མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༤༠༠༠ ལྷག་ལ་བསམ་ཤོག་བསྡུས་པར་བརྒྱ་ཆ་ ༧༤ ཡིས་ཕྱི་རྒྱལ་ཁག་གི་སྤྱི་འཐུས་མང་དུ་གཏོང་དགོས་པའི་བསམ་ཚུལ་བཏོན།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱིས་བསྡུས་པའི་སྙན་ཐོའི་ནང་བཙན་བྱོལ་བོད་མིའི་ཕྱེད་ཀ་ཙམ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་ཀྱི་ཡོད་པས་ཕྱི་རྒྱལ་ཁག་གི་བོད་མི་མང་སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཆ་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་བཏོན་འདུག

དེ་རིང་ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱིས་འདས་པའི་ལོ་ ༡ དང་ཕྱེད་ཀ་ལྷག་གི་རིང་། འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༣༢ ནང་གནས་སྡོད་བོད་མི་ ༤༠༠༠ ལྷག་ལ་བསམ་ཤོག་བསྡུས་ཏེ་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༥༠ ཙམ་ཟིན་གྱི་ཡོད་པའི་ཚོད་དཔག་བྱས་ཡོད་ཀྱང་། ད་ལྟའི་བོད་མི་མང་སྤྱི་ཚོགས་ལྷན་ཚོགས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ས་མིག་ ༥ དེས་རྩ་འབོར་གྱི་བརྒྱ་ཆ་ ༡༡ མ་གཏོགས་ཟིན་གྱི་མེད་པས། བསམ་ཤོག་ནང་ཞུགས་མཁན་བོད་མི་བརྒྱ་ཆ་ ༧༤ ཡིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ས་མིག་མང་དུ་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག

ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱི་ཞིབ་འཇུག་རུ་ཁག་གི་ཚོགས་གཙོ་ལྷ་རོང་ལགས་ཀྱིས། ད་ཐེངས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་འཁོད་པའི་གནས་དོན་རྣམས་མི་མང་རང་གི་བསམ་ཚུལ་ཡིན་པ་ལས། ལྔ་དང་ལྔ་བཅུ་གླེང་སྟེགས་ཀྱིས་གསར་བཟོ་བྱས་པ་ཞིག་མིན་པ་དང་། ལྷག་པར་དུ་བོད་མིའི་གྲོས་ཚོགས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ས་མིག་སྤར་ཆའི་སྐོར་དེ་གླེང་གཞི་གསར་པ་ཞིག་མིན་སྐོར་དང་། ཞིབ་འཇུག་གི་བརྒྱུད་རིམ་ཐོག་མཐའ་བར་གསུམ་དུ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ། མི་སྒེར་བཅས་ཀྱིས་གནོན་ཤུགས་དང་ཤུགས་རྐྱེན་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་སོང་།

དེ་ཡང་ཞིབ་འཇུག་སྙན་ཐོ་ལྟར་ན། ཞིབ་འཇུག་ནང་མཉམ་ཞུགས་བྱེད་མཁན་བོད་མི་རྣམས་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་མིའི་མི་འབོར་ཕོན་ཆེ་ཡོད་པ་དེ་དག་མཚོན་ཆེད་དུ། དེ་ཁུལ་གྱི་སྤྱི་འཐུས་ས་མིག་གི་གྲུབ་ཆ་མང་དུ་གཏོང་དགོས་མིན་དྲིས་པར། རྒྱལ་བལ་འབྲུག་གསུམ་གྱི་ལན་འདེབས་བྱེད་མཁན་བོད་མི་བརྒྱ་ཆ་ ༧༠ དང་། ཡུ་རོབ་ནས་བརྒྱ་ཆ་ ༧༦། བྱང་ཨ་རི་དང་ཨོ་གླིང་ཁུལ་ནས་བརྒྱ་ཆ་ ༨༡ བཅས་དང་། ལན་འདེབས་བྱེད་མཁན་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༧༤ ཡིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་ཀྱི་ས་མིག་མང་དུ་གཏོང་དགོས་པ་དང་།  དེ་བཞིན་ས་མིག་སྤར་ཆའི་ཐོག་ལའང་། ལན་འདེབས་པ་བརྒྱ་ཆ་ ༥༢ གིས་མི་འབོར་གཞིར་བཞག་ཐོག་ནས་སྤར་དགོས་པ་དང་། ཡང་བརྒྱ་ཆ་ ༢༧ གྱིས་ད་ལྟ་རྒྱ་བལ་འབྲུག་གསུམ་ནང་ལག་བསྟར་བྱེད་བཞིན་པའི་ཆོལ་ཁ་ཆོས་བརྒྱུད་ཀྱི་ལམ་ལུགས་དེ་ཕྱི་རྒྱལ་ཁག་ཏུའང་གཅིག་མཚུངས་སུ་ལག་བསྟར་བྱེད་དགོས་སྐོར་བརྗོད་ཡོད་འདུག་ལ། ལན་འདེབས་པའི་ཁྲོད་ནས་ཀྱང་རྒྱ་བལ་འབྲུག་གསུམ་ཁོངས་ཀྱི་བོད་མི་ཚོས་མི་འབོར་གཞིར་བཞག་ཐོག་ས་མིག་སྤར་ཆ་གནང་རྒྱུར་རྒྱབ་སྐྱོར་ཚད་མཐོན་པོ་བྱས་ཡོད་འདུག

གཞན་ཡང་། མི་འབོར་ལ་གཞིར་བཞག་སྟེ་སྤྱི་འཐུས་ཀྱི་ས་མིག་བསྐྱར་དུ་བགོ་འགྲེམ་དགོས་པའི་སྐོར་ལ་བསམ་ཤོག་ནང་ཆ་ཤས་ལེན་མཁན་ཨ་རིར་གནས་སྡོད་བོད་མི་ཞིག་གིས། སྤྱི་འཐུས་ཀྱི་ས་མིག་གི་གྲུབ་ཆ་དེ་ས་ཁུལ་མི་འབོར་གྲངས་ཚད་ལ་གཞིར་བཞག་དགོས་འདུག གལ་ཏེ་ང་ཚོས་ང་ཚོའི་ལམ་ལུགས་དེ་དམངས་གཙོ་ཡིན་ཟེར་རྒྱུ་ཡིན་ན། ངེས་པར་དུ་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་དགོས་འདུག་ལ། རབ་བྱུང་ཚོར་འོས་གཉིས་བླུག་རྒྱུའི་ཐོབ་ཐང་ཡང་མེད་པ་བཟོ་དགོས་འདུག སྔར་ལྷག་དྲང་བདེན་དང་འདྲ་མཉམ་གཙོ་འཛིན་དང་དམངས་གཙོ་ལྡན་པའི་སྒྲིག་འཛུགས་སུ་མངོན་ཆེད། སྤྱི་འཐུས་ལྷན་ཚོགས་དེ་ཁྱོན་ཡོངས་ནས་འགྱུར་བ་གཏང་དགོས་འདུག ཅེས་བརྗོད་ཡོད་འདུག ཡང་སྐོར་ཞིག་གིས་ད་ལྟའི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ལམ་ལུགས་ལ་མོས་མཐུན་མེད་སྐོར་དང་། གྲོས་ཚོགས་ནང་གཞོན་སྐྱེས་དང་བུད་མེད་མང་ཙམ་དགོས་ཀྱི་ཡོད་པ་མ་ཟད། ཁ་ཆེ་ལྟ་བུའི་གྲངས་ཉུང་ཁག་གི་སྐུ་ཚབ་ཀྱང་དགོས་ཀྱི་ཡོད་སྐོར་གྱི་བསམ་ཚུལ་བཏོན་འདུག

ད་ཐེངས་ཀྱི་ཞིབ་འཇུག་གྲུབ་དོན་གཞིར་བཞག་ནས་ལྔ་དང་ལྔ་བཅུའི་གཞོན་སྐྱེས་གླེང་སྟེགས་ཀྱིས་སྲིད་ཇུས་བསམ་འཆར་གསུམ་བཏོན་པའི་ནང་། འདས་ལོའི་ཕྱི་ཟླ་ ༩ པའི་ནང་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་བཏོན་པའི་རྒྱལ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་གནས་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སྐོར་གྱི་གཞི་རིམ་ཉམས་ཞིབ་ (Baseline Study of Tibetan Diaspora Community outside South Asia) ཅེས་པའི་སྙན་ཐོ་གཞིར་བཟུང་། ཕྱི་ལོ་ ༢༠༢༠ བར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཁྱོན་བོད་མི་ ༦༢༤༧༧ གནས་སྡོད་བྱེད་ཀྱི་ཡོད་པ་དེ། བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༥༠ ཙམ་ཟིན་གྱི་ཡོད་པའི་ཚོད་དཔག་བྱས་ཡོད་ཀྱང་། ད་ལྟའི་ཆར་སྤྱི་འཐུས་ལྷན་ཚོགས་ནང་ཁྱོན་འཐུས་མི་ ༤༥ ཡོད་པའི་ཁྲོད་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ས་མིག་ ༥ མ་གཏོགས་མེད་ཅིང་། དེ་ནི་རྩ་འབོར་གྱི་བརྒྱ་ཆ་ ༡༡ མ་གཏོགས་ཟིན་གྱི་མེད་སྟབས། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་ས་མིག་ཕྱེད་ཀ་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྤྱི་འཐུས་རྣམས་ལ་ཟུར་བཅད་གནང་དགོས་སྐོར་བརྗོད་ཡོད་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་གསར་ཁང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རང་རེའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དམངས་གཙོའི་གོ་རྟོགས་གོང་འཕེལ་ཆེད་བགྲོ་གླེང་སོགས་གོ་སྒྲིག་ཞུ་དགོས་སྐོར་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༤ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༧ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

མཆན། 2

  1. དོན་འགྲུབ་ཚེ་རིང་ says:
    ལོ་ 5 སྔོན།

    གསར་འགོད་ཡག་བཀོད་འདུག་དངོས་གནས་རྗེས་སུ་ཡིད་རངས་ཡོད་ལ་མུ་མཐུད་མང་ཙམ་གནང་སྐོང་ཡོང་བར་སྨོན་
    ཡིན་ཡང་སྤྱི་འཐུས་ཟུར་བཅད་གནང་དགོས་སྐོར་བརྗོད་པ་ཞེས་པའི་ཚིག་དེའི་ཚབ་ལ་གཞན་ཞིག་བད་བཅད་ན་ལེགས་གང་ཡིན་ཟེར་ན་དེ་ལ་བསམ་ཞིག་བྱས་ན་རྒྱ་གར་དང་ཕྱི་རྒྱལ་བར་ལ་འགལ་ཟླ་མི་བཟོ་བར་སྙམས་།།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    གལ་ཆེ་ཤོས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་པའི་ནང་གསེས་བཞི་པའི་ནང་འཁོད་པའི་
    བོད་ཀྱི་ཡུལ་མིའི་ཁྲིམས་ཡིག་བཟོ་དགོས་པ་དེ་སྤྱི་འཐུས་གྲོས་ཚོགས་ཀྱི་ཐུགས་འགན་ཆེ་ཤོས་དེ་མ་རེད་དམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese