མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་ལས་བྱེད་ཀྱིས་མ་འདང་བར་བརྟེན་གོང་རིམ་ནས་བཀའ་ཁྱབ་འབྱོར་ཏེ་འདས་ལོའི་ཕྱི་ཟླ་ ༡༢ ནས་བཟུང་སྒོ་བརྒྱབས་ཟིན་ཡོད་ཀྱང་བསྐྱར་དུ་སྒོ་འབྱེད་ཐུབ་པར་ཐབས་ལམ་འཚོལ་བཞིན་འདུག

རྒྱ་གར་དབུས་གཞུང་གི་ཁྱབ་ཁོངས་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དྲ་རྒྱ་དང་། མཉེན་ཆས། ཡུ་ཊུབ་བརྒྱུད་ལམ་བཅས་ནང་འདས་ལོའི་ཕྱི་ཟླ་ ༡༢ ནས་བཟུང་། རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་སེམས་ནང་གི་སྐད་ཆ་ (Mann Ki Baat)ཞེས་པའི་ཟླ་རེའི་གནས་ཚུལ་དེ་མ་གཏོགས་གཞན་གསར་པ་གཅིག་རྐྱང་སྤེལ་མི་འདུག་པས།  དེ་རིང་འདི་གའི་གསར་འགོད་པས་རླུང་འཕྲིན་ཁང་དེའི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བསོད་ནམས་དབྱངས་ཅན་ལགས་སུ་ཞལ་པར་བརྒྱུད་རྒྱུ་རྐྱེན་ཅི་ཡིན་སྐོར་སྐད་ཆ་དྲིས་པར་ཁོང་མོས། བོད་སྐད་སྡེ་ཚན་ནང་ལས་བྱེད་ཀྱིས་མ་འདང་བའི་རྐྱེན་གྱིས་གོང་རིམ་ནས་བཀའ་ཁྱབ་འབྱོར་བ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༡༢ པའི་ནང་ནས་བཟུང་བོད་སྐད་སྡེ་ཚན་ཚུད་པའི་སྡེ་ཚན་ཁག་ཅིག་སྒོ་བརྒྱབས་ཟིན་ཡོད་པ་དང་། ད་ལྟའི་ཆར་བསྐྱར་དུ་སྒོ་འབྱེད་ཐུབ་པའི་ཐབས་ལམ་འཚོལ་བཞིན་ཡོད་སྐོར་བརྗོད་བྱུང་།

ཁ་སང་རྒྱ་གར་གྱི་པི་རིན་ཊི་(The Print) གསར་ཁང་གིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། མིང་བརྗོད་འདོད་མེད་པའི་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་ལས་བྱེད་ཟུར་པ་ཞིག་གིས། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་ནང་སྐད་ཡིག་སོགས་ཀྱི་ཤེས་ཚད་ལྡན་པའི་བོད་མི་ཉུང་ཤས་མ་གཏོགས་མེད་སྟབས། ཁོང་ཚོར་སྒྲིག་གཞིའི་ནང་གསལ་བའི་དུས་ཡུན་ལས་རིང་བ་ལས་ཀ་བྱེད་དུ་འཇུག་གི་ཡོད། འོན་ཀྱང་ཁོང་ཚོར་གླ་ཆ་འཕར་མ་གང་ཡང་སྤྲོད་ཀྱི་མེད་པ་རེད། དེར་བརྟེན་བོད་མི་ཚུད་པའི་སྐད་ཡིག་སྡེ་ཚན་གྱི་ལས་བྱེད་མང་པོ་རླུང་འཕྲིན་ཁང་གཡུགས་ཏེ་ལས་ཀ་གཞན་གྱི་རྗེས་སུ་སྙེག་གི་ཡོད་པ་རེད། ཅེས་བརྗོད་དེ། ད་ཐེངས་བོད་སྐད་སྡེ་ཚན་གྱི་ལས་རིམ་ཆད་དགོས་དོན་དེ་ལས་བྱེད་འདང་ངེས་མེད་པའམ་འཛིན་སྐྱོང་གི་ཆ་ནས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་དྲ་རྒྱའི་སྟེང་བཀོད་པའི་གསར་འགྱུར་གསར་ཤོས་ནི། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ ཉིན་སྤེལ་བའི་ཁ་བྱང་ལ་ Guru Nanak Jayanti གྱིས་རྒྱལ་ཡོངས་དང་ཕྱི་རྒྱལ་དུ་སྲོལ་རྒྱུན་གྱི་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། ཞེས་པ་དེ་ཡིན་པ་དང་། དེ་བཞིན་བོད་སྐད་སྡེ་ཚན་གྱི་ཡུ་ཊུབ་བརྒྱུད་ལམ་སྟེང་གསར་འགྱུར་གསར་ཤོས་དེ། འདས་ལོའི་ཕྱི་ཟླ་ ༨ ཚེས་ ༩ ཉིན་སྤེལ་བ་ཞིག་རེད་འདུག

སྤྱིར་འདས་ལོའི་ཕྱི་ཟླ་ ༦ པའི་ནང་ལ་དྭགས་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་རྗེས། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་བོད་སྐད་སྡེ་ཚན་དེ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། སྔར་དང་མི་འདྲ་བར་བོད་སྐད་ཚན་པའི་ནང་རྒྱ་གར་གྱིས་བོད་ཐོག་བཞག་པའི་ཤུགས་རྐྱེན་དང་། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གནས་སྟངས། དེ་བཞིན་རྒྱ་གར་གྱི་ཕྱི་འབྲེལ་གནས་སྟངས་སོགས་ཀྱི་སྐོར་ནས་གླེང་མོལ་དང་གནས་ཚུལ་འགོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། རྒྱ་གར་གྱི་གཞུང་འབྲེལ་རིན་མེད་དྷུར་དྷར་ཤན་བརྙན་འཕྲིན་བརྒྱུད་ལམ་ (DD Freedish) ནང་བོད་སྐད་ཀྱི་རླུང་འཕྲིན་ཚན་པ་ཁ་སྣོན་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

པི་རིན་ཊི་གསར་ཁང་གི་གནས་ཚུལ་ལྟར་ན། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་འདི་ཐོག་མར་ཧི་མ་ལ་ཡའི་རི་བརྒྱུད་དང་འབྲས་ལྗོངས། ཨ་རུ་ན་ཅལ་ནང་གནས་སྡོད་རྒྱ་གར་མི་སེར་བོད་སྐད་ཤེས་མཁན་རྣམས་ལ་དམིགས་ཏེ། ཕྱི་ལོ་ ༡༩༥༦ ལོར་མགོ་བརྩམས་པ་ཞིག་ཡིན་ཞིང་། ཉིན་རེར་རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་ ༥།༤༥ ནས་ ༦།༤༥ བར་ཆུ་ཚོད་ ༡ རིང་རྒྱང་སྲིང་ཞུ་ཡི་ཡོད་ནའང་། འདས་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་བོད་སྐད་སྡེ་ཚན་ཚུད་པའི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་འདུག་ཀྱང་། གནས་སྟངས་རིམ་པས་ཡར་རྒྱས་སོང་བ་དང་བསྟུན་རྒྱང་སྲིང་ལས་རིམ་གཞན་ཁག་བསྐྱར་གསོ་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གནས་ཚུལ།  

རྒྱ་གར་བོད་སྐད་རླུང་འཕྲིན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

སྲིད་སྐྱོང་མཆོག་ནས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྐར་མ ༧ སྔོན་ལ།
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

སྐར་མ ༥༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    འབྲེལ་ཡོད་འགན་ཁུར་ཚང་མས་ལས་དོན་མ་འགྲུབ་པ་མ་རེད་ནམ་?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese