མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྨན་རྩིས་ཁང་གིས་ཕྱི་མིར་སྨན་རྩིས་བཀའ་བཅུ་པའི་སློབ་གཉེར་གྱི་གོ་སྐབས་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། སྨན་རྩིས་ཁང་གི་ངོས་ནས་ཕྱི་མི་རྣམས་ལ་དུས་ཡུན་ལོ་ ༦ རིང་སྨན་རྩིས་བཀའ་བཅུ་པའི་སློབ་གཉེར་གནང་བའི་ལས་གཞི་ཞིག་མགོ་འཛུགས་ཀྱི་མཛད་སྒོ་སྟབས་བདེ་ཞིག་བསྡུས་སོང་།མཛད་སྒོའི་སྟེང་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས། སྤྱིར་སྨན་རྩིས་ཁང་ངོས་ནས་གཙོ་བོ་བོད་ཕྲུག་རྣམས་ལ་གསོ་བ་རིག་པ་སློབ་གཉེར་གི་མཐུན་རྐྱེན་སྦྱོར་གྱི་ཡོད་ཀྱང་། དེ་དང་ལྷན་དུ་ལོ་རེར་རྒྱ་གར་གྱི་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་སློབ་ཕྲུག་གཉིས་ལ་ཟུར་དུ་དམིགས་བསལ་རྐུབ་བཀྱག་གཉིས་བཞག་ཡོད་པས། ད་བར་དེའི་ཁུལ་ནས་ཡིན་པའི་སློབ་ཕྲུག་ ༢༢ སྨན་རྩིས་ཁང་ནས་མཐར་ཕྱིན་ཡོད་སྐོར་དང་། ད་ཐེངས་ཀྱི་ཕྱི་མི་ལ་གསོ་བ་རིག་པ་སློབ་འཁྲིད་བྱ་རྒྱུའི་ལས་གཞི་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༡༩༦༡ ལོར། ད་ལྟ་སྨན་རྩིས་ཁང་ལ་མི་ཆ་དང་དཔལ་འབྱོར་གྱི་ཐོག་ནས་ཉག་ཕྲ་བར་གྱུར་ཡོད་ཀྱང་། ལོ་ངོ་ ༤༠ ལྷག་གི་རྗེས་ནས་བོད་ཀྱི་གསོ་བ་རིག་པ་དེ་ཉིད་གོང་འཕེལ་དུ་འགྲོ་ངེས་ཡིན་སྐོར་གྱི་བཀའ་སློབ་དེ་ཉིད་མངོན་སུམ་དུ་གྱུར་བའི་བདེན་དཔང་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ཡང་ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། བཞུགས་སྒར་དྷ་སའི་སྨན་རྩིས་མཐོ་སློབ་ཀྱི་སློབ་མ་རྣམས་རྒྱ་གར་ལྷོ་ཕྱོགས་བྷེང་ལོང་དུ་གསར་འཛུགས་བྱས་པའི་སྨན་རྩིས་མཐོ་སློབ་ཏུ་སྤོས་ཟིན་པ་ལྟར། དྷ་སའི་མཐོ་སློབ་ཏུ་གསོ་བ་རིག་པར་དོན་གཉེར་ཡོད་པའི་ཕྱི་མི་རྣམས་ལ་བཀའ་བཅུ་པའི་ལག་འཁྱེར་ཐོག་སྨན་རྩིས་སློབ་འཁྲིད་བྱ་རྒྱུ་ཡིན་པ་དང་། ལས་གཞི་འདིར་རྒྱ་གར་དང་། ཨུ་རུ་སུ། སོག་པོ། ཁལ་མིག ཐུ་ཝ། ཨ་རི། ཀེར་གྷི་སི་ཐན། ཡུ་ཁེ་རེན་བཅས་ནས་སློབ་ཕྲུག་གྲངས་ ༣༢ གྱིས་འཚང་སྙན་ཕུལ་ཡོད་ཀྱང་། མཐར་སློབ་ཕྲུག་ ༢༧ སློབ་ཞུགས་བྱས་ཐུབ་ཡོད་ཅིང་། སློབ་ཕྲུག་དེ་དག་ཁྲོད་ཕལ་ཆེ་བས་སཱ་ར་མཐོ་སློབ་སོགས་ནས་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་བྱས་མྱོང་འདུག་ཀྱང་། སྐོར་ཞིག་ལ་བོད་ཡིག་གི་རྨང་གཞི་ཙམ་ཡང་མེད་ཅིང་། བཀའ་བཅུ་པའི་བསླབ་གཞི་རྣམས་བོད་ཡིག་ཐོག་འཁྲིད་རྒྱུ་ཡིན་སྟབས། སློབ་མ་རྣམས་ནས་ཟླ་བ་ ༦ རིང་བོད་སྐད་ཡིག་གི་འཛིན་གྲྭ་ལེན་དགོས་ཀྱི་ཡོད་འདུག་ལ། ལོ་རེར་སློབ་རིན་ཧིན་སྒོར་ ༣༣༠༠༠ རེད་འདུག ཐེངས་འདིའི་བཀའ་བཅུ་པའི་སློབ་གཉེར་ནང་ཞུགས་པའི་ཨ་རི་ནས་ཡིན་པའི་སློབ་མ་ཞིག་གིས། རང་ཉིད་ལྟ་བུར་མཚོན་ན། ནང་ཆོས་དང་བོད་སྨན་ལ་སློབ་གཉེར་བྱ་རྒྱུའི་འདུན་པ་ཡོད་པའི་རྒྱུ་མཚན་གྱིས། བོད་ཡིག་ལ་སློབ་གཉེར་བྱས་ཡོད་སྐོར་དང་། རང་ཉིད་ཀྱི་མཐོང་ཚུལ་ལ་ནུབ་གླིང་གི་སྨན་བཅོས་རིག་པ་དེས་རྨ་རས་གཡོག་པ་ལྟར་ནད་ཀྱི་ཕྱིའི་རྣམ་པ་ཙམ་བཅོས་ཀྱི་ཡོད་ནའང་། བོད་ཀྱི་གསོ་བ་རིག་པས་ནད་ཀྱི་རྐྱེན་དང་རྩ་བ་འཇོམས་ཐབས་བྱེད་ཀྱི་ཡོད་པས། ནད་གཞི་དྲག་སྐྱེད་ཡོང་རྒྱུར་དུས་ཡུན་རིང་པོ་འགོར་གྱི་ཡོད་ནའང་ཕུགས་རྒྱང་རིང་པོར་ཕན་ཐོགས་ཆེ་བ་ཡོད་སྐོར་འགྲེལ་བརྗོད་གནང་སོང་། ཡང་ཨུ་རུ་སུ་ནས་ཡིན་པའི་སློབ་མ་ཞིག་གིས་རང་ཉིད་ཀྱི་བོད་རིགས་དགེ་རྒན་གྱིས་སྐུལ་སློང་འོག་བོད་ཀྱི་གསོ་བ་རིག་པར་སློབ་གཉེར་བྱ་རྒྱུའི་འདུན་པ་སླེབས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༤ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༥ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese