མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དབང་ཕྱུག་བཙོན་ནས་ཀློད་ཀྱང་འགྲོ་འདུག་ལ་རང་དབང་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་དབང་ཕྱུག་ལགས་བཙོན་གྲོལ་ཐོབ་ཡོད་ཀྱང་འབྱུང་འགྱུར་ལོ་ ༥ ནང་ཆབ་སྲིད་ཀྱི་ཐོབ་ཐང་མེད་ལ་དོགས་ཟོན་མྱུལ་ཞིབ་འོག་ནས་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་མེད་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་བོད་ནང་གི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་རྒྱའི་བཙོན་ཁང་ནས་ཀློད་གྲོལ་ཐོབ་ཡོད་སྟབས། དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཚན་པའི་ངོས་ནས་བཞུགས་སྒར་དྷ་སའི་མེ་གྷན་ཁྲོམ་གཞུང་དུ། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ངོ་སྤྲོད་ཀྱི་འཁྲབ་སྟོན་ལས་འགུལ་ཞིག་སྤེལ་བ་དང་སྦྲགས། བཀྲ་ཤིས་དབང་ཕྱུག་ལགས་ལ་མ་ཉེས་ཁག་གཡོག་བྱེད་མཁན་གྱི་ས་གནས་མགོ་འཁྲིད་ཚོར་ཞིབ་འཇུག་ཚད་ལྡན་བྱེད་དགོས་པ་མ་ཟད། བཀྲ་ཤིས་དབང་ཕྱུག་ལགས་ནས་ལོ་ ༥ རིང་ཉེས་མེད་བཙོན་འཇུག་ཁྲིམས་ཆད་མྱངས་པར་གུན་གསབ་སྤྲོད་དགོས་སྐོར་བརྗོད་འདུག

འཁྲབ་སྟོན་ལས་འགུལ་གྲུབ་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཚན་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར། བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་ཐག་བཅད་པའི་བརྒྱུད་རིམ་ཁྲོད་ནས་ག་དུས་ཀློད་གྲོལ་གཏོང་གི་ཡོད་མེད་འཁོད་ཡོད་སྟབས། ང་ཚོས་དངངས་སྐྲག་དང་བློ་འཚབ་ཀྱི་ཐོག་ནས་ཁོང་ཀློད་གྲོལ་ཡོང་རྒྱུར་རེ་སྒུག་བྱས་པ་རེད་ལ། རང་ཉིད་སྒེར་ལའང་བློ་འཚབ་ཆེན་པོ་སྐྱེས་བྱུང་། གང་ཡིན་ཟེར་ན། ཉེ་ཆར་རང་ལོ་ ༡༩ ཅན་གྱི་བོད་མི་དགེ་འདུན་པ་ཞིག་གིས་ཞི་བའི་ཐོག་ནས་རང་བཙན་འབོད་སྒྲ་བསྒྲགས་པའི་རྐྱེན་གྱིས་བཙོན་ཁང་ནང་ཚད་མེད་བཏང་རྐྱེན། མཐའ་མཇུག་དེར་ཚེ་སྲོག་ཤོར་བ་རེད། འདི་ལྟ་བུའི་གནས་ཚུལ་མང་པོ་ཐོན་གྱི་ཡོད་སྟབས། བཀྲ་ཤིས་དབང་ཕྱུག་ལགས་ལ་གནས་སྟངས་ལ་དངངས་སྐྲག་སྐྱེས་བྱུང་། ད་ལྟ་ཁོང་ཀློད་གྲོལ་ཐོབ་པ་དེར་དགའ་བ་སྐྱེ་བཞིན་ཡོད་ནའང་། མ་འོངས་པར་ཁོང་གི་གནས་སྟངས་ཇི་ལྟར་འགྱུར་མིན་ཐད་བློ་འཚབ་ཡོང་གི་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་དེ་བོད་ཀྱི་སྐད་ཡིག་ཐོབ་ཐང་གི་འཐབ་རྩོད་ཙམ་དུ་མ་ཟད་འགྲོ་བ་མིའི་ཐོབ་ཐང་གི་གནད་འགག་ཅིག་ཆགས་ཡོད་སྐོར་ལ། སྐད་ཡིག་ནི་མི་རིགས་ཤིག་གི་ངོ་བོ་མཚོན་གྱི་ཡོད་པ་ཚང་མས་ངོས་འཛིན་ཞུ་ཡི་ཡོད་པ་ལྟར། རྒྱ་ནག་གཞུང་གིས་གནད་དོན་དེ་ཧ་གོ་བཞིན་དུ་བོད་ནང་འཆར་གཞི་དང་ལྡན་པའི་ཐོག་ནས་སྐད་ཡིག་རྩ་མེད་གཏོང་རྒྱུའི་སྲིད་ཇུས་མང་པོ་གཏན་འབེབ་བྱས་ཡོད་པ་རེད། དཔེར་ན་ཉེ་ཆར་རྒྱ་ནག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་མི་རིགས་སོ་སོའི་སྐད་ཡིག་སྦྱོང་རྒྱུ་དེ་ཁྲིམས་འགལ་ཡིན་སྐོར་བཤད་ཡོད་པ་རེད། ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གྲངས་ཉུང་མི་རིགས་རྣམས་ལ་སོ་སོའི་སྐད་ཡིག་སྲུང་སྐྱོབ་ཀྱི་རང་དབང་ཡོད་ཅེས་པ་དེ་དག་ཚང་མ་རྩིས་མེད་ཡིན་ཟེར་ན། མ་འོངས་པར་བོད་ཀྱི་སྐད་ཡིག་གི་གནས་སྟངས་དེ་གང་འདྲ་ཞིག་ལ་འགྱུར་མིན་དེ་ཛ་དྲག་པོ་ཆགས་ཡོད། ཅེས་དང་། བཀྲ་ཤིས་དབང་ཕྱུག་གི་གནས་སྟངས་ཐོག་ནས་རྒྱ་ནག་དམར་ཤོག་གཞུང་གིས་རང་གིས་བཟོས་པའི་ཁྲིམས་རྣམས་རྩིས་མེད་གཏོང་གི་ཡོད་པ་དང་། དམར་ཤོག་ཚོགས་པའི་ལྟ་བ་ལངས་ཕྱོགས་གལ་ཆེ་ཤོས་སུ་འཛིན་གྱི་ཡོད་པ་ཁ་གསལ་པོ་ཆགས་ཡོད། ཅེས་བརྗོད་བྱུང་།

དེ་བཞིན་ཁོང་གིས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བཀྲ་ཤིས་དབང་ཕྱུག་ལགས་མ་ཉེས་ཁག་གཡོག་གི་ཐོག་ནས་ལོ་ ༥ རིང་བཙོན་འཇུག་བྱས་པ་དེར་གུན་གསབ་སྤྲོད་དགོས་པ་མ་ཟད། བཀྲ་ཤིས་དབང་ཕྱུག་ལགས་ལ་མ་ཉེས་ཁག་གཡོག་བྱེད་མཁན་གྱི་ས་གནས་ཀྱི་མགོ་འཁྲིད་གཙོས་པའི་འབྲེལ་ཡོད་རྣམས་ལ་ཞིབ་འཇུག་ཚད་ལྡན་བྱེད་དགོས་ལ། དེ་བཞིན་ཆབ་སྲིད་བཙོན་པ་གཞན་གྱི་གནས་སྟངས་ལའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཤུགས་ཆེ་བ་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་བྱུང་།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ད་ཐེངས་བཀྲ་ཤིས་དབང་ཕྱུག་ལགས་ཀློད་གྲོལ་ཐོབ་པ་དེར་དགའ་བསུ་བཞུ་བཞིན་འདུག་ཀྱང་། བཙོན་གྲོལ་ཐོབ་རྗེས་འབྱུང་འགྱུར་ལོ་ ༥ ནང་ཆབ་སྲིད་ཀྱི་ཐོབ་ཐང་མེད་ལ། རྒྱ་ནག་གཞུང་གི་དོགས་ཟོན་མྱུལ་ཞིབ་འོག་ནས་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་མེད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

ཆུ་ཚོད་ ༡༠ སྔོན་ལ།
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese