མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་མཆུ་ཨང་ ༢༡ པ་རུལ་སོང་བའི་ཐག་གཅོད་བཀའ་ཁྱབ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༩ ཟླ་  ༡ ཚེས་ ༡༧ ཉིན་ནས་གཞུང་ཞབས་བགྲེས་ཡོལ་སྐལ་བཟང་ཕུན་ཚོགས་ཀྱིས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བགྲེས་ཡོལ་ཐོབ་ཐང་དང་འབྲེལ་བའི་ཁ་མཆུ་ཞུས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། གྱོད་ཡ་ཕྱོགས་གཉིས་ནས་ཁྲིམས་ཡིག་གཞིར་བཟུང་གི་འགན་ཁུར་ཚུལ་བཞིན་བླངས་མེད་པ་དང་། ཁྲིམས་ཞིབ་ཀྱི་བྱ་རིམ་མུ་མཐུད་འགྲོ་རྒྱུའི་གཞི་རྟེན་མེད་པ་ཆགས་པར་བརྟེན། ཁ་མཆུ་ཨང་ ༢༡ པ་ཁ་མཆུ་རུལ་བའི་ཐག་གཅོད་བཀའ་ཁྱབ་ཅིག་གནང་འདུག་པ་མ་ཟད།  སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༨༡ ནང་གསལ་ལྟར། གྱོད་ཡ་ཕན་ཚུན་ནས་ཁ་མཆུ་དེ་རང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གང་འདྲ་ཞིག་ཏུའང་སླར་ཡང་གསར་དུ་ཞུ་གཏུག་བྱ་རྒྱུའི་ཐོབ་ཐང་མེད་པའི་ཐག་གཅོད་བཀའ་ཁྱབ་བཏང་འདུག

དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཐའ་མའི་ཐག་གཅོད་བཀའ་ཁྱབ་ཏུ་རྒྱུ་མཚན་དོན་ཚན་བཞི་བཏོན་པའི་ནང་། གྱོད་ཡ་ཕྱོགས་གཉིས་ནས་ཁྲིམས་ཡིག་གི་བྱ་རིམ་གཞིར་བཟུང་ཁ་མཆུའི་གནད་དོན་ཐོག་འགན་ཁུར་ཚུལ་བཞིན་བླངས་མེད་པ་མ་ཟད། ཁྲིམས་ཞིབ་ཁང་གི་བརྡ་ཐོ་རིམ་ཅན་དུ་བཏང་བའི་ལམ་སྟོན་དང་ཐག་གཅོད་ཁག་ལའང་བརྩི་བཀུར་ཉམས་ལེན་བྱས་མེད་པ། གཉིས་པ་ཞུ་སྦྱོར་བའི་ངོས་ནས་རྩོད་གཞིའི་གནད་དོན་ཐོག་ཁ་མཆུ་གསར་འཛུགས་དང་། གྱོད་ཡ་དོ་བདག་གི་ཐོབ་ཐང་དང་འབྲེལ་མེད་ཀྱི་དགོས་འདུན་རིམ་འཛར་དུ་བཏོན་པ་དང་། ཁ་མཆུའི་གནད་དོན་ཁུངས་སྐྱེལ་སྒྲུབ་བྱེད་དུ་རང་ཉིད་ཀྱི་བསམ་ཚུལ་ཙམ་གཞི་ལ་བཞག་སྟེ་ཚོད་དཔག་གི་རྩོད་ཤགས་དང་། གུས་དང་བསྐྱར་བཅོས་སྔོན་བགྲེས་ཤག་གནང་ཡུལ་བགྲེས་ཡོལ་བ་གཉིས་ཀྱི་གནས་སྟངས་གཅིག་མཚུངས་ཡིན་པ་གང་ཞིག་ལ་གུས་པར་བགྲེས་ཤག་མ་གནང་བ་དང་། ཁོང་རྣམས་ལ་གནང་ཡོད་པ་ནས་གནས་སྟངས་མཚུངས་པར་གནང་སྟངས་མི་འདྲ་བ་བྱུང་ཡོད་པ་ར་སྤྲོད་བྱེད་ཀྱི་ཡོད་ཟེར་བ་ཙམ་ལས། ཁུངས་སྐྱེལ་དཔང་རྟགས་གཅིག་ཀྱང་འདོན་འབུལ་ཞུས་མེད་ལ། ཞུ་སྦྱོར་བའི་བསྒྲུབ་བྱ་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་དོན་ཚན་ ༡༢ (༣) བསྐྱར་བཅོས་གཏན་འབེབས་བྱས་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་དང་འགལ་ཡོད་མེད་ཀྱི་ཁྲིམས་དོན་གྱི་གནད་དོན་ལྟེ་བའི་ཐོག་སྒྲུབ་བྱེད་ཡང་དག་འདོན་འབུལ་བྱས་མེད་པ་མ་ཟད། སྣོན་འཕྲི་ཐེངས་མང་ཕྱིན་པའི་ཞུ་སྦྱོར་བའི་ཞུ་རྩའི་ནང་ཁུངས་སྐྱེལ་སྒྲུབ་བྱེད་བཀོད་ཡོད་ལུགས་བརྗོད་དེ། ཞིབ་གཅོད་ཀྱི་བྱ་རིམ་སྐབས་སུ་སྒྲིག་གཞི་དེ་ནུས་ལྡན་མིན་པ་ཇི་ལྟར་ཆགས་པའི་ཁུངས་སྐྱེལ་གྱི་འགན་ཁུར་བླངས་མེད།


གསུམ་པ་རྩོད་ལན་པའི་ངོས་ནས་གཏན་འབེབས་ཟིན་པའི་ཁ་མཆུའི་གནད་དོན་ཁུངས་སྐྱེལ་གྱི་སྐབས་སུ། ཁྲིམས་ཞིབ་ཁང་ནས་ ༢༠༢༠།༩།༡༡དང་། ༢༠༢༠།༡༡།༡༣ དང་། ༢༠༢༠།༡༡།༢༧ ཉིན་སོ་སོར་བསྟུད་མར་བརྡ་ཐོ་སྔ་རྗེས་ཁག་གསུམ་བཏང་སྟེ། ཁྲིམས་ཡིག་ལུང་འདྲེན་གྱིས་སྒྲིག་གཞི་སྲུང་སྐྱོབ་ཀྱི་ཁུར་འཁྲིའི་ལས་འགན་ལེན་དགོས་པའི་བཀོད་མངགས་ལམ་སྟོན་བྱས་པར། ཁྲིམས་ཡིག་གིས་བསྐུར་བའི་ལས་འགན་གཡོལ་རྐྱང་བྱས་ཡོད། བཞི་བ་གྱོད་ཡ་ཕྱོགས་གཉིས་ནས་ཁྲིམས་ཡིག་གཞིར་བཟུང་གི་འགན་ཁུར་ཚུལ་བཞིན་མ་བླངས་པར། ཁྲིམས་ཞིབ་བྱ་རིམ་མུ་མཐུད་འགྲོ་རྒྱུའི་གཞི་རྟེན་མེད་པ་ཆགས་པར་བརྟེན། ཁ་མཆུ་ཨང་ ༢༡ འདི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་་༢༡ པའི་ཐག་གཅོད་གནང་ལམ་ལ་གོ་བསྟུན་གྱིས། ཁ་མཆུ་རུལ་བར་ཐག་གཅོད་བྱས་པ་ཡིན་ན། ཞུ་སྦྱོར་བས་ཁྲིམས་དོད་ཇི་ཕུལ་ཁྲིམས་དྲུང་བརྒྱུད་ཕྱིར་ཞུ་ཆོག་རྒྱུ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༨༡ ནང་གསལ། གྱོད་ཡ་ཕན་ཚུན་དེ་རང་གིས་ཁ་མཆུ་དེའམ། གནད་དོན་དེ་རང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གང་འདྲ་ཞིག་ཏུའང་སླར་ཡང་གསར་དུ་ཞུ་གཏུག་བྱ་རྒྱུའི་ཐོབ་ཐང་མེད་པའི་ཐག་གཅོད་བཀའ་ཁྱབ་ཏུ། ཞེས་འཁོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཨང་ ༢༡ པར་ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་ཐོག་མའི་ཉན་ཞིབ་གནང་རྒྱུ་ཡིན་པའི་གསལ་བརྡ་བཏང་ཡོད་ཀྱང་། སྐབས་དེར་རྩོད་ལན་པ་དང་ཞུ་སྦྱོར་བ་གཉིས་ཀས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡིག་ཆ་རྣམས་དུས་ཐོག་ཕུལ་ཐུབ་མེད་པར་བརྟེན། ཁ་མཆུ་དེའི་ཉན་ཞིབ་ཐོག་མ་དེ་ཕྱིར་འགྱངས་གནང་དགོས་བྱུང་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉན་ཞིབ་ཀྱི་བརྡ་ཐོ་ཐེངས་གཉིས་པ་བཏང་བ་ལྟར། ཕྱི་ཚེས་ ༢༡ ཉིན་ཉན་ཞིབ་ཐེངས་གཉིས་པ་ཚོགས་ཡོད་པ་རེད།

 གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༢ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 4

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ང་ཚོའི་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་སྐབས་ཟབ་ནན་མ་བྱས་ན་ཐ་སྙད་འཇུག་ཡུལ་ནོར་ནས་ནམ་ཞིག་བོད་ཀྱི་སྐད་ཡིག་བོད་མི་རང་གི་ཉམས་ཆགས་མི་གཏོང་བའི་ངེས་པ་མེད་ན་ཚང་མས་ཟབ་ཟབ་གནང་དགོས་པ་ནི་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།
    རུལ་ཟེར་བའི་ཐ་སྙད་འཇུག་ཡུལ་ནི་རློན་ཤེར་ཅན་གྱི་དངོས་པོ་ལ་འཇུག་པ་ལས་ཁ་མཆུ་ལ་རུལ་རྒྱུ་ཡོད་པ་ཤེས་མ་སོང་ན་ཁ་མཆུ་ནུས་མེད་དུ་འགྲོ་སྲིད་པ་དང་ཁ་མཆུ་ནུས་མེད་གཏོང་སྲིད་པ་བཅས་ཁ་མཆུ་རུལ་སོང་ཟེར་བའི་ཐ་སྙད་དེ་ཚད་སྒྲུབ་ཡིན་པ་བློ་མ་བདེ་།

    Reply
  2. བཀྲ་ཤིས says:
    ལོ་ 5 སྔོན།

    ཁྲིམས་ཞིབ་ཁང་རུལ་བ་ཡིན་རྒྱུ་རེད།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ཁ་མཆུ་ཨང་ ༢༡ པ་རུལ་སོང་ཟེར་བའི་ཐ་སྙད་དེའི་ཚབ་ཏུ་ཁ་མཆུ་ཨང་ ༢༡ པ་ནུས་མེད་བཏང་བ་ཟེར་བའི་ཐ་སྙད་དེ་བཀོད་ན་རན་པ་དང་འོས་པ་མི་འདུག་གམ་?

    Reply
    • ཀུན་བཟང་སྒྲོལ་མ་ says:
      ལོ་ 5 སྔོན།

      ཁ་མཆུ་ཨང་༢༡པ་རུལ་སོང་ཟེར་བའི་ཐ་སྙན་དེའི་ཚབ་ཏུ་ཁ་མཆུ་ཨང་༢༡པ་ནུས་མེད་བཏང་བ་ཟེར་བའི་ཐ་སྙད་དེ་བེད་སྤྱོད་བྱེད་ན་རན་པ་ངས་
      ཀྱང་བསྙམ། གོང་དུ་གསུང་མཁན་དེ་ལ་རྒྱབ་སྐྱོར་ཡོད།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese