མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མ་དང་རྒྱ་ནག་བར་ས་མཚམས་རྩོད་རྙོག་བྱུང་གི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་འབར་མའི་ས་མཚམས་སུ་དོགས་ཟོན་མྱུར་ཞིབ་བརྙན་མིག་ལྡན་པའི་ལྕགས་ར་བཙུགས་ཏེ་ཡུ་གུར་མི་རིགས་གཙོས་པའི་རྒྱ་ནག་གཞུང་དང་འགལ་ཟླ་ཅན་གྱི་མི་རྣམས་རྒྱ་ནག་ནས་ཕྱིར་བྲོས་བྱོལ་དུ་འགྲོ་རྒྱུ་བཀག་འགོག་བྱེད་ཀྱི་ཡོད་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འབར་མའི་མངའ་སྡེ་ཤན་ (Shan) དང་རྒྱ་ནག་ཡོ་ནན་ཞིང་ཆེན་གཉིས་ཀྱི་རྒྱལ་མཚམས་སུ། རྒྱ་ནག་གཞུང་གིས་ས་ཁྱོན་སྤྱི་ལེ་ ༢༠༠༠ རིང་འཕྲུལ་རིགས་ལྟ་སྲུང་བརྙན་མིག་ལྡན་པའི་ས་མཚམས་ལྕགས་ར་བསྐོར་མགོ་བརྩམས་ཏེ། ད་ལྟའི་ཆར་ས་ཁྱོན་སྤྱི་ལེ་ ༦༦༠ རིང་ལྕགས་ར་བསྐོར་ཟིན་ཡོད་པ་དང་། འབར་མའི་གཞུང་གིས་རྒྱ་ནག་གི་ལས་གཞི་དེར་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེན་སྟབས། ད་ལྟ་ལས་གཞི་མཚམས་འཇོག་དང་ཕྱོགས་གཉིས་བར་གྲོས་མོལ་བྱེད་པར་གྲ་སྒྲིག་བྱེད་ཀྱི་ཡོད་འདུག

དེ་འབྲེལ་ཐད་འབར་མའི་དམག་སྤྱི་ཆེན་མོ་ (Zaw Min Tun) ལགས་ཀྱིས། ང་ཚོས་འབྲེལ་ཡོད་མངའ་སྡེ་གཞུང་བརྒྱུད། འབར་མ་དང་རྒྱ་ནག་བར་གྱི་ཕྱི་ལོ་ ༡༩༦༡ ལོའི་ས་མཚམས་གྲོས་ཆོད་གཞིར་བཟུང་རྒྱ་ནག་གིས་ས་མཚམས་སུ་ལྕགས་ར་འཛུགས་སྐྲུན་བྱེད་བཞིན་པར་ངོས་ལེན་མེད་པའི་འཕྲིན་ཡིག་བསྐུར་ཡོད། ཅེས་བརྗོད་ཡོད་པ་དང་། ཕྱི་ལོ་ ༡༩༦༡ ལོའི་གྲོས་ཆོད་ནང་ཕྱོགས་གཉིས་ཀྱི་ས་མཚམས་ནས་མེ་ཊར་ ༡༠ ནང་ཚུད་དུ། འབར་མ་དང་རྒྱ་ནག་ཕྱོགས་གཉིས་ནས་འཛུགས་སྐྲུན་གྱི་རིགས་གང་ཡང་བྱེད་མི་ཆོག་པར་ས་ཁོངས་སྟོང་པ་འཇོག་དགོས་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ས་མཚམས་སུ་ལྕགས་ར་འཛུགས་སྐྲུན་བྱས་ཏེ། ཁྲིམས་འགལ་ཐོག་བྲོས་བྱོལ་ལ་འགྲོ་མཁན་རྒྱ་རིགས་ཚོས་འབར་མའི་ནང་ཏོག་དབྱིབས་གཉན་རིམས་འགོས་ཀྱི་ཉེན་ཁ་འགོག་ཐབས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་མཐའ་མཚམས་ལྕགས་ར་དེ་བརྒྱུད་འབར་མའི་མངའ་སྡེ་ཤན་ནང་ནག་ཚོང་དང་རྒྱན་འཇོག དེ་བཞིན། ནག་ཚོགས་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཡོངས་མཚམས་བྱེད་པར་དམིགས་ཡོད་སྐོར་བརྗོད་ཡོད་ཀྱང་།  དཔྱད་ཞིབ་པས་རྒྱ་ནག་གིས་འབར་མའི་ས་མཚམས་སུ་དོགས་ཟོན་ལྟ་སྲུང་བརྙན་མིག་ལྡན་པའི་ལྕགས་ར་འཛུགས་སྐྲུན་གྱིས། རྒྱ་ནག་གི་དྲག་གནོན་འོག་གནས་པའི་ཡུ་གུར་གྲངས་ཉུང་མི་རིགས་གཙོས་པའི་ཟླ་འགལ་ཅན་གྱི་མི་རིགས་གཞན་རྣམས་འབར་མ་གཙོས་པའི་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་ལ་འགྲོ་རྒྱུ་བཀག་འགོག་ཐབས་བྱེད་པའི་འཆར་གཞི་སྒྲིག་གི་ཡོད་སྐོར་བརྗོད་འདུག

རྒྱ་གར་གྱི་ (zee) གསར་ཁང་གི་གནས་ཚུལ་ལྟར་ན། འབར་མའི་ཕྱི་སྲིད་ལྷན་ཁང་གིས་གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་གཞུང་འབྲེལ་སྐྱོན་བརྗོད་བྱས་སྟབས། ད་ལྟ་ཕྱོགས་གཉིས་བར་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་སླད་གྲོས་མོལ་བྱ་རྒྱུའི་འཆར་གཞི་སྒྲིག་གི་ཡོད་འདུག་ལ། འབར་མའི་མངའ་སྡེ་ཤན་གྱི་ས་ཁུལ་ནི་རྒྱ་རིགས་མང་པོས་སྨྱོས་རྫས་ཉོ་ཚོང་དང་རྒྱན་རྩེད་ཁང་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡུལ་ཞིག་ཏུ་གྱུར་ཡོད་པ་མ་ཟད། འབར་མའི་གཞུང་ལ་ཁ་གཏད་དང་དྲག་རྒོལ་བྱེད་མཁན་གནས་ཡུལ་ཞིག་ཀྱང་ཡིན་པ་རེད།

ཡང་རྒྱ་ནག་གི་མཐའ་མཚམས་ལྕགས་ར་འཛུགས་སྐྲུན་གྱི་ལས་གཞི་དེ། རྒྱ་ནག་དང་འབར་མའི་བར་གྱི་ཚོང་འབྲེལ་འབྲེལ་ལམ་ (China Myanmar Economic Corridor) གྱི་གཞི་རྩ་དང་འགལ་ཡོད་ཅིང་། དེ་སྔོན་འབར་མའི་དྲག་པོའི་གཞུང་དང་རྒྱ་ནག་བར་འབྲེལ་ལམ་ཡག་པོ་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གིས་འབར་མའི་ངོ་ལོག་ཟིང་འཁྲུག་པར་རྒྱབ་སྐྱོར་བྱས་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་ཇེ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། ད་རེས་མཐའ་མཚམས་སུ་ལྕགས་ར་བསྐོར་བའི་གནད་དོན་གྱིས་རྒྱ་ནག་དང་འབར་མའི་བར་གྱི་འབྲེལ་ལམ་དེ་བས་ཛ་དྲག་ཏུ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

 

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    རྒྱ་གར་ཁོ་རང་ འབར་མས་ས་ Assam, Manipur, Nagaland, Tirupura, Agartala, Andaman & Nicobar Island etc.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese