མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ནང་བསྐྱོད་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་འཕྲོད་བསྟེན་ལྷན་ཁང་དང་མཉམ་འབྲེལ་གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཞིབ་འཇུག་ཚོགས་ཆུང་གིས་གྲོང་ཁྱེར་ཝུ་ཧན་ནང་ཏོག་དབྱིབས་ཀྱི་འབྱུང་ཁུངས་རྩད་ཞིབ་བྱ་རྒྱུ་ཡིན་པ་རེད།

ཁ་སང་རྒྱ་ནག་གཞུང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ནང་བསྐྱོད་རྒྱུར་ཆོག་མཆན་སྤྲད་ཡོད་པ་དང་། ཐེངས་འདིའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ལས་དོན་དེ་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་དང་མཉམ་འབྲེལ་ཐོག་ནས་བྱ་གཏན་འཁེལ་ཡོད་པ་མ་ཟད། རྒྱ་ནག་དང་འཕྲོད་བསྟེན་སྒྲིག་འཛུགས་བར་གྲོས་བསྡུར་རིམ་པ་བྱས་ཏེ། ཞིབ་འཇུག་ཚོགས་ཆུང་དེ་ཏོག་དབྱིབས་གཉན་རིམས་ཐོག་མར་བྱུང་སའི་གྲོང་ཁྱེར་ཝུ་ཧན་ནང་འགྲོ་བཅུག་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེ་འབྲེལ་ཐད་རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གིས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་ཞིག་རྒྱ་ནག་ནང་ཡོང་སྟེ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་ཞིབ་བྱ་རྒྱུ་རེད། ཅེས་བརྗོད་ཡོད་པ་དང་། རྒྱ་ནག་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡེ་ཤིན་ (Zeng Yixin) གྱིས། རྒྱ་ནག་གཞུང་དང་འཕྲོད་བསྟེན་སྒྲིག་འཛུགས་བར་བརྙན་ལམ་ཚོགས་འདུ་ཐེངས་ ༤ རིང་འཚོགས་ཏེ། ད་རེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ནང་བསྐྱོད་གཏན་འཁེལ་བ་དང་། དམིགས་བསལ་གྲོང་ཁྱེར་ཝོ་ཧན་ནང་ཏོག་དབྱིབས་ཀྱི་འབྱུང་ཁུངས་བརྩད་ཞིབ་བྱ་བར་ཕྱོགས་གཉིས་ནས་གྲོས་མཐུན་བཞག་ཡོད་སྐོར་བརྗོད་འདུག

རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱི་གནས་ཚུལ་ནང་། ཐེངས་འདིའི་ཞིབ་འཇུག་ཚོགས་ཆུང་དེར་ནད་ཡམས་དང་འབྲེལ་བའི་ཆེད་མཁས་ཞིབ་འཇུག་པ་སོགས་ཁྱོན་མི་གྲངས་ ༡༠ ཡོད་པ་དང་། ཉེ་སྔོན་ཕྱི་ཚེས་ ༦ ཉིན་རྒྱ་ནག་གིས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ཚོགས་ཆུང་བཀག་འགོག་བྱས་ཏེ། ད་བར་ཕྱོགས་གཉིས་ནས་གྲོས་བསྡུར་གྱིས། འཆར་གཞི་ལྡན་པའི་ཐོག་ནས་ཐེངས་འདིའི་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་ཞིབ་ཀྱི་ལས་དོན་ཕན་ཚུན་མཉམ་འབྲེལ་གྱིས་བྱ་གཏན་འཁེལ་ཡོད་སྟབས། མཇུག་འབྲས་ཁ་གསལ་ཞིག་ཡོང་རྒྱུ་ཁག་པོ་ཡིན་པ་དང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་དྷི་རོ་སི་ཨ་དྷི་ནོམ་ (Tedros Adhanom) ནི་རྒྱ་ནག་ལ་འབྲེལ་འདྲིས་ཆེ་བའི་མི་ཞིག་ཡིན་སྐོར་སོགས་བརྗོད་འདུག

ཉེ་སྔོན་ཕྱི་ཚེས་ ༦ ཉིན་རྒྱ་ནག་གཞུང་གིས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་ཆུང་རྒྱ་ནག་ནང་བསྐྱོད་རྒྱུར་ཆོག་མཆན་སྤྲད་མེད་སྟབས། སྐབས་དེར་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་དྷི་རོ་སི་ཨ་དྷི་ནོམ་ (Tedros Adhanom) གྱིས། རྒྱ་ནག་གཞུང་གི་བྱེད་ཕྱོགས་དེར་བློ་ཕམ་ཆེན་པོ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་ (Hua Chunying) གྱིས། རྒྱ་ནག་ནི་དུས་རྟག་ཏུ་གུ་ཡངས་དང་ཕྱི་གསལ་ནང་གསལ། ཚན་རིག་དང་མཐུན་པའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ལ་འགན་ལེན་བྱེད་མཁན་ཞིག་ཡིན་པས། སྐབས་དེར་ཕྱོགས་གཉིས་བར་གོ་ནོར་ཐེབས་ཡོད་པའི་ལན་འདེབས་བྱས་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༤ ནང་རྒྱལ་ཚོགས་ཀྱི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཁོངས་གཏོགས་འཛམ་གླིང་རྒྱལ་ཁབ་ ༡༩༤ ནས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་ཞིབ་སླད། རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པའི་དགོས་འདུན་བཏོན་པ་ལྟར། འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འགན་འཁུར་བའི་ཐོག་ཏོག་ནད་ཀྱི་འབྱུང་ཁུངས་དང་མིའི་རིགས་ལ་འགོས་ཁྱབ་ཇི་ལྟར་བྱུང་བ། དེ་བཞིན། འཕྲོད་བསྟེན་སྒྲིག་འཛུགས་ནས་ཏོག་ནད་ཐད་འགན་འཁུར་དང་ལག་བསྟར་གང་བྱས་སོགས་ལ་རྩད་ཞིབ་བྱེད་པའི་གཏན་འབེབས་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༢ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese