མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་གི་ཡིག་ཆ་ནུས་མེད་དུ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༤ ཉིན་དབྱིན་ཡུལ་གཞུང་གིས་ཡུལ་དེའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་ (CGTN) གི་ཡུ་རོབ་ཡན་ལག་ལས་ཁུངས་ཀྱིས་ཆོག་མཆན་ལག་ཁྱེར་ཁྲིམས་འགལ་ཐོག་བེད་སྤྱོད་བཞིན་ཡོད་པ་ཤེས་རྟོགས་བྱུང་སྟེ་ནུས་མེད་དུ་བཏང་ཡོད་སྐོར་བསྒྲགས་འདུག

དེའི་ཐད་དབྱིན་གཞུང་གི་གསར་འགྱུར་དོ་དམ་ཁང་ (Ofcom) གིས་བསྒྲགས་ཡིག་ཅིག་སྤེལ་པའི་ནང་། རྒྱ་ནག་སྐར་མ་བརྒྱུད་ལམ་ (Star China Media Limited) གྱིས་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་གི་ཆོག་མཆན་ལག་འཁྱེར་ལ་འགན་འཁུར་བྱེད་ཀྱི་ཡོད་ནའང་། རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་གི་གནས་ཚུལ་གྱི་ནང་དོན་ལ་འགན་འཁུར་བྱེད་ཀྱི་མེད་པ་མ་ཟད། རྒྱ་ནག་སྐར་མ་བརྒྱུད་ལམ་ལ་གསར་ཁང་གཞན་གྱི་ལས་དོན་ལ་འགན་འཁུར་བྱེད་པའི་ཁྲིམས་མཐུན་ཡིག་ཆ་མེད་པ་དང་། དེའི་ཆོག་མཆན་ལག་ཁྱེར་ནི་གསར་འགྱུར་འདོན་སྤེལ་གྱི་ལག་ཁྱེར་མིན་སྐོར་དང་། རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་ནི་རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་སྟབས། ད་ལྟ་གསར་ཁང་དེར་ཆོག་མཆན་ཡི་གེ་སྤྲོད་ཐབས་མེད་སྐོར་བརྗོད་འདུག

དེ་བཞིན་བསྒྲགས་ཡིག་དེའི་ནང་། གསར་ཁང་ཞིག་གི་ཆོག་མཆན་ལག་ཁྱེར་ནུས་མེད་བཟོས་པ་ནི་གསར་ཁང་དེའི་སྨྲ་བརྗོད་རང་དབང་ལ་ཐེ་ཇུས་བྱས་པ་ཞིག་ཡིན་ནའང་། རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་ལ་དུས་ཚོད་འདང་ངེས་ཤིག་སྤྲད་དེ་དབྱིན་ཡུལ་གྱི་གསར་འགྱུར་དོ་དམ་གྱི་ཁྲིམས་དང་མཐུན་ཐབས་ཐེངས་མང་བྱས་པ་མ་ཟད། ཟླ་བདུན་ཙམ་གྱི་རིང་དགོས་ངེས་གྱི་གནས་ཚུལ་རྣམས་གསར་འགྱུར་དོ་དམ་ཁང་ལ་མཁོ་སྤྲོད་ཐུབ་མེད་སྐོར་དང་། འདས་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་རང་ལ་ཆོག་མཆན་ལག་ཁྱེར་སྤྲོད་དགོས་པའི་ཞུ་ཡིག་འབྱོར་ཡོད་ནའང་། དེའི་ནང་གནས་ཚུལ་ཁ་གསལ་བཀོད་མེད་སྐོར་སོགས་བསྒྲགས་འདུག

རྒྱ་ནག་གོ་ལའི་བརྙན་འཕྲིན་གྱི་ལག་ཁྱེར་ནུས་མེད་བཟོས་པའི་གནས་ཚུལ་ཐོན་མ་ཐག རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་དབྱིན་ཡུལ་གྱི་བྷི་བྷི་སི་གསར་ཁང་གི་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་གནས་ཚུལ་རྫུན་མ་སྤེལ་ཡོད་པ་མ་ཟད། ཉེ་ལམ་ཤར་ཏུར་ཀི་སི་ཐན་ནང་གི་རྒྱ་ནག་གཞུང་གི་ཡུ་གུར་མི་རིགས་ལ་འཛིན་པའི་སྲིད་ཇུས་དང་འབྲེལ། ཡུ་གུར་བ་རྣམས་བཀག་སྐྱིལ་བྱེད་སྐབས་བུད་མེད་རྣམས་ལ་བཙན་གཡེམ་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་ཕྱོགས་སུ་ལྷུང་ཡོད་པའི་སྐྱོན་བརྗོད་བྱས་འདུག་ལ། གནད་དོན་དབྱེ་ཞིབ་པས་དེ་ནི་དབྱིན་གཞུང་གིས་རྒྱ་ནག་གོ་ལའི་བརྙན་འཕྲིན་གྱི་ལག་ཁྱེར་ནུས་མེད་བཟོས་པའི་ཐད། རྒྱ་ནག་གཞུང་གིས་དབྱིན་གཞུང་ལ་རྒོལ་ལན་བསློགས་པ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

ཡང་རྒྱ་ནག་གཞུང་འབྲེལ་དྲ་བ་གོ་ལའི་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧོ་ཞི་ཅིན་ (Hu Xijin) གྱིས་སྒེར་གྱི་ཊི་ཝེ་ཊུར་སྟེང་། བྷི་བྷི་སི་གསར་ཁང་ནི་དབྱིན་ཡུལ་དང་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ངན་བསླབ་ལ་འབྲེལ་བ་དམ་པོ་ཡོད་པའི་དོགས་པ་ཆེན་པོ་ཡོད་པ་དང་། བྷི་བྷི་སི་ནི་ནུབ་ཕྱོགས་ཀྱི་མགྲིན་ཚབ་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་སྐོར་བཀོད་འདུག་ལ། རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) གྱིས་བྷི་བྷི་གསར་ཁང་གིས་སྤེལ་བའི་ཡུ་གུར་བུད་མེད་རྣམས་ལ་བཙན་གཡེམ་བྱེད་པའི་གནས་ཚུལ་དེ་ནི་གཞི་མེད་ཞིག་ཡིན་པས། བྷི་བྷི་སི་གསར་ཁང་གསར་འགོད་རིག་པའི་ཀུན་སྤྱོད་རྣམ་བཞག་དང་ཚབས་ཆེན་འགལ་ཡོད་སྐོར་བརྗོད་ཡོད་སྟབས། བྷི་བྷི་སི་གསར་ཁང་གིས་རྒྱ་ནག་ནང་གི་དངོས་ཡོད་དང་དྲང་བདེན་གཞིར་བཞག་ཐོག་གནས་ཚུལ་སྤེལ་ཡོད་པ་དང་། ཕྱོགས་སུ་ལྷུང་བ་དང་གནས་ཚུལ་རྫུན་མ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་དག་ལ་ངོས་ལེན་བྱེད་ཐབས་བྲལ་སྐོར་བརྗོད་འདུག

རྒྱ་ནག་གོ་ལའི་བརྙན་འཕྲིན་ཁང་ངམ་རྒྱ་ནག་རྒྱལ་སྤྱིའི་བརྙན་འཕྲིན་ཁང་ཞེས་རྒྱ་ཡིག་ནང་མིང་གཉིས་སྤྱོད་བཞིན་ཡོད་པ་དང་། གསར་ཁང་དེ་ནི་རྒྱ་ནག་དབུས་རླུང་བརྙན་འཕྲིན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱལ་སྤྱིའི་གསར་འགྱུར་ཚན་པ་ཞིག་ཡིན་ལ། རྒྱ་ནག་དམར་ཤོག་གི་ཆབ་སྲིད་ལངས་ཕྱོགས་སོགས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གཏོང་ཆེད་ཕྱི་ལོ་ ༡༩༩༧ ནས་ཐད་གཏོང་གི་ཚོད་ལྟའི་ལས་དོན་མགོ་བརྩམས་ཤིང་། ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ ཉིན་ཡུ་རོབ་སྡེ་ཚན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་དུ་བཙུགས་ནས་དབྱིན་སྐད་དང་ཨུ་རུ་སུའི་སྐད། སི་པིན་གྱི་སྐད། ཧྥ་རན་སིའི་སྐད། ཨ་རབ་ཀྱི་སྐད་སོགས་ཀྱི་ནང་གནས་ཚུལ་སྤེལ་བཞིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༧ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༩ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese