མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མདུན་ངོས་སུ་འཇོག་པའི་དུས་དེབ་གླེང་བ།

བོད་ཀྱི་དུས་བབ།
༢༠༢༡/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་བོད་ཀྱི་གནས་ཚུལ་རྣམས་བོད་མིས་འདོན་ཐུབ་ཚེ་གདེང་འཁེལ་བ་ཞིག་ཡོང་གི་ཡོད་པས་གཞོན་སྐྱེས་ཚོས་ཉམས་ཞིབ་ཀྱི་རྩོམ་ཡིག་གང་མང་བྲིས་ཏེ་ཉམས་ཞིབ་ཁང་ལ་བསྐུར་དགོས་པའི་འབོད་སྐུལ་གནང་གི་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་གློག་ཀླད་སྡེ་ཚན་གྱི་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉེ་ལམ་བཏོན་པའི་བོད་མདུན་ངོས་སུ་འཇོག་པ་ཞེས་པའི་དུས་དེབ་དང་འབྲེལ་ནས་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། བགྲོ་གླེང་ཐོག་དྲིལ་བསྒྲགས་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དང་ཕྱི་དྲིལ་རྒྱ་ཡིག་ཚན་པ། བདེ་སྲུང་ལས་ཁུངས་བཅས་ཀྱི་ལས་བྱེད་དང་། དེ་བཞིན་ས་རཱ་བོད་ཀྱི་མཐོ་སློབ་སོགས་ནས་ཁྱོན་མི་གྲངས་ ༣༠ ཙམ་འཛོམས་འདུག

ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མི་ན་གཞོན་ཉམས་ཞིབ་པ་ཚོས་བོད་ཡིག་གི་རྩོམ་གང་མང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ལ་བསྐུར་ཐུབ་ཚེ། ཉམས་ཞིབ་ཁང་དེས་བོད་ཡིག་གི་དུས་དེབ་དེའང་མཐུག་ཏུ་གཏོང་བའི་འཆར་གཞི་ཞིག་གི་ཐོག་འབད་བརྩོན་བྱེད་བཞིན་ཡོད་སྐོར་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་རེ་བ་དང་པོ་དེ་ནི་བོད་ཡིག་གི་ཐོག་ནས་གནས་ཚུལ་གང་མང་ཞིག་འདོན་རྒྱུ་དེ་ཡིན་ལ། གནས་ཚུལ་དེ་དག་ཕྱིའི་རྒྱལ་ཁབ་ཁག་ལའང་སྤེལ་དགོས་སྟབས། དབྱིན་ཡིག་ནང་འདོན་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པས། བོད་དབྱིན་གཉིས་ཀྱི་ནང་དུ་ཤུགས་རྒྱག་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

བགྲོ་གླེང་གི་དགོས་དམིགས་སྐོར་ལ་འགན་འཛིན་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ཕྱི་ལོ་ ༢༠༢༠ ལོའི་སྲིད་བྱུས་ཉམས་ཞིབ་ཁང་གི་དབྱིན་ཡིག་གི་དུས་དེབ་ནང་དུ་བོད་མདུན་ངོས་སུ་འཇོག་དགོས་པའི་བརྗོད་གཞིའི་ཐོག་ལ་དམིགས་བསལ་གྱི་རྩོམ་ཡིག་བསྡུས་ཏེ་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་ནང་གི་རྩོམ་སྒྲིག་པ་དགུ་ནས་སོ་སོའི་རྩོམ་ཡིག་ལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། དེའི་ཐོག་ལ་བགྲོ་གླེང་གནང་ཡོད་སྐོར་དང་། བོད་མདུན་ངོས་སུ་འཇོག་ཐུབ་རྒྱུ་ནི་བོད་མི་ཡོངས་ཀྱི་ལས་འགན་ཡིན་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དམིགས་ཡུལ་ཡང་ཡིན་སྟབས་ཉམས་ཞིབ་པ་དག་གི་བར་བགྲོ་གླེང་གོ་སྒྲིག་བྱེད་པ་དང་། གཞུང་འབྲེལ་དང་གཞུང་མིན་པའི་ཚོགས་པ་ཁག་གི་ནང་བོད་ནང་དང་རྒྱ་ནག དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་གི་གནས་ཚུལ་དང་འབྲེལ་གོ་བསྡུར་ཡོང་ཆེད་ཡིན་སྐོར། དེ་བཞིན་ས་ཕྱོགས་གང་སར་ཡོད་པའི་བོད་པའི་ཉམས་ཞིབ་པ་རྣམས་ཀྱིས་བོད་ཀྱི་གནས་ཚུལ་དང་འབྲེལ་ནས་ཆོས་དང་རིག་གཞུང་། སྐད་ཡིག  གོམས་གཤིས་སོགས་ཀྱི་རྩོམ་ཡིག་རྣམས་སྲིད་བྱུས་ཉམས་ཞིབ་ཁང་ལ་བསྐུར་ཚེ་འདོན་སྤེལ་བྱེད་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན་པའི་སྐུལ་མ་གནང་ཆེད་ཡིན་སྐོར་གསུངས་བྱུང་།

དེའི་རྗེས་གསར་འགོད་པས་བོད་མི་རང་གིས་བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་བྱ་རྒྱུར་གལ་གནད་ཅི་ཙམ་མཐོང་གི་ཡོད་སྐོར་དྲིས་པར་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མིས་བོད་ཀྱི་གནད་དོན་ཐོག་ཉམས་ཞིབ་བྱེད་པའི་ཐད་ཤུགས་ཧ་ཅང་ཆེན་པོ་རྒྱག་དགོས་པར་མཐོང་གི་ཡོད་པ་དང་། བོད་མི་མང་པོ་ཞིག་གིས་ཉམས་ཞིབ་བྱེད་སྐབས་སེམས་སུ་རྩོམ་ཡིག་བྲིས་རྗེས་དེ་སུས་འདོན་སྤེལ་བྱེད་པ་དང་། དེ་དང་འབྲེལ་ནས་གོ་སྐབས་ག་རེ་ཡོད་མེད་ཀྱི་དཀའ་ངལ་ཞིག་ཡོད་པ་མཐོང་གི་ཡོད་སྐོར་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྩོམ་ཙམ་མིན་པར་ལོ་རྒྱུས་དང་ཆབ་སྲིད་སོགས་དང་འབྲེལ་ནས་དཔེ་དེབ་པར་བསྐྲུན་བྱེད་པའི་གོ་སྐབས་སྤྲོད་ཀྱི་ཡོད་སྐོར། དེ་བཞིན་བོད་ཀྱི་གནས་ཚུལ་རྣམས་བོད་མིས་འདོན་ཐུབ་ཚེ་བོད་ཀྱི་འཐབ་རྩོད་དང་མི་རིགས་ཀྱི་ལ་རྒྱ་སོགས་གང་ཅིའི་ཐད་ནས་མི་རབས་རྗེས་མ་རྣམས་ལ་ལེགས་སྐྱེས་འབུལ་ཐུབ་པ་ཞིག་དང་། འཐབ་རྩོད་ཀྱི་ངོ་བོའི་ཐོག་ནས་གདེང་འཁེལ་བ་ཞིག་ཡོང་གི་ཡོད་པའི་རེ་བ་རྒྱག་གི་ཡོད་སྟབས། བོད་ཀྱི་གཞོན་སྐྱེས་ཚོས་ཉམསཞིབ་ཀྱི་རྩོམ་གང་མང་འབྲི་དགོས་སྐོར་གསུངས་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཐེངས་འདིའི་བོད་མདུན་ངོས་སུ་འཇོག་པའི་གལ་གནད་སྐོར་གྱི་བགྲོ་གླེང་ནང་། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཁག་ཅིག་གི་གཙོས་བོད་རིགས་གཞོན་སྐྱེས་ཉམས་ཞིབ་པ་ཁག་ཅིག་ནས་རྒྱ་ནག་གིས་ལོ་ལྔ་རེའི་མཚམས་སུ་ཚོགས་སྲོལ་ཡོད་པའི་བོད་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དང་དམིགས་བསལ་བོད་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྐོར་ལ་ཉམས་ཞིབ་དང་། བཙན་བྱོལ་བོད་མི་ཚོས་རྒྱ་གར་གྱི་ཆབ་སྲིད་དང་དཔལ་འབྱོར། སློབ་གསོ། བདེ་འཇགས་དང་རིག་གཞུང་བཅས་ཀྱི་ཐད་རམ་འདེགས་ཇི་ཙམ་གནང་ཡོད་མེད། བོད་ཀྱི་གནད་དོན་ནི་ཨེ་ཤ་ཡའི་བདེ་འཇགས་དང་འཇམ་པོའི་སྟོབས་ཤུགས་དང་འབྲེལ་བ་ཡོད་པ་མ་ཟད། བོད་ཀྱི་ཆུ་ནི་རྒྱ་གར་གཙོས་པའི་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་ཡིན་སྐོར། དེ་བཞིན། རྒྱ་དཀར་ནག་གི་འཐབ་འཁྲུག་ཁྲོད་ཀྱི་བོད་དང་། རྒྱ་ནག་གིས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁུལ་དུ་བཟུང་བའི་སྲིད་བྱུས་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་གི་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese