མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་ཞེ་དྲུག་པ་ཇོ་བྷའེ་ཌིན་མཆོག་གིས་སྲིད་འཛིན་དམ་བཅའ་ཕུལ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཞེ་དྲུག་པ་ཇོ་བྷའེ་ཌིན་མཆོག་གིས་སྲིད་འཛིན་དམ་བཅའ་ཕུལ་བ་དང་བསྟུན་ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་པེ་རི་སི་གནམ་གཤིས་སྤྱི་ཆིངས་ནང་བསྐྱར་དུ་ཞུགས་རྒྱུའི་བཀའ་ཁྱབ་དང་ཆོད་ཡིག་གསར་པ་ ༡༧ ལ་མཚན་རྟགས་བསྐྱོན་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་གྲོས་ཚོགས་ཁང་གི་མདུན་དུ། ཨ་རིའི་འདེམས་ཐོན་སྲིད་འཛིན་སྐུ་ཞབས་ཇོ་བྷའེ་ཌིན་མཆོག་གིས་ཨ་རིའི་སྲིད་འཛིན་ ༤༦ པའི་དམ་འབུལ་མཛད་སྒོ་ཚོགས་ཡོད་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་། སྐུ་ཞབས་ཇོ་བྷའེ་ཌིན་ལགས་ཀྱིས་འདས་པའི་དུས་ཡུན་རིང་པོ་ནས་བོད་མིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། ཐུགས་ཐག་ཆོད་པོའི་ཐོག་ནས་བྷའེ་ཌིན་མཆོག་ནས་འཛམ་གླིང་འདི་སྔར་བས་ཞི་བདེ་བག་ཕེབས་ཡོང་རྒྱུར་གཞོགས་འདེགས་གནང་སྟེ་མནར་བཞིན་པའི་སྐྱེ་འགྲོ་རྣམས་ལ་སྐྱབས་དང་མགོན་འཐོབ་སྲིད་པའི་ཡིད་ཆེས་མཛད་བཞིན་ཡོད་སྐོར་གསུངས་འདུག

དེ་ཡང་གསུང་འཕྲིན་ནང་༧གོང་ས་མཆོག་གིས། ངོས་རང་ང་ཚོའི་གོ་ལ་འདིའི་སྣོད་བཅུད་ལ་འཕྲད་བཞིན་པའི་དཀའ་རྙོག་དག་ལ་བློ་འཚབ་ཆེན་པོ་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དེ་གལ་ཆེའི་གནད་དོན་ཞིག་ཏུ་བརྩིས་པ་མ་ཟད། ཨ་རི་པེ་རི་སིའི་གནམ་གཤིས་སྤྱི་ཆིངས་ནང་བསྐྱར་དུ་ཞུགས་གཏན་ཁེལ་བ་དེར་ངོས་རང་ཧ་ཅང་དགའ་པོ་བྱུང་། གོ་ལའི་ཚ་དྲོད་འཕེལ་བཞིན་པ་དེ་ནི་འཛམ་གླིང་ཡོངས་དང་། ང་ཚོ་མིའི་རིགས་ཀྱི་འཚོ་གནས་ལ་འཕྲད་བཞིན་པའི་ཉེན་ཁ་ཞིག་རེད། ཅེས་དང་། དེ་བཞིན་ཨ་རི་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་པར་ཁྱེད་ཀྱིས་ཐབས་ཇུས་གཞན་ཁག་ལག་བསྟར་བྱ་འཆར་ཡོད་པར་བསྔགས་བརྗོད་ཞུ་ཡི་ཡོད། ངོས་ནི་སྔར་ནས་ཁྱེད་ཀྱི་རྒྱལ་ཁབ་ཆེན་མོ་དེར་ཡི་རང་བྱེད་མཁན་ཞིག་ཡིན། ཨ་རི་ནི་རང་དབང་དང་། དམངས་གཙོ། ཆོས་དད་རང་དབང་། ཁྲིམས་ཀྱི་དབང་བསྒྱུར་བཅས་ཀྱི་སྲུང་མ་ལྟ་བུ་ཞིག་ཡིན། འཛམ་གླིང་ཡོངས་ཀྱིས་ཨ་རིའི་དམངས་གཙོའི་ཕུགས་བསམ་དང་མགོ་འཁྲིད་ཀྱི་ནུས་པར་རེ་བ་བཅོལ་ནས་ཡོད། ཉག་ཕྲ་བའི་དུས་སྐབས་འདིར། ངོས་རང་གིས་སེམས་ཐག་ཆོད་པོའི་ངང་ནས་བཤད་ཐུབ་པ་ནི། ཁྱེད་ཀྱིས་འཛམ་གླིང་འདི་སྔར་བས་ཞི་བདེ་བག་ཕེབས་ཡོང་རྒྱུར་གཞོགས་འདེགས་གནང་སྟེ། ལྟོགས་སྐོམ་དང་། ནད་རིགས། འཚེ་སྤྱོད་བཅས་ཀྱིས་མནར་བཞིན་པའི་སྐྱེ་འགྲོ་རྣམས་ལ་སྐྱབས་དང་མགོན་འཐོབ་སྲིད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུགགཞན་ཡང་གསུང་འཕྲིན་ནང་། ངོས་ཀྱིས་བསྐྱར་དུ་གོ་སྐབས་འདི་བརྒྱུད་ཁྱེད་ཀྱིས་འདས་པའི་དུས་ཡུན་རིང་པོ་ནས་བཟུང་བོད་མིར་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨ་རིའི་མགོ་འཁྲིད་དང་མི་མང་ལྷན་དུ་གྲོགས་འདྲིས་བྱུང་བ་མ་ཟད། ཁྱེད་རྣམ་པས་ང་ཚོར་སྲོལ་རྒྱུན་ནང་བསྟན་རིག་གཞུང་སྲུང་སྐྱོབ་དང་ཉར་ཚགས་བྱ་རྒྱུའི་སྐུལ་བ་གནང་བ་དེ་ནི་སྐལ་བ་བཟང་པོ་ཞིག་ཏུ་སྒོམ་གྱིན་ཡོད། ཅེས་དང་། མཇུག་ཏུ་སྲིད་འཛིན་ལ་འགལ་རྐྱེན་བར་ཆད་མི་ཡོང་བའི་ཐུགས་སྨོན་བཅས་མཛད་འདུག

ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་དམ་འབུལ་མཛད་སྒོའི་ཐོག་ཨ་རིའི་སྲིད་འཛིན་གསར་པ་ཇོ་བྷའེ་ཌིན་མཆོག་གི་ཆེས་ཐོག་མའི་སྲིད་འཛིན་གྱི་གཏམ་བཤད་ནང་། དེ་རིང་ནི་དམངས་གཙོའི་ཉིན་མོ་ཞིག་ཡིན། དེ་རིང་ང་ཚོས་འོས་མི་ཞིག་གི་རྒྱལ་ཁ་སྲུང་གཙི་བྱེད་ཀྱི་མེད། དེ་རིང་ང་ཚོས་དམངས་གཙོའི་གནད་དོན་ཞིག་སྲུང་གཙི་བྱེད་ཀྱི་ཡོད། ཅེས་དང་། ད་ཐེངས་ང་ཚོས་བསྐྱར་དུ་དམངས་གཙོ་ཟེར་བ་དེ་གལ་ཆེན་ཡིན་པ་གང་ཞིག་ལ་གས་ཆག་སླ་བ་ཞིག་ཡིན་པའང་ཤེས་ཡོད། འོན་ཀྱང་ད་ལྟའི་དུས་ཚོད་འདིར་དམངས་གཙོ་རྣམ་པར་རྒྱལ་ཟིན། ཞེས་དང་། ཡང་ཁོང་གིས། ཆབ་སྲིད་ཀྱི་ཐལ་ཆ་དང་། མི་རིགས་དཀར་པོ་མཆོག་འཛིན་གྱི་རིང་ལུགས། རྒྱལ་ནང་གི་དྲག་སྤྱོད་ལས་འགུལ་རྣམས་ལས་རྣམ་པར་རྒྱལ་བ་དང་། ཨ་རིའི་གསོན་ཤུགས་སྔར་བས་རྒྱས་པ། ཨ་རིའི་མ་འོངས་པ་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་ང་ཚོར་ཚིག་སྐམ་པོ་ཞིག་གིས་མི་ཕན་པར། དམངས་གཙོའི་ལམ་ལུགས་ནང་ཆེས་རྙེད་པར་དཀའ་བའི་ཆིག་སྒྲིག་ཟེར་བ་དེ་ཡིན་སྐོར་དང་། ཨ་རིའི་སྡེ་གཟར་དང་། དཔལ་འབྱོར་ཉམས་རྒུད་ཆེན་མོ། འཛམ་གླིང་དམག་ཆེན། དགུ་པའི་བཅུ་གཅིག་བཅས་ཀྱི་དུས་སྐབས་སུ་ཆིག་སྒྲིལ་བྱས་ཡོད་པ་ལྟར། ད་ཐེངས་ཀྱང་ཆིག་སྒྲིལ་བྱ་རྒྱུ་དུས་ལ་བབས་ཡོད་པ་དང་། ཨ་རིས་ནམ་ཡང་ཆིག་སྒྲིལ་སྐབས་ཕམ་ཁ་མྱངས་མེད་པ་སོགས་ཆིག་སྒྲིལ་རྐང་དུ་བཟུང་སྟེ་སྲིད་འཛིན་གྱི་ལས་ཡུན་མགོ་བརྩམས་ཡོད་འདུག

ད་ཐེངས་སྔར་དང་མི་འདྲ་བར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་མང་ཚོགས་ཀྱི་འདུ་འཛོམས་ཆེན་པོ་མེད་པར་ཚད་མཐོའི་བདེ་འཇུགས་སྲུང་སྐྱོབ་ཀྱི་འོག་ནས་སྲིད་འཛིན་དམ་འབུལ་མཛད་སྒོ་གྲུབ་ཡོད་ཅིང་། མཛད་སྒོའི་ཐོག་སྲིད་འཛིན་ཟུར་པ་ཨོ་བྷ་མ་མཆོག་དང། བྷིལ་ཁི་ལིན་ཊོན་ (Bill Clinton)མཆོག ཇོར་ཇི་བྷུ་ཤི་ (George W Bush)མཆོག་གི་དབུས་པའི་ཆེས་མཐོའི་དཔོན་རིགས་མང་པོ་བཅར་ཡོད་འདུག སྲིད་འཛིན་སྦྲེལ་པོའི་དམ་འབུལ་མཛད་སྒོ་གྲུབ་མཚམས། ཇོ་བྷའེ་ཌིན་མཆོག་གིས་ཕོ་བྲང་དཀར་པོའི་ནང་གསར་འགོད་པའི་མདུན་དུ་འཛིན་སྐྱོང་བཀའ་ཁྱབ་དང་ཆོད་ཡིག་གསར་པ་ ༡༧ ལ་མཚན་རྟགས་བསྐྱོན་ཏེ། སྲིད་འཛིན་གོང་མ་ཊོམ་ཕུ་མཆོག་གི་བཀའ་རྒྱ་མི་ཉུང་བ་ཞིག་ནུས་མེད་དུ་བཏང་ཡོད་འདུག དེ་ཡང་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་ཨ་རིའི་གཉན་རིམས་འབྲེལ་མཐུད་ལས་ཁུངས་གསར་འཛུགས་དང་། གཞུང་གི་ལས་ཁུངས་ཁག་ནང་སྤྱི་ཚོགས་རྒྱང་བཀྱེད་དང་ཁ་རས་ངེས་པར་དུ་གྱོན་དགོས་པ། གཞན་ཡང་ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་བསྐྱར་དུ་ཞུགས་རྒྱུའི་བརྒྱུད་རིམ་མགོ་འཛུགས་དགོས་པའི་བཀའ་ཁྱབ་དང་། ཨ་རི་ཕྱི་ལོ་ ༢༠༡༥ ལོའི་པེ་རི་སི་གནམ་གཤིས་སྤྱི་ཆིངས་ནང་བསྐྱར་ཞུ་ཞུགས་རྒྱུའི་བཀའ་ཁྱབ། དེ་བཞིན་གཞིས་སྤོས་དང་འབྲེལ་ནས་ཊོམ་འཛིན་སྐྱོང་གིས་ཁ་ཆེ་རྒྱལ་ཁབ་ཀྱི་མི་སེར་རྣམས་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་གྱི་བཀའ་རྒྱ་དེ་རྩིས་མེད་བཏང་ཡོད་འདུག་པ་མ་ཟད། ཊོམ་ཕུ་འཛིན་སྐྱོང་གིས་ཨ་རི་དང་མེག་སི་ཁོའི་བར་ལ་རྩིག་གྱང་འཛུགས་རྒྱུའི་ལས་གཞི་མཚམས་འཇོག་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག གཞན་ཡང་མི་རིགས་དབྱེ་འབྱེད་དང་དཔལ་འབྱོར་སོགས་ཀྱི་གནད་དོན་ཚུད་པའི་བཀའ་རྒྱ་དང་ཆོད་ཡིག་ལ་མཚན་རྟགས་བསྐྱོན་ཡོད་འདུག

སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་གིས་དེ་སྔ་ནས་བྷའེ་ཌིན་མཆོག་གི་དམ་འབུལ་མཛད་སྒོར་བཅར་རྒྱུ་མིན་སྐོར་བརྗོད་པ་ལྟར། ཁ་སང་ཞོགས་པར་ཁོང་ཕོ་བྲང་དཀར་པོ་ནས་གཏན་དུ་ཐོན་ཏེ་མཛད་སྒོར་ཞུགས་མེད་ལ། སྲིད་འཛིན་གྱི་མཇུག་མཐའི་གཏམ་བཤད་ནང་ཊོམ་ཕུ་མཆོག་གིས། ཁོང་གི་སྲིད་འཛིན་ལས་ཡུན་རིང་གྲུབ་པའི་ལས་དོན་རྣམས་བགྲངས་བ་དང་འབྲེལ། ང་ལ་ཁྱེད་ཚོའི་སྲིད་འཛིན་བྱ་རྒྱུའི་གོ་སྐབས་ཐོབ་པ་དེར་དགའ་སྤོབས་སྐྱེ་བཞིན་ཡོད། ངས་ནམ་ཡང་ཁྱེད་ཚོའི་ཆེད་དུ་འཐབ་རྩོད་བྱ་རྒྱུ་ཡིན། ངས་འབྱུང་འགྱུར་གྱི་གནས་སྟངས་ལ་ལྟ་ཉན་བྱ་རྒྱུ་ཡིན། ཞེས་དང་། ངས་འཛིན་སྐྱོང་གསར་པར་བཀྲ་ཤིས་པ་དང་ལས་དོན་ལེགས་གྲུབ་ཡོང་རྒྱུའི་རེ་སྨོན་བྱེད་ཀྱི་ཡོད། ཅེས་གསུངས་ཡོད་འདུག འོན་ཀྱང་ད་བར་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་གིས་གཞུང་འབྲེལ་ཐོག་ནས་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ངོས་ལེན་བྱས་མེད་པ་མ་ཟད། ཕྱི་ལོ་ ༡༨༦༩ ནས་བཟུང་ཨ་རིའི་སྲིད་འཛིན་ཞིག་མཇུག་སྐྱོང་སྲིད་འཛིན་གྱི་དམ་འབུམ་མཛད་སྒོར་མ་བཅར་པ་ཐེངས་དང་པོ་དེ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 1

  1. འདམ་སྐྱེས། says:
    ལོ་ 5 སྔོན།

    དུས་བབ་ཚོང་ནས་གནད་དོན་འདི་འབྲེལ་གནས་ཚུལ་སྙིང་བསྡུས་དཔེ་ཡག་པོ་བཀོད་གནང་འདུག་པས་འབྲེལ་ལས་ཡོངས་ལ་བཀྲིས་བདེ་ལེགས་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese