མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་རྒྱ་གར་གྱི་འཕྲུལ་རིག་སློབ་ཆེན་སློབ་མ་རྣམས་ལ་བཀའ་ཆོས་བསྩལ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་འཚེ་མེད་དང་བྱམས་བརྩེ་ནི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་འཛམ་གླིང་ཞིག་སྐྲུན་ཐབས་ཀྱི་གཞི་རྩ་ཡིན་སྟབས། རྒྱ་གར་ངོས་ནས་འཛམ་གླིང་ཡོངས་ལ་འཚེ་མེད་དང་བྱམས་བརྩེའི་བསླབ་བྱ་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་དཔེ་སྟོན་དགོས་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་དྷ་སའི་རྒྱལ་བའི་ཕོ་བྲང་ནས་བརྙན་ལམ་བརྒྱུད། རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་མཱམ་བྷའེ་རུ་རྟེན་གཞི་བྱས་པའི་རྒྱ་གར་གྱི་འཕྲུལ་རིག་སློབ་ཆེན་ (IIT) གྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། གནའ་བོའི་རྒྱ་གར་གྱི་རིག་གཞུང་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་སྦྲེལ་བྱེད་ཐབས་སོགས་ཀྱི་སྐོར་ནས་བཀའ་འདྲི་བཀའ་ལན་གནང་སྐབས། མགོན་པོ་གང་ཉིད་ཀྱིས་རྒྱ་གར་ངོས་ནས་འཛམ་གླིང་ཡོངས་ལ་འཚེ་མེད་དང་བྱམས་བརྩེའི་བསླབ་བྱ་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་སློབ་སྟོན་བྱ་དགོས་སྐོར་བཀའ་སློབ་བསྩལ་ཡོད་འདུག

དེ་ཡང་༧གོང་ས་མཆོག་ནས་བཀའ་སློབ་ཀྱི་ཐོག་མར། རྒྱ་གར་ནང་མི་ལོ་སྟོང་ཕྲག་སྔ་རོལ་ནས་འཚེ་མེད་དང་བྱམས་བརྩེའི་བསམ་བློ་དར་འཕེལ་བྱུང་བ་དེར་ངོས་རང་དགའ་པོ་ཞེ་དྲགས་བྱུང་། དེའི་རྐྱེན་གྱིས་རིམ་པས་རྒྱ་གར་གྱི་བསམ་བློ་བ་དང་མཁས་པ་རྣམས་ཀྱིས་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་བ་དེ་གཉིས་རིགས་པའི་ལམ་ནས་རྒྱུན་སྤེལ་བྱས་ཐུབ་ཡོད། ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་དགོས་སྐོར་བཤད་ཀྱི་ཡོད་སྟབས། ངས་ཆོས་ལུགས་ཚང་མར་བརྩི་བཀུར་ཞུ་ཡི་ཡོད། ཡིན་ནའང་ང་ཚོས་རིག་པའི་ཐོག་ནས་བརྟག་དཔྱད་བྱས་པ་ཡིན་ན། རྒྱ་གར་གྱིས་ལོ་ངོ་སྟོང་ཕྲག་རིང་ནས་བསམ་བློ་འདི་དག་རིགས་པའི་ལམ་ནས་གཏན་ལ་ཕབ་ཡོད། དངོས་ཡོད་ལག་ལེན་གྱི་སྟེང་ནས་ད་ལྟའི་འཛམ་གླིང་འདིར་འཚེ་བ་མེད་པ་དང་བྱམས་བརྩེ་དགོས་གལ་ཧ་ཅང་ཆེ། གལ་ཏེ་དེ་གཉིས་གསོན་པོར་གནས་ཐུབ་པ་དང་། མི་མང་བས་དེར་དོ་སྣང་བྱས་ཚེ། ང་ཚོའི་འཛམ་གླིང་འདི་སྔར་བས་ཞི་བདེ་བག་ཕེབས་དང་ལེགས་པ་ཡོང་ཐུབ། དེ་བཞིན་གནད་འགག་གཞན་དེ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་རེད། ཆོད་ལ་དད་པ་ཡོད་མེད་དེ་མི་སྒེར་གྱི་གནས་ཚུལ་ཞིག་རེད། དོན་དངོས་ཐོག་འཚེ་བ་མེད་པ་དང་བྱམས་བརྩེ་ཟེར་བ་གཉིས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་རེད། ཅེས་དང་། དེ་རིང་ངོས་རང་རྒྱལ་ཁབ་འདི་རང་ནས་ཡིན་པའི་མི་དང་ལྷན་དུ་བཀའ་མོལ་ཞུ་རྒྱུར་དགའ་སྤོབས་ཆེན་པོ་བྱུང་སོང་། དོན་དངོས་ཐོག་ང་ཚོ་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་འདིའི་སློབ་མ་རེད། ངས་དུས་རྒྱུན་ལོ་ངོ་སྟོང་ཕྲག་སྔོན་ལ་ཁྱེད་ཚོ་ང་ཚོའི་སློབ་དཔོན་དང་། ང་ཚོ་ཁྱེད་ཚོའི་སློབ་མ་རེད་ཟེར་གྱི་ཡོད། ང་ཚོས་རྒྱ་གར་ས་ནས་བསླབས་པ་རེད། ཅེས་གསུངས་བ་དང་སྦྲགས། བོད་ཀྱི་བཙན་པོས་རྒྱ་གར་ནས་སངས་རྒྱས་པའི་ཆོས་ལུགས་ནང་འདྲེན་གནང་ཚུལ་སྐོར་གསུངས་ཡོད་འདུག

ཡང་ཁོང་གིས་མུ་མཐུད་གསུངས་དོན། དེང་སྐབས་ང་ཚོའི་འཛམ་གླིང་འདིར་འབྱུང་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་ཚོ་མི་རང་གིས་བཟོས་པ་ཞིག་རེད། སུ་གཅིག་ལའང་དཀའ་ངལ་དགོས་ཀྱི་མེད་ནའང་། ང་ཚོས་ད་དུང་དཀའ་ངལ་འདི་འདྲ་མང་པོ་བཟོ་ཡི་ཡོད་པ་རེད། དེའི་རྒྱུ་མཚན་གང་རེད་ཟེར་ན། ང་ཚོའི་བསམ་བློ་གཏོང་སྟངས་དེ་འཚེ་མེད་དང་བྱམས་བརྩེ་གཉིས་དང་འབྲེལ་བ་མེད་པས་རེད། དེར་བརྟེན་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་རྒྱ་གར་གྱི་བསམ་བློ་ཉར་ཚགས་ཙམ་དུ་མ་ཟད་བསྐྱར་གསོ་དགོས་ཀྱི་ཡོད་པ་རེད། དེ་ཡང་ཆོས་ལུགས་དང་འབྲེལ་བའི་ཐབས་ལམ་གྱི་སྒོ་ནས་བསྐྱར་གསོ་དགོས་པ་རེད། ཡེ་ཤུ་དང་ཁ་ཆེ། ཇེའུ་ཆོས་ལུགས་སོགས་ཚང་མ་མི་སྒེར་གྱི་གདམ་ཀ་ཡིན་ནའང་འཚེ་བ་མེད་པ་དང་བྱམས་བརྩེ་ནི་སྐྱེ་འགྲོ་ཀུན་ལ་ཁྱབ་པ་ཞིག་ཡིན། དེར་བརྟེན་དེང་རབས་ཀྱི་དུས་ཚོད་འདིར། མི་འབོར་ཆེས་མང་བའི་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་རྒྱ་གར་འདི་ཧ་ཅང་ཞི་བདེ་བག་ཕེབས་རེད། འཛམ་གླིང་སྟེང་གི་ཆོས་ལུགས་ཆེ་ཁག་ཚང་མ་མཉམ་གནས་བྱས་ནས་བསྡད་ཡོད།  དཔེར་ན་ཁ་ཆེའི་རྒྱལ་ཁབ་ནང་ཤཱི་ཡ་དང་སུ་ནིའི་བར་ལ་རྩོད་པ་འབྱུང་གི་ཡོད། འོན་ཀྱང་རྒྱལ་ཁབ་འདིའི་ནང་ངས་ད་བར་རྒྱ་གར་ཤཱི་ཡ་དང་སུ་ནིའི་དབར་རྩོད་རྙོག་ཡོད་པ་ཐོས་མྱོང་མེད། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་ནང་དཀའ་ངལ་ཡོད་པ་ཐོས་དུས་ང་རང་ཧང་སངས་ཀྱི་འདུག དེར་བརྟེན་འཚེ་མེད་དང་བྱམས་བརྩེ་ནི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་འཛམ་གླིང་ཞིག་སྐྲུན་ཐབས་ཀྱི་གཞི་རྩ་ཡིན་སྟབས། རྒྱ་གར་ངོས་ནས་འཛམ་གླིང་ཡོངས་ལ་འཚེ་མེད་དང་བྱམས་བརྩེའི་བསླབ་བྱ་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་གྱི་དཔེ་བསྟན་དགོས། ཞེས་བཀའ་སློབ་བསྩལ་གནང་ཡོད་འདུག

སློབ་མ་ཞིག་གིས་ལུས་པོ་དང་སེམས་ཀྱི་འཕྲོད་བསྟེན་གཉིས་ལྗིད་སྙོམས་ཡོང་ཐབས་ཇི་འདྲ་ཡོད་མེད་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ང་ཚོས་དུས་རྒྱུན་ཕྱི་ལུས་པོའི་འཕྲོད་བསྟེན་བཤད་ཀྱི་ཡོད་པ་རེད། ཡིན་ནའང་དཔེར་ན་ཁྲག་ཤེད་ལྟ་བུ་ཡིན་ན་སེམས་ཀྱི་ཞི་བདེ་ལ་ཧ་ཅང་བརྟེན་བསྡད་ཡོད་པ་རེད། སེམས་ནང་ཞེད་སྣང་དང་། དངངས་འཚབ་མེད་དུས་ཁྲག་ཤེད་ཀྱང་མར་ཆག་གི་ཡོད་པ་རེད། དེར་བརྟེན་ཕྱོགས་ཡོངས་ནས་སེམས་ལ་ངལ་གསོ་ཐོབ་པ་དེས་ཕྱི་ལུས་པོར་ཡང་ཕན་ཐོགས་བྱེད་ཀྱི་ཡོད་པ་རེད། དེང་སྐབས་ཁོང་ཁྲོ་དང་ཞེད་སྣང་མང་དྲགས་པའི་རྐྱེན་གྱིས་ན་ཚང་མང་པོ་བྱུང་གི་ཡོད་སྟབས། ཕྱིའི་ལུས་པོའི་འཕྲོད་བསྟེན་དེ་སེམས་ཀྱི་གནས་སྟངས་ལ་བརྟེན་བསྡད་ཡོད། ཅེས་བཀའ་ལན་བསྩལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese