མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་ལ་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཞིག་གིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ལམ་ཐོག་༧གོང་ས་མཆོག་དང་བོད་རང་བཙན་སྐོར་གྱི་ཡི་གེ་དང་པར། བརྙན་སོགས་བརྒྱུད་སྐུལ་པར་བརྟེན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུགརྒྱ་ནག་ནང་གི་སྤྱི་དམངས་ཐོབ་ཐང་སྲུང་སྐྱོབ་ལྟེ་གནས་ཁང་ (Information Center of the Rights Defence Network) གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་ལྷུན་གྲུབ་རྡོ་རྗེ་ཞུ་བ་ཞིག་གིས་རང་ཉིད་ཀྱི་སྤྱི་ཚོགས་བརྒྱུད་ལམ་སྟེང་༧གོང་ས་མཆོག་གི་བཀའ་སློབ་དང་བོད་རང་བཙན་སྐོར་གྱི་ནང་དོན་ལྡན་པའི་པར་རིས་དང་བརྙན་ཁག་ཅིག་བརྒྱུད་སྐུལ་བྱས་པ་ལ་བརྟེན་ནས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་མགོ་ལོག་ཁུལ་འབྲིང་རིམ་ཁྲིམས་ཁང་ཟེར་བས། ལྷུན་གྲུབ་རྡོ་རྗེ་ལགས་སུ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་འོག་ལོ་ ༡ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་འབྲེལ་གྱི་གནས་ཚུལ་ནང་།  ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༢༠༡༩ ནས་ ༢༠༢༠ བར་མི་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་ཐོག་བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག དེ་བཞིན། བོད་རང་བཙན་དང་འབྲེལ་བའི་ཡི་གེ་དང་པར། བརྙན་སོགས་བརྒྱུད་སྐུལ་བྱས་སྟབས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་དང་། ལོ་གཅིག་གི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་དང་། སྐབས་དེར་ལྷུན་གྲུབ་རྡོ་རྗེ་ལགས་ནས་ཁྲིམས་ཁང་གི་ཐག་གཅོད་ལ་ངོས་ལེན་དང་སླར་ཡང་ཞུ་གཏུག་བྱ་རྒྱུ་མིན་པའི་ངོས་ལེན་བྱས་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་ནང་ལྷུན་གྲུབ་རྡོ་རྗེ་ལགས་འཛིན་བཟུང་བྱེད་དགོས་དོན་གཙོ་བ་ནི།  ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༢ ཚེས་ ༥ ཉིན་ལྷུན་གྲུབ་རྡོ་རྗེ་ཡིས་སྒེར་གྱི་སྐད་འཕྲིན་ཐོག་ལོ་གསར་དང་འབྲེལ་བའི་སྐར་ཆ་བཅུ་ཅན་གྱི་༧གོང་ས་མཆོག་གི་བཀའ་སློབ་བརྙན་ཐུང་གི་ལམ་ནས་རྒྱུད་སྐུར་བྱས་པ་དང་། ཉིན་དེར་ཝེ་པོ་དྲ་ཚིགས་(Weibo)སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་ལོ་གསར་བར་འཚམས་འདྲིའི་ཤིས་ཚིག་དང་པར་རིས་རྣམས་བརྒྱུད་སྤེལ་བྱས་ཤིང་། དེ་བཞིན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༡ སྟེ། བོད་ནང་རྒྱ་ནག་གིས་དམ་བསྒྲགས་དང་དོགས་ཟོན་ཤུགས་ཆེན་བྱེད་བཞིན་པའི་སྐབས་དེར་རྡོ་རྗེས་དྲ་ཐོག་ནས་བོད་རང་བཙན་སྐོར་གྱི་ནང་དོན་ལྡན་པའི་ཡི་གེ་དང་པར་རིས་བརྒྱུད་སྐུར་དང་། ད་དུང་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ ཉིན་རྡོ་རྗེས་སྒེར་གྱི་ཝེ་པོ་དྲ་ཚིགས་ཐོག་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་བསྟོད་པ་དང་སྨོན་འདུན་ཞུས་པ་དང་། ༧གོང་ས་མཆོག་སྐུ་ན་གཞོན་དུས་ཀྱི་སྐུ་པར་སོགས་བརྒྱུད་སྤེལ་བྱས་ཡོད་པར་བརྟེན། ཕྱི་ཟླ་ ༧ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་ལྷུན་གྲུབ་རྡོ་རྗེ་ལགས་བཀག་ཉར་གྱིས་ཕྱི་ཚེས་ ༢༣ ཉིན་དངོས་སུ་འཛིན་བཟུང་བྱས་ཡོད་འདུག

ལྷུན་གྲུབ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༨ ཚེས་ ༧ ཉིན་སྐྱེས་ཤིང་། ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་ནས་ཡིན་པ་རེད།

བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༥ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese