མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་བློ་བཟང་འབྱོར་ལྡན་ལགས་ཀྱི་ཞི་རྒོལ་ལས་འགུལ་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ཟླ་དྲུག་ལྷག་རིང་འབྱོར་ལྡན་ལགས་ཀྱིས་དགོས་འདུན་དོན་ཚན་གསུམ་གྱི་ཐོག་ནས་ཨོ་གླིང་སིད་ནེ་གྲོང་ཁྱེར་རྒྱ་ནག་གཞུང་ཚབ་མདུན་དུ་རེས་གཟའ་ལྷག་པ་འཆར་ཅན་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ། འདི་གའི་གསར་འགོད་པར་ཨོ་གླིང་གནས་སྡོད་ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་བཟང་འབྱོར་ལྡན་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༦ པ་ནས་མགོ་འཛུགས་ཀྱིས་བདུན་ཕྲག་རེའི་རེས་གཟའ་ལྷག་འཆར་ཅན་ལ། ཨོ་གླིང་སིན་ནེ་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་དུ་དགོས་འདུན་གཙོ་བོ་དོན་ཚན་གསུམ་གྱི་ཐོག་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་ཏེ། དེ་རིང་ཟླ་ ༦ རིང་གི་ཞི་རྒོལ་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།

དེ་རིང་ཞི་རྒོལ་ལས་འགུལ་གྱི་ཉིན་མཐའ་མའི་ཐོག་ཨོ་གླིང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་དང་ས་གནས་བོད་རིགས་ཚོགས་པ། དེ་བཞིན། ས་གནས་གཞོན་ནུ་ཚོགས་པ་སོགས་ཀྱི་སྐུ་ཚབ་བཅས་འཛོམས་ཏེ་གཏམ་བཤད་སྤེལ་བ་དང་། སྐབས་དེར་བློ་བཟང་འབྱོར་ལྡན་ལགས་ཀྱིས། དེ་རིང་ངས་ལས་འགུལ་གཉིས་སྤེལ་གྱི་ཡོད། ད་ལོ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་ཞུ་ཡི་ཡོད་པར་བརྟེན། ལས་འགུལ་དང་པོ་དེ་ང་རང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འབངས་ཤིག་ཡིན་པའི་ཆ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད། ཅེས་དང་། གཉིས་པ་དེར་རྒྱ་ནག་དགྲ་དམར་གཞུང་གིས་ཕྱི་ལོ་ ༡༩༥༩ ལོ་ནས་ང་ཚོར་བཙན་འཛུལ་དང་ཐུབ་ཚོད་བཏང་ཡོད་པ་རེད། ང་ཚོས་ཕྱི་ལོ་ ༡༩༥༩ ལོ་ནས་མི་རེ་ངོ་རེ་ཡིས་བློས་གཏོང་བྱས་ཏེ་རྒྱ་ནག་གཞུང་ལ་འཐབ་རྩོད་བྱས་ཡོད། འོན་ཀྱང་། ད་སྔ་བར་རྒྱ་ནག་དགྲ་དམར་འདིས་གཡོ་སྒྱུ་དང་ཧམ་པ། འཁྲབ་རྒྱུ་མང་དྲགས་བྱས་ཏེ་བོད་རྒྱལ་ཁབ་བཙན་འཛུལ་བྱས་པ་དང་། ད་ལྟའི་གནས་སྟངས་འདི་འདྲ་ཞིག་བྱུང་བ་རེད། ཅེས་དང་། བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱ་ནག་གཞུང་གིས་ལྐོག་ཇུས་དང་ངན་ཇུས་སྣ་ཚོགས་ཀྱི་ཐོག་ནས་འཛམ་གླིང་ཡོངས་ལ་མགོ་སྐོར་དང་གནོན་ཤུགས་ཇི་ཐུབ་སྤྲོད་ཀྱི་ཡོད་སྐོར་དང་། ད་ལོའི་ནད་ཡམས་འདིའི་ཐོག་ནས་ཚེ་སྲོག་ཤོར་བའི་མི་རྣམས་དང་ལྷག་པར་དུ་བོད་ཀྱི་རང་ལུས་མེར་སྲོག་གཏོང་མཁན་རྣམ་གྱི་དབུས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ་དྲན་པའི་ཐོག་སོ་སོ་རང་སོར་མ་བསྡད་པར་ལས་འགུལ་སྤེལ་བ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་ཁོང་གི་དགོས་འདུན་དོན་ཚན་གསུམ་ནི་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་རྒྱ་ནག་དམར་ཤོག་གཞུང་ནས་རྒྱ་ནད་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་བར་འགན་འཁུར་དང་ལེན་བྱེད་དགོས་པ། དེ་བཞིན་རྒྱ་ནག་གི་ཅ་དངོས་རྣམས་ཉོ་ཚོང་མཚམས་འཇོག་བྱེད་དགོས་པ་བཅས་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༡ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༢ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese