིད་བྱུས་རྣམས་ལག་བསྟར་ཡོང་ཐབས་བྱས་པ་སོགས། ཁྱེད་ནི་ང་ཚོའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་དང་བོད་དོན་དྲིལ་བསྒྲགས་བྱེད་མཁན་ཤུགས་ཆེན་ཆེ་ཤོས་ཤིག་ཡིན་པས། ངས་ཁྱེད་ཀྱི་ཁས་ལེན་དམ་བཅའ་དང་བློས་གཏོང་། དེ་བཞིན་བློ་བརྟན་འགྱུར་མེད་ངང་བོད་དོན་ཐད་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན་འཚམས་འདྲིའི་མཇུག་ཏུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མའེ་ཊེའོ་མཱག་སེ་ལགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱུང་བ་ནི། བོད་མི་ཡོངས་དང་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་རེ་བ་གསར་པ་ཞིག་ཤར་ཡོད་སྐོར་གསུངས་པ་དང་འབྲེལ། ཁྱེད་རང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་དུ་བསྐོ་བཞག་བྱུང་བ་དེས་མགྲིན་ཚབ་མེད་པའི་མིའི་རིགས་ཀྱི་མགྲིན་ཚབ་པ་ཞིག་ཏུ་གྱུར་བ་དང་བྱ་གཞག་རླབས་ཆེན་མངོན་འགྱུར་ཡོང་བར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས་འདུག

སྐུ་ཞབས་མའེ་ཊེའོ་མཱག་སེ་ལགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་གོང་མཐོར་ལྟེ་གནས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱུང་བར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྐུ་ཞབས་ཁོང་ལ་འཚམས་འདྲི་ཞུས་ཏེ། སྐུ་ཞབས་མའེ་ཊེའོ་མཱག་སེ་ལགས་ཕྱི་ལོ་ ༢༠༡༣ ལོ་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱུང་སྟེ། ད་སྔ་བར་ཨ་རིའི་རྒྱལ་ས་ཝང་ཤི་ཊོན་ཏུ་ཨ་རིའི་ཕྱོགས་གཉིས་ཀྱི་སྲིད་དོན་ཚོགས་པ་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྟོབས་ཤུགས་རྒྱ་བསྐྱེད་དང་བོད་ནང་འགྲོ་འོང་འདྲ་མཉམ་དང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་སོགས་གཏན་འབེབས་བྱེད་ཐུབ་ཡོད་པ་སོགས་ལ་ཡི་རངས་བསྔགས་བརྗོད་དང་སྦྲགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མུ་མཐུད་སྐུ་ཞབས་མའེ་ཊེའོ་མཱག་སེ་ལགས་ཀྱི་ཕྱག་ལས་ཁག་རྒྱུན་སྐྱོང་དང་མཉམ་འབྲེལ། དེ་བཞིན་ཁོང་གི་བྱ་གཞག་ཐམས་ཅན་ལམ་ལྷོང་ཡོང་བའི་སྨོན་འདུན་སོགས་ཞུས་གནང་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།་

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese