མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་ཚ་བྱུང་ན་དང་པོར་ཁ་པར་གཏོང་རོགས་གསུང་གི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས་མེག་གྷན་ཁུལ་ནས་བོད་མི་ ༧ ཚུད་པའི་ཏོག་དབྱིབས་ནད་རྟགས་ཅན་མི་ ༡༣ ཙམ་བྱུང་ཡོད་པས་ཁྲོམ་གཞུང་དཀྱིལ་གྱི་འགྲོ་སྐྱོད་ལ་དམ་དྲག་བྱེད་བཞིན་འདུགཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༧ པའི་སྟེང་།  ད་ལྟ་བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་གི་གཡས་ཕྱོགས་སྲང་ལམ་དེ་ཏོག་དབྱིབས་གཉན་རིམས་བྱུང་སའི་ས་ཆ་ལ་ངོས་འཛིན་གྱིས། མི་མང་འགྲོ་འོང་སོགས་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། མེག་གྷན་ཁྱོན་ཡོངས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་ས་ཁུལ་དང་འབྲེལ་འདྲིས་ཡོད་པའི་ཁོངས་སུ་ངོས་འཛིན་བྱས་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་མེག་གྷན་(Macleod Ganj)དང་པོ་ཏ་ལ་གཞུང་ལམ་ཉེ་ཁུལ་ནས་ཏོག་དབྱིབས་ནད་རྟགས་ཅན་ཁྱོན་ ༡༣ བྱུང་ཡོད་པ་དང་། དེའི་ནང་ནས་མི་ ༧ བོད་པ་ཡིན་འདུག  

དེང་སྐབས་དགུན་དུས་བསླེབ་པ་དང་བསྟུན་གནམ་གཤིས་འགྱུར་ལྡོག་གི་དབང་གིས་མི་མང་པོ་ཞིག་ལ་ཆམ་རིམས་ཕོག་གི་ཡོད་སྟབས། དྷ་ས་ཁུལ་གྱི་བོད་མིའི་ནང་ཆམ་རིམས་ཕོག་ནས་སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་སོགས་སུ་སྨན་པར་བསྟེན་གཏུག་བྱེད་དུ་འགྲོ་མཁན་གང་ཙམ་མང་པོ་ཡོད་པ་དང་། ཆམ་རིམས་ཕོག་རིགས་ཕལ་ཆེ་བ་རྒྱ་གར་གཞུང་གི་ཛོ་ནོར(Zonal)་སྨན་ཁང་དུ་ཏོག་དབྱིབས་ནད་གཞི་བརྟག་དཔྱད་བྱེད་པར་གཏོང་གི་འདུག་ལ། རྒྱ་གར་སྨན་ཁང་དུ་ནད་པ་མང་དྲགས་པ་སོགས་ཀྱི་དཀའ་ངལ་འོག་བརྟག་དཔྱད་གྲུབ་འབྲས་དག་དག་མ་ཐོན་པར་འགོར་བ་དང་། བརྟག་འབྲས་མ་ཐོན་ཚེ་སྨན་ཁང་ནས་ནད་པར་སྨན་སྤྲོད་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་སུ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། བོད་མི་ཞིག་ན་ཡི་ཡོད་ཚེ་ལམ་སང་བདེ་ལེགས་སྨན་ཁང་ལ་འབྲེལ་བ་བྱེད་དགོས་ཀྱི་ཡོད། བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱི་ཞལ་པར་ཨང་གྲངས་ 9882770828དང་། འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཀུན་བཟང་ལགས་ཀྱི་ཨང་གྲངས་8351011865 ། ངག་དབང་ལགས་ཀྱི་ 6360813397 བཅས་གསལ་བསྒྲགས་རིམ་པའི་ནང་སྤེལ་ཡོད། ཅེས་གསུངས་བྱུང་།

བོད་མི་ཞིག་ན་ཡི་ཡོད་ཚེ་ཛོ་ནལ་སྨན་ཁང་དུ་འགྲོ་མི་དགོས་པར་འཕྲོད་བསྟེན་ལས་ཁུངས་རང་ནས་ཏོག་དབྱིབས་བརྟག་དཔྱད་ཡོང་བར་ཆ་རྐྱེན་གསུམ་འདུག གཅིག་ཆམ་ནད་བྱུང་སྟེ་མགོ་ན་བ་དང་ཚ་བ་རྒྱས་པ། སྣ་ཆུ་ཐོན་གྱི་ཡོད་པ་ཡིན་དགོས་པ་དང་། གཉིས་སྣེ་ལེན་ཁང་དུ་ཟུར་བཀག་འོག་བསྡད་ཡོད་པ། གསུམ་ནད་རྟགས་ཐོན་པའི་མིར་འབྲེལ་འདྲིས་བྱུང་བ་རྣམས་རྗེས་འདེད་གཏོང་གི་ཡོད་པ་བཅས་ཡིན་འདུག་ལ། འཕྲོད་བསྟེན་ལས་ཁུངས་ཀྱིས་ད་སྔ་བར་བཞུགས་སྒར་ཁུལ་གྱི་བོད་མི་ཁྱོན་ ༡༥༩༨ ལ་ཏོག་དབྱིབས་ནད་གཞིའི་བརྟག་དཔྱད་གནང་ཡོད་འདུགདེའི་རྗེས་ང་ཚོས་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་སུ་ཁ་པར་བརྒྱུད་བཀའ་འདྲི་ཞུས་སྐབས། མི་ཞིག་ན་ཡི་ཡོད་ཚེ་ཐད་ཀར་སྨན་ཁང་དུ་མ་ཡོང་བར་འཕྲོད་བསྟེན་ལས་ཁུངས་ཀྱིས་བསྐོ་གཞག་བྱས་པའི་འབྲེལ་ཡོད་སྨན་ཞབས་ཉི་མ་དབྱངས་འཛོམས་ལགས་སུ་འབྲེལ་བ་ཞུས་ཏེ། ཉི་མ་དབྱངས་འཛོམས་ལགས་ཀྱི་འཚམས་འཕྲིན་ (whatsapp) སྟེང་རང་ཉིད་ཀྱི་ནད་རྟགས་དང་། རྒྱ་གར་གྱི་ཐོབ་ཐང་ལག་འཁྱེར་(Aadhar Card) པར་བཏབས་ཏེ་བསྐུར་དགོས་ཀྱི་ཡོད། དེ་ནས་ང་ཚོས་ནད་རྟགས་གཞིར་བཟུང་སྨན་སྤྲོད་པ་དང་ཏོག་དབྱིབས་ནད་གཞི་བརྟག་དཔྱད་གཏོང་དགོས་རིགས་ལ་བརྟག་དཔྱད་གནང་གི་ཡོད། དེ་མིན་སྡེབ་གཅིག་ཏུ་མི་མང་པོ་སྨན་ཁང་དུ་ཡོང་བ་ཡིན་ན་ཕན་ཚུན་གཉི་གའི་ལས་ཀ་མི་འགྲུབ་པ་མ་ཟད། ནད་ཡམས་འགོས་ཁྱབ་ཏུ་འགྲོ་བའི་རྒྱུ་ཆགས་ཀྱི་ཡོད། ཅེས་དང་། བོད་མི་སུ་ཞིག་ལ་ན་ཚ་བྱུང་ཚེ་ཐད་ཀར་བདེ་ལེགས་སྨན་ཁང་གི་ཁ་པར་ཨང་གྲངས་ཐོག་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་བྱུང་།བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་བར་བོད་ནང་ཏོག་དབྱིབས་ནད་པ་ཁྱོན་ ༡༠༧ བྱུང་ཡོད་པ་ལས་མི་ ༡ རྐྱེན་འདས་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་ནད་པ་གྲངས་ ༢༡༣ ལས་མི་ ༩ རྐྱེན་འདས་དང་༡༦༥ དྲག་སྐྱེད། དེ་བཞིན། རྒྱ་གར་དང་བལ་ཡུལ་ནང་མི་གྲངས་ ༡༣༦༥ བྱུང་བའི་ནང་མི་ ༣༥ རྐྱེན་འདས་དང་མི་ ༡༡༧༥ དྲག་སྐྱེད་བཅས་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese