མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་མང་མོས་གཏན་འབེབ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

སུད་སིའི་གཞུང་ནས་ཡུལ་དེའི་ནང་གནས་སྡོད་བོད་མི་རྣམས་ཀྱི་གནས་སྟངས་སྤྱི་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་ས་གནས་བོད་མིའི་རང་དབང་ལ་གནོད་སྐྱོན་གཏོང་བཞིན་ཡོད་པའི་ཐད་ཞིབ་འཇུག་སྙན་ཐོ་བཏོན་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབྱིན་ཡིག་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སུད་སིའི་གྲོས་ཚོགས་གོང་མས་ཚད་མཐོའི་མང་མོས་ཀྱི་ཐོག་ནས་ཁྲིམས་འཆར་ཨང་ ༢༠.༤༣༣༣ ཞེས་པ་ཞིག་གཏན་འབེབ་གནང་སྟེ།  སུད་སི་འཛིན་སྐྱོང་ངོས་ནས་སུད་སིའི་གྲོས་ཚོགས་ལ་ཡུལ་དེའི་ནང་གནས་སྡོད་བོད་མི་རྣམས་ཀྱི་སྤྱི་ཡོངས་ཀྱི་གནས་སྟངས་དང་། ལྷག་ཏུ་རྒྱ་ནག་གཞུང་གིས་སུད་སིའི་བོད་མི་རྣམས་ཀྱི་སྨྲ་བརྗོད་རང་དབང་ལ་ཚད་བཀག་དང་དོགས་ཟོན་སོ་ལྟ་བྱེད་བཞིན་པའི་གནས་སྟངས་ཐད་ཞིབ་འཇུག་སྙན་ཐོ་འདོན་དགོས་སྐོར་འཁོད་འདུག

དེ་ཡང་སུད་སིའི་གྲོས་ཚོགས་ཀྱི་དབྱར་ཁའི་ཚོགས་དུས་སྟེང་ཁྲིམས་འཆར་དེར་རྒྱབ་སྐྱོར་གནང་མཁན་འཐུས་མི་སྐུ་ཞབས་རོ་ལན་ཌི་ཧྥི་ཤར་ (Roland Fischer) ལགས་ཀྱིས། མའོ་ཙེ་ཏུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་གཅིག་གི་རྗེས་ཏེ། ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༧ ཉིན་རྒྱ་ནག་གི་དམག་མི་འབུམ་ ༤ ལྷག་བོད་ཀྱི་ཤར་ཕྱོགས་ནས་འཛུལ་བ་རེད། ཕྱི་ལོ་ ༡༩༥༩ ལོའི་མི་མང་གྱེན་ལངས་རྗེས་༧གོང་ས་མཆོག་དང་བོད་མི་ཁྲི་ ༨ ལྷག་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་རེད། རྒྱ་དམག་གིས་བོད་དེ་བཙན་འཛུལ་བྱས་ནས་ལོ་ངོ་ ༥༠ ལྷག་འགོར་གྱི་ཡོད་ནའང་། ད་དུང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་མུས་རེད། ཅེས་དང་། རྒྱ་ནག་སྒེར་གཅོད་སྲིད་གཞུང་གི་ལག་པ་དེ་ཡུ་རོབ་ལའང་སྙོབ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཞིབ་འཇུག་གི་གནས་ཚུལ་ལྟར་ན། རྒྱ་ནག་གིས་སུད་སིའི་ནང་གནས་སྡོད་བོད་མི་དང་ཡུ་གུར་མི་རིགས་རྣམས་ལའང་སོ་ལྟ་བྱེད་ཀྱི་ཡོད་ཅིང་། སུད་སི་ལ་རིག་གཞུང་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་ཚོད་འདུག ཅེས་བརྗོད་ཡོད་འདུག

དེ་བཞིན་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་ (Nicolas Walder) ལགས་ཀྱིས། སུད་སིར་གནས་སྡོད་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་བདེ་འཇགས་ལ་བློ་འཚབ་བྱེད་ཀྱི་ཡོད་པ་དང་། དོན་དངོས་ཐོག་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོས་ཁོང་ཚོར་སོ་ལྟ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་མ་ཟད། དེའི་མཉམ་དུ་འཇིགས་སྐུལ་དང་སྡིགས་ར་ཡང་སྐུལ་ཤུགས་ཆེ་རུ་ཕྱིན་ཡོད། དེར་བརྟེན་གྲོས་ཚོགས་ཀྱི་ཚོགས་ཆུང་ངོས་ནས་བོད་མི་རྣམས་ལ་སུད་སིར་གནས་སྡོད་མི་མང་གཞན་གཅིག་མཚུངས་ལྟར་བདེ་འཇགས་དང་རང་དབང་གི་ཐོག་ནས་གནས་ཐུབ་ཐབས་ལ་མཐུན་འགྱུར་ཞུ་དགོས། ཞེེས་བརྗོད་ཡོད་འདུག

ད་ཐེངས་ཀྱི་ཁྲིམས་འཆར་དེར་གྲོས་ཚོགས་འཐུས་མི་ ༡༣༤ ཡིས་རྒྱབ་སྐྱོར་དང་། འཐུས་མི་གྲངས་ ༤༨ ཀྱིས་དགག་བྱ་བཏོན་ཡོད་ལ། སུད་སིའི་གཞུང་གི་ཁྲིམས་དོན་དང་ཉེན་རྟོག་ལྷན་ཁང་གི་བློན་ཆེན་ལྕམ་སྐུ་ཀ་རིན་ཀེ་ལར་སཱ་ཊར་ (Kerin Keller-Sutter) དང་། ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨིག་ན་ཛིའོ་ཁེ་སིས་ (Ignazio Cassis) གཉིས་ཀྱིས་ཀྱང་འཛིན་སྐྱོང་གི་ཕྱོགས་ནས་ཁྲིམས་འཆར་དེར་རྒྱབ་སྐྱོར་བྱས་ཡོད་འདུག་པ་མ་ཟད། སུད་སི་འཛིན་སྐྱོང་ངོས་ནས་སུད་སིར་གནས་སྡོད་བོད་མི་རྣམས་གནས་སྟངས་སྐོར་གྱི་སྙན་ཐོ་གྲོས་ཚོགས་ལ་འབུལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

གཞན་ཡང་ཟླ་འདིའི་ཕྱི་ཚེས་ ༩ ཉིན་སུད་སིའི་གྲོས་ཚོགས་ཀྱིས་ཁྲིམས་འཆར་ཨང་ ༢༠.༤༣༣༤ གཏན་འབེབ་གནང་བའི་ནང་། སུད་སིའི་འཛིན་སྐྱོང་ངོས་ནས་སུད་སི་དང་རྒྱ་ནག་བར་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལག་བསྟར། མ་འོངས་འཆར་གཞི་བཅས་ཀྱི་ཐོག་ལ་སྙན་ཐོ་འདོན་དགོས་སྐོར་འཁོད་ཡོད་པ་རེད།

ད་ལན་གྱི་བོད་དོན་ཁྲིམས་འཆར་དེ་ནི་ཕྱི་ལོ་ ༢༠༡༨ ལོར་འཇར་མན་ནང་རྟེན་གཞི་བྱས་པའི་འཇིགས་སྐུལ་འོག་གི་མི་མང་ཚོགས་པ་ (Society for Threatened Peoples) ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། སུད་སི་དང་བོད་ཀྱི་མཛའ་འབྲེལ་ཚོགས་པ། སུད་སི་དང་ལེག་ཊེན་སི་ཊན་བོད་རིགས་ཚོགས་པ། སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས། ཡུ་རོབ་ཀྱི་བོད་རིགས་གཞོན་སྐྱེས་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་ནས་སུད་སིའི་གྲོས་ཚོགས་ལ་ཕུལ་བའི་ཞུ་སྐུལ་ཡིག་ཆ་གཞིར་བཟུང་ནས་བཟོས་པ་ཞིག་དང་། འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༩ ཉིན་སུད་སིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་སྲིད་ཇུས་ཚོགས་ཆུང་གིས་གྲོས་ཚོགས་ལ་བཏོན་པ་ཞིག་ཡིན་འདུག སྤྱིར་དེ་སྔོན་གྲོས་ཚོགས་ཀྱི་ཚོགས་ཆུང་དེས་སུད་སི་ཡིས་རྒྱ་ནག་གཅིག་གི་སྲིད་བྱུས་ངོས་ལེན་ཞུ་ཡི་ཡོད་པའི་རྒྱུ་མཚན་གྱིས་ཞུ་ཡིག་དེ་ངོས་ལེན་བྱས་མེད་པ་རེད་འདུག

གསར་འགོད་པ། ཀླུ་མགོན་ཐར། པར། བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༡༠ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༡༢ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese