མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཛམ་གླིང་ནང་གི་སྡུག་ཤོས་རེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི ཚེས་ ༣ ཉིན་རང་དབང་ཁང་པས་ཕྱི་ལོ་ ༢༠༢༡ ལོའི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་ ༢༠༠ ལྷག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་དེ་ཡིན་པ་བཀོད་འདུག

རང་དབང་ཁང་པའི་སྙན་ཐོའི་ནང་། བོད་དང་སི་རི་ཡ་གཉིས་ཀྱི་ནང་སྤྱི་ཡོངས་ཀྱི་རང་དབང་གི་གནས་བབ་གྲངས་ཀ་བརྒྱ་ནས་གཅིག་གམ་ཡང་ན་སྡུག་ཤོས་ཡིན་པ་འདྲ་མཉམ་ཡིན་པ་དང་། བོད་ནང་ཆབ་སྲིད་ཀྱི་རང་དབང་གི་གནས་བབ་ནི་བཞི་བཅུ་ནས་གོར་ཐིག་མན་གྱི་གཉིས་དང་། སྤྱི་དམངས་ཀྱི་རང་དབང་གི་གནས་བབ་ནི་དྲུག་བཅུ་ནས་གསུམ་ཙམ་ཡིན་འདུག འོན་ཀྱང་བོད་དང་འབྲེལ་བའི་སྙན་ཐོ་རྒྱས་པ་གང་མགྱོགས་འདོན་འཆར་ཡོད་སྐོར་འགྲེལ་བརྗོད་བྱས་འདུག ཡང་སྙན་ཐོ་དེའི་ནང་བོད་ཁུལ་གྱི་རྒྱ་རིགས་དང་བོད་རིགས་གཉིས་ལ་རྒྱ་ནག་གཞུང་གིས་གཞི་རྩའི་རང་དབང་སྤྲོད་ཀྱི་མེད་ནའང་། དམིགས་སུ་བཀར་ནས་བོད་མིའི་ཆོས་དད་དང་རིག་གཞུང་དང་འབྲེལ་ནས་བོད་རིགས་རྣམས་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཆེད་དུ་རྒྱ་རིགས་གང་མང་བོད་ཁུལ་དུ་གནས་སྤོ་བྱེད་དུ་བཅུག་སྟེ་བོད་རིགས་རྩ་མེད་བཟོ་བའི་སྲིད་ཇུས་བཏང་ཡོད་སྐོར་བཀོད་འདུག

སྙན་ཐོ་དེ་དང་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཀེ་ཚེ་རིང་ལགས་ཀྱིས། རྒྱལ་སྤྱིའི་རང་དབང་ཁང་པའི་སྙན་ཐོའི་ནང་བོད་ནི་འཛམ་གླིང་གི་རང་དབང་སྡུག་ཤོས་ཀྱི་གནས་བབ་འོག་ཡོད་པའི་གནས་ཚུལ་ཐོན་པ་དེ་ནི་བོད་ནང་གི་བོད་མིའི་གནས་སྟངས་ཅི་ཙམ་ཇེ་སྡུག་ཏུ་ཕྱིན་ཡོད་པ་མཚོན་ཀྱི་ཡོད་པ་དང་། ང་ཚོའི་རེ་བར་འཛམ་གླིང་གི་རང་དབང་སྡུག་ཤོས་ཡིན་པའི་སྙན་ཐོ་འདི་ཡིས་འཛམ་གླིང་ཁྱོན་ཡོངས་ནས་བོད་དོན་ཐད་ཛ་དྲག་གི་གདོང་ལེན་བྱེད་དགོས་པའི་སྐུལ་མ་ཞིག་བྱས་པ་རེད། ཅེས་བརྗོད་འདུག

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་བོད་མི་རང་དབང་དང་འབྲེལ་ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ལ་རྒྱ་ནགགཞུང་གི་ཆོག་མཆན་དགོས་པ་ཁྲིནམས་སུ་བཅོས་ཏེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཞིག་རྒྱ་ནག་གཞུང་གི་འདོད་མོས་ལྟར་བསྒྲགས་རྒྱུར་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། གྲོང་རྡལ་ཀྱི་བོད་མི་ས་ཡ་ཕྱེད་ཀ་ཙམ་ས་གནས་ནས་གནས་སྤོ་རུ་བཅུག་སྟེ་དམག་དོན་རང་བཞིན་གྱི་ངལ་རྩོལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་སྐོར། དེ་བཞིན་བོད་རིགས་ས་ཁུལ་ཁག་གི་སློབ་གྲྭ་ཁག་ཏུ་བཙན་གྱིས་རྒྱའི་ཡིག་ཐོག་སློབ་ཁྲིད་བྱེད་ཐབབས་ཀྱི་ཡོད་པ་དང་། ད་ལྟའི་ཤར་ཏུར་ཀི་སི་ཐན་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་ (Chen Quanguo) དང་དེ་སྔོན་བོད་དུ་རྒྱ་ཆེའི་ཉུལ་ཞིབ་དང་དམག་སྡེ་རྒྱ་ཆེན་འཕེལ་རྒྱས་བཏང་བའི་སྲིད་བྱུས་དག་མུ་མཐུད་རྒྱ་བསྐྱེད་དུ་འགྲོ་བཞིན་ཡོད་པ། ད་ལྟ་བོད་ཀྱི་ཆབ་སྲིད་བཙོན་མ་ ༥༠༠ ལྷག་གི་རྒྱ་ནག་གཞུང་གི་བཙོན་འོག་ཏུ་མནར་གཅོད་མྱོང་བཞིན་པ་དང་། པྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༥༥ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་གནང་ཡོད་སྐོར་བཀོད་འདུག

འདས་ལོའི་རང་དབང་ཁང་པའི་སྙན་ཐོའི་ནང་འཛམ་གླིང་གི་རང་དབང་སྡུག་ཤོས་ནི་སི་རི་ཡ་དང་། སྡུག་ཤོས་གཉིས་པ་ནི་བོད་ཆགས་ཡོད་པ་རེད། འདི་ལོའི་སྙན་ཐོའི་ནང་། རང་དབང་སྡུག་ཤོས་གཉིས་པ་ནི་ཨེ་རི་ཊི་ཡ་ (Eritrea) དང་ལྷོ་སུ་དྷན་ (South Sudan) དེ་བཞིན་ཊོར་ཁི་མེ་ནེ་སི་ཐན་ (Turkmenistan) བཅས་དང་། སྡུག་ཤོས་གསུམ་པ་ནི་བྱང་ཀོ་རི་ཡ་ཡིན་འདུག་ལ། རྒྱ་ནག་ནི་སྡུག་ཤོས་དགུ་པ་དེ་ཡིན་འདུག ནོར་ཝེ་དང་སི་ཝེ་ཌན། ཧྥིན་ལན་ཌི་ ( Finland ) བཅས་གསུམ་ལ་རང་དབང་གི་གནས་བབས་བརྒྱ་ནས་བརྒྱ་ཡིན་འདུག་ལ། འཛམ་གླིང་གི་རང་དབང་གི་གནས་བབས་མཐོ་ཤོས་ཀྱི་རྒྱལ་ཁབ་གསུམ་དེ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese