མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ཅིག་གིས་ཁྱིམ་སྡོད་བཀའ་རྒྱ་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྣམ་པ་གསར་བའི་ཏོག་དབྱིབས་ནད་འབུ་འགོས་ཁྱབ་ཀྱི་དཀའ་ངལ་འོག་དབྱིན་ཡུལ་གྱི་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ་མི་མང་ཡོངས་ཁྱིམ་སྡོད་བྱ་དགོས་འཁེལ་གྱི་ཡོད་པ་རེད། བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ནས་དབྱིན་ཡུལ་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཤུགས་ཆེན་བྱུང་བའི་དཀའ་ངལ་འོག རྒྱལ་ཁོངས་ཀྱི་མཐོ་སློབ་དང་སློབ་གྲྭ་ཁག་ཡོངས་སྒོ་རྒྱག་གི་ཡོད་པ་དང་སང་ཉིན་ནས་མི་མང་ཡོངས་ཕྱི་ཟླ་ ༢ པའི་ཟླ་དཀྱིལ་བར་དུ་ཁྱིམ་སྡོད་བྱེད་དགོས་པའི་བཀའ་རྒྱ་བཏང་འདུག་ལ། འཆར་ཅན་ལོ་རེའི་དབྱར་ཁར་ཡིག་རྒྱུགས་གཏོང་སྲོལ་ཡོད་པའི་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་ལོ་མཇུག་ཏུ་གཏང་འཆར་བྱས་ཡོད་པ་རེད།

ཐེངས་འདིའི་ཁྱིམ་སྡོད་བཀའ་རྒྱ་གཏོང་དགོས་དོན་གཙོ་བོ་ནི། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ནས་དབྱིན་ཡུལ་ནང་རྣམ་པ་མི་འདྲ་བའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་འབུ་ཞིག་ངོས་འཛིན་བྱུང་སྟེ། ད་བར་དབྱིན་ཡུལ་ནང་གི་ཉིན་རེའི་ཏོག་དབྱིབས་ནད་པའི་གྲངས་འབོར་ལྡབ་གཅིག་ཙམ་ཡར་འཕར་ཞིང་ནད་པའི་བརྒྱ་ཆ་ ༦༠ ནི་རྣམ་པ་གསར་པའི་ཏོག་དབྱིབས་འབུ་ཕྲ་དེ་ཡིན་འདུག

དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སེ་ཇོན་སོན་ (Boris Johnson) ལགས་ཀྱིས། དབྱིན་ཡུལ་མི་མང་གིས་ཁྱིམ་སྡོད་བཀའ་རྒྱ་དེ་ལག་བསྟར་བྱ་དགོས་པ་དང་། སྤྱི་དམངས་ཁྲོད་ཀྱི་གལ་གནད་ཆེ་བའི་ཚོགས་སྡེ་བཞི་ལ་ཟླ་རྗེས་མའི་ཟླ་དཀྱིལ་ཙམ་ལ་ཏོག་དབྱིབས་སྨན་ཁབ་ཐོག་མར་རྒྱག་ཐུབ་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཚོགས་སྡེ་ཁག་བཞི་ནི། ལྟ་སྐྱོང་འོག་གནས་པའི་མི་མང་དང་། ལོ་ ༧༠ ཡན་གྱི་རྒན་གོག དེ་བཞིན་སྤྱི་ཚོགས་ཞབས་ཞུའི་རིགས་དང་སྨན་པ་སྨན་ཞབས་བཅས་ཡིན་པ་རེད།

དེ་མཚུངས་བཞིན། དེ་རིང་སི་ཁོ་ཊི་ལན་ཌི་གཞུང་གིས། ཏོག་དབྱིབས་ནད་འབུ་གསར་བ་ཁྱབ་བརྡལ་གྱི་གནས་སྟངས་འོག་རྒྱལ་ཡོངས་ཁྱིམ་སྡོད་བཀའ་རྒྱ་བཏང་ཞིང་།  སི་ཁོ་ཊི་ལན་ཌིའི་སྲིད་བློན་ནེ་ཁའོ་ལ་ (Nicola Sturgeon) ལགས་ཀྱིས། དེ་རིང་མཚན་དཀྱིལ་ནས་རྣམ་པ་གསར་བའི་ཏོག་ནད་འགོས་ཁྱབ་ཚོད་འཛིན་སླད་ཁྱིམ་སྡོད་བཀའ་རྒྱ་བཏང་བ་ཡིན། མི་མང་གིས་རང་ཁྱིམ་དུ་བསྡད་ནས་ལས་ཀ་བྱ་དགོས་ཡོད། ཅེས་བརྗོད་ཡོད་པ་རེད།བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། དབྱིན་ཡུལ་ཁོངས་གཏོགས་ཀྱི་རྒྱལ་ཁབ་ཝ་ལི་སིའི་ (Wales) ནང་སློབ་གྲྭ་ཁག་ཕྱི་ཟླ་ ༡ ཚེས་ ༡༨ བར་སྒོ་རྒྱག་གི་ཡོད་པ་དང་། སློབ་ཕྲུག་ཚོས་དྲ་ལམ་ནས་སྦྱོང་བ་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་པ་དང་། དེ་བཞིན་ཨ་རི་ལན་ཌའི་ (Northern Ireland)ནང་གི་དྲ་ཐོག་སློབ་ཁྲིད་མུ་མཐུད་གནང་རྒྱུ་དང་། མི་མང་ཁྱིམ་སྡོད་བྱེད་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད་ལ།  ཁ་སང་གཅིག་པུར་ཨ་རི་ལན་ཌའི་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་མི་གྲངས་ ༡༨༠༡ དང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༡༢ བྱུང་ཡོད་པ་དང་། སྲིད་བློན་ཨར་ལི་ནེ་ (Arlene Foster) ལགས་ཀྱིས། ཁྱིམ་སྡོད་བཀའ་རྒྱ་མི་གཏོང་ཐབས་མེད་བྱུང་སོང་། ཞེས་བརྗོད་ཡོད་པ་རེད།

ད་བར་དུ་དབྱིན་ཡུལ་དུ་ཏོག་དབྱིབས་ནད་རྟགས་ཐོན་པའི་མི་གྲངས་ས་ཡ་ ༢།༣༤ དང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་སྟོང་ཕྲག་ ༦༥༨༤༢ རེད་འདུག  སི་ཀོ་ལན་ཌི་ལ་ཏོག་དབྱིབས་ནད་རྟགས་ཐོན་པའི་མི་གྲངས་སྟོང་ཕྲག་ ༡༣༦ དང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༤༥༧༨ བྱུང་ཡོད་འདུག་ལ། འཛམ་གླིང་ཡོངས་ནང་ཏོག་དབྱིབས་ནད་རྟགས་ཐོན་པའི་མི་གྲངས་ས་ཡ་ ༨༥།༧ དང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ས་ཡ་ ༡།༨༥། དེ་བཞིན་དྲག་སྐྱེད་བྱུང་བའི་མི་གྲངས་ས་ཡ་ ༤༨།༢ བྱུང་ཡོད་པ་རེད།

བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༢ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༤ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese