མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ནས་བོད་སོགས་ཀྱི་གནད་དོན་ཐོག་ལངས་ཕྱོགས་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༡/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་མཆོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཁྲི་ (Yang Jiechi)ལ་ཨ་རིའི་མངོན་འདོད་དང་དམངས་གཙོའི་རིན་ཐང་གི་ཐད་ལངས་ཕྱོགས་བརྟན་པོ་བཟུང་སྟེ་སྲུང་སྐྱོབ་བྱ་རྒྱུ་ཡིན་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༥ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇེ་ཁྲི་ (Yang Jiechi) ལ་ཁ་པར་བརྒྱུད་ཨ་རིའི་སྲིད་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་རིན་ཐང་ཐད་མུ་མཐུད་ལངས་ཕྱོགས་རྒྱུན་སྐྱོང་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག་ལ། དྲུང་ཆེ་མཆོག་གི་སྒེར་གྱི་ཊི་ཝེ་ཊུར་ནང་། པེ་ཅིན་གྱི་མགོ་ཁྲིད་ (Yang Jiechi) ལ་སྐད་ཆ་བཤད་སྐབས། ཨ་རི་ངོས་ནས་ཨ་རིའི་མངོན་འདོད་དང་། དམངས་གཙོའི་རིན་ཐང་གི་ཐད་ལངས་ཕྱོགས་བརྟན་པོ་བཟུང་སྟེ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་ལོག་སྤྱོད་བྱེད་བཞིན་པར་འགན་ལེན་དགོས་པ་ནན་ཏན་ཀྱིས་བརྗོད་ཡོད་སྐོར་བཀོད་འདུག

ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) མཆོག་གིས་རྒྱ་ནག་གི་ཆེས་མཐོ་མགོ་ཁྲིད་ (Yang Jiechi) ལ་ཁ་པར་བརྒྱུད། ད་ལྟའི་འབར་མའི་དྲག་དམག་གིས་སྲིད་དབང་བཙན་འཕྲོག་བྱས་པའི་ཐད་སྐྱོན་བརྗོད་བྱེད་དགོས་པ་དང་། ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་བྱས་ཏེ། ཐའེ་ཝན་མཚོ་འགག་ཚུད་པའི་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ལ་རྒྱ་ནག་གིས་འཇིགས་སྐུལ་བྱེད་བཞིན་པར་གདོང་ལེན་བྱ་རྒྱུ་ཡོད་སྐོར་སོགས་བརྗོད་ཡོད་འདུག་ལ། དེ་ནི་ཨ་རིའི་ཇོ་བྷའེ་ཌིན་སྲིད་གཞུང་གསར་པ་བསླེབས་རྗེས་ཀྱི་ཆེས་མཐོའི་དཔོན་རིགས་བར་ཕྱི་འབྲེལ་གྱི་གནད་དོན་ཐོག་ཚད་མཐོའི་འབྲེལ་མོལ་བྱུང་བ་ཐོག་མ་དེ་ཆགས་ཡོད་པ་རེད།

ཡང་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་རྒྱལ་སྲིད་ལས་ཁུངས་ (State Department) ཀྱི་མགྲིན་ཚབ་པས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་ནས་བཀའ་ལན་གནང་བའི་ནང་། རྒྱལ་སྲིད་དྲུང་ཆེ་མཆོག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རོ་བྷར་ཊི་ཌེ་ཊོ་རོ་སིས་ (Robert Detros) རྩ་དགོངས་ཞུས་པའི་ཚབ་ཏུ་གང་མགྱོགས་འབྲེལ་མཐུད་པ་གསར་པ་ཞིག་བསྐོ་བཞག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། ཨ་རིའི་ངོས་ནས་བོད་ཀྱི་མིང་དོན་མཚུངས་པའི་རང་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་ཁོར་ཡུག བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་རིག་གནས་དང་བཅས་པ་ཉར་ཚགས་བྱ་རྒྱུར་བརྩི་བཀུར་ཞུ་དགོས་སྐོར་གསུངས་ཡོད་འདུག དེ་བཞིན་ཨ་རིའི་གཞུང་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་མགོ་འཁྲིད་ཚོའི་ཐོངས་མཆན་བཀག་འགོག་དང་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་ཡང་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༦ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༨ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese