མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་ཐོག་མཉམ་ཞུགས་བྱེད་པའི་གོ་སྐབས་མེད་པ་ཆགས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག་རྒྱལ་སྤྱིའི་ཀོ་ནི་ཧྥ་བུད་མེད་རྐང་སྤོལ་རྩེད་འགྲན་ཐོག་མ་ཕྱིར་འཐེན་བྱས་སྟབས། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་རྒྱལ་སྤྱིའི་ཀོ་ནི་ཧྥ་རྐང་སྤོལ་རྩེད་འགྲན་ཐོག་མཉམ་ཞུགས་བྱེད་པའི་གོ་སྐབས་མེད་པ་ཆགས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༣ ནས་ ༣༠ བར་ཡུ་རོབ་ཀྱི་རྒྱལ་ཁབ་རོ་མ་ནི་ཡའི་ (Romania) སི་ཁ་ལེར་ལན་ཌི་ (Szeklerland) ཁུལ་དུ་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་ཀོ་ནི་ཧྥ་ (CONIFA) རྐང་སྤོལ་མཐུན་ཚོགས་ཀྱི་ཆེས་ཐོག་མའི་རྒྱལ་སྤྱིའི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་བོད་ཀྱི་བུད་མེད་རུ་ཁག་མཉམ་ཞུགས་བྱ་གཏན་འཁེལ་ཡོད་ཀྱང་། ཁ་སང་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པའི་ངོས་ནས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག རྐང་སྤོལ་རྩེད་འགྲན་དེ་ཚོགས་ཐུབ་ཐབས་མེད་པའི་ཡོངས་བསྒྲགས་བྱས་ཡོད་པ་དང་། འདི་གར་གསར་འགོད་པར་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་མགོན་པོ་རྡོ་རྗེ་ལགས་ཀྱིས་བོད་པའི་བུད་མེད་རུ་ཁག་ཀྱང་མཉམ་ཞུགས་བྱ་ཐུབ་པའི་གནས་སྟངས་མེད་སྐོར་བརྗོད་བྱུང་།

མགོན་པོ་རྡོ་རྗེ་ལགས་ཀྱིས། མདང་དགོངས་ཀོ་ནི་ཧྥ་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པས་འཕྲིན་ཡིག་ཅིག་བཏང་སྟེ།  ཡུ་རོབ་རྒྱལ་ཁབ་རོ་མ་ནི་ཡའི་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག འཚོག་གཏན་འཁེལ་བའི་ཆེས་ཐོག་མའི་རྒྱལ་སྤྱིའི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་འཚོགས་ཐུབ་ཀྱི་མི་འདུག་ཟེར་གྱི་འདུག ཅེས་བརྗོད་བྱུང་བ་དང་། རྒྱལ་སྤྱིའི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ག་དུས་ཤིག་ལ་འཚོག་ཐུབ་མིན་ངེས་གཏན་མེད་སྟབས། ད་ལྟ་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ཀྱང་བསྡུ་མཚམས་འཇོག་དགོས་བྱུང་ཡོད་འདུག

ཀི་ནི་ཧྥ་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཚོགས་པས་རྩེད་འགྲན་ཕྱིར་འཐེན་བྱེད་དོན་གཙོ་བོ་གང་ཡིན་སྐོར་ལ་མགོན་པོ་ལགས་ཀྱིས། རྐང་སྤོལ་རྩེད་འགྲན་མཚམས་འཇོག་དགོས་དོན་ནི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་རེད་འདུག རྒྱུ་མཚན་གཞན་གང་ཡང་མི་འདུག ཅེས་བརྗོད་བྱུང་བ་དང་། ཉེ་སྔོན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་ངོས་ནས། བོད་རིགས་བུད་མེད་རྐང་སྤོལ་རྩེད་འགྲན་པ་གསར་པ་བསྡུ་རུབ་ཀྱི་གསལ་བསྒྲགས་གནང་ཞིང་། སྔོན་མ་ནས་རུ་ཁག་ནང་ཡོད་པ་རྣམས་ལ་འཕྲིན་ཡིག་ཕུལ་བ་བརྒྱུད་སྦྱོང་བརྡར་བྱེད་པར་ཡོང་དགོས་པའི་བརྡ་ཐོ་བརྒྱབ་ཡོད་ནའང་། ད་ལྟ་རྩེད་འགྲན་ཕྱིར་འཐེན་བྱས་སྟབས། དེ་རིང་ནས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་རྩེད་འགྲན་པ་མི་སྒེར་འཕྲིན་ཡིག་བརྒྱུད་རྩེད་འགྲན་མཚམས་འཇོག་དང་འབྲེལ་རྐང་སྤོལ་སྦྱོང་བརྡར་སོགས་ཀྱི་ལས་རིམ་ཡོངས་མཚམས་འཇོག་བྱས་པའི་བརྡ་ལན་སྤྲོད་ཀྱི་ཡོད་འདུག

ཀོ་ནི་ཧྥ་རྐང་སྤོལ་མཐུན་ཚོགས་ (Confederation of Independent Football Associations) འདི་ཐོག་མར་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༧ ཉིན། ཧྥི་ཧྥ་རྒྱལ་སྤྱིའི་རྐང་སྤོལ་མཐུན་ཚོགས་ཀྱི་ངོས་འཛིན་མེད་པའི་རྒྱལ་ཁབ་དང་ས་ཁུལ་གྱི་རྐང་སྤོལ་རུ་ཁག་རྣམས་ལ་དམིགས་ཏེ་མགོ་བརྩམས་པ་ཞིག་ཡིན་པ་དང་། ཆེས་ཐོག་མའི་རྒྱལ་སྤྱིའི་རྐང་སྤོལ་འགྲན་བསྡུར་དེ་ཕྱི་ལོ་ ༢༠༡༤ ལོར་སི་ཝེ་ཌན་དུ་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་མཐུན་ཚོགས་དེས་གོ་སྒྲིག་བྱས་པའི་རྐང་སྤོལ་རྩེད་འགྲན་ནང་ཞུགས་མྱོང་ཡོད། ད་ཐེངས་ཀྱི་རྒྱལ་སྤྱིའི་བུད་མེད་རྐང་སྤོལ་རྩེད་འགྲན་ནང་ཁྱོན་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་ ༦ གི་རུ་ཁག་མཉམ་ཞུགས་བྱ་འཆར་ཡོད་པ་དང་། བོད་ཀྱི་བུད་མེད་རུ་ཁག་དེ་སི་ཁ་ལེར་ལན་ཌི་(Szeklerland)དང་ཁ་མེ་རི་ཡ་ (Chameria) ཡི་རུ་ཁག་དང་འགྲན་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུར་སྤོབས་པ་ཡོད་ཅེས་གསུངས།

༢༠༢༦/༠༩/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese